མང་ཚོགས་ཀྱིས་སྒོ་ཁ་ནས་སྨན་པར་སྟོན་ཐུབ་པ་ནས་སྨན་བཅོས་ཆ་རྐྱེན་ཇེ་ལེགས་སུ་བྱིན།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས23ཉིན། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་བརྡ་ཁྱབ་བཏང་ནས། མཚོ་སྔོན་གྱིས་སྤུས་ལེགས་ཞབས་ཞུ་གཞི་རིམ་དུ་བསྐྱོད་པའི་བྱ་འགུལ་ལ་ནུས་ལྡན་སྒོས་སྐུལ་འདེད་བཏང་སྟེ།  རྒྱུན་མཐུད་སྒོས་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་བཏང་པ་དང་། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་འགན་ནུས་འཐུས་ཚང་དུ་བཏང་པ།   སྡེ་ཁུལ་གྱི་སྨན་ཁང་འཛུགས་སྐྲུན་ཤུགས་ཚད་ཇེ་ཆེར་བཏང་སྟེ། རིམ་པ་དབྱེ་ནས་སྨན་བཅོས་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ཏེ་ཕན་འབྲས་ཐོན་པར་སྔར་ལས་སྐུལ་འདེད་བཏང་།  མིག་སྔར། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ་བརྒྱད་དང་རྫོང་བཅུ་དགུ་ཡིས་སྡེ་ཁུལ་སྨན་ཁང་སུམ་ཅུ་འཛུགས་སྐྲུན་བྱས།  

ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་རྒྱུན་ཆད་མེད་པར་མ་དངུལ་བཏང་ནས་སྡེ་ཁུལ་སྨན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། རིམ་པ་ཁག་གི་འཕྲོད་བསྟེན་བདེ་ཐང་སྲིད་འཛིན་སྡེ་ཁག་གིས་རྨང་གཞིའི་ཚན་ཁག་ཆ་ཚང་སྒྲིག་སྦྱོར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་རིམ་པ་གཉིས་པའི་རིག་ཚན་དང་དེ་བཞིན་བདེ་ཐང་གསོ་རིག་དང་། ཀྲུང་བོད་སྨན་བཅོས། བུད་མེད་དང་བྱིས་པའི་བདེ་སྲུང་། ཁ་ནད་དང་། རྣ་ནད།  སྣ་དང་། མགྲིན་པའི་ནད།  བསམ་པའི(སེམས་ཁམས)འཕྲོད་བསྟེན། བདེ་འགོད་སྨན་བཅོས་སོགས་ཁྱད་ཆོས་ལྡན་པའི་ཚན་ཁག70ཙམ་བསྣན་ཡོད། དེ་དང་ཆབས་ཅིག་སྒྲིག་གཞིའི་ཚད་ལྡན་ཅན་གྱི་འཁོར་སྐྱོད་དོ་དམ་ལ་དམིགས་ཏེ། ནད་ཁང་འཛུགས་སྐྲུན་རྒྱ་ཆེར་གཏོང་བ་དང་སྨན་ཁང་དུ་སྡོད་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིས་གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིར་ཡིད་ཆེས་བྱེད་ཚད་དང་ཐོབ་སྣང་མུ་མཐུད་དུ་ཆེ་རུ་བཏང་། 

ཀྲུང(བོད)ལུགས་སྨན་རྫས་ཀྱི་ཁྱད་ཆོས་དང་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ།  ཀྲུང(བོད)།ུགས་སྨན་རྫས་ཀྱི་འོས་འཚམ་ལག་རྩལ་རྒྱ་ཁྱབ་ངང་ཁྱབ་སྤེལ་བེད་སྤྱོད་བྱས་ནས། ཀྲུང(བོད)ལུགས་སྨན་རྫས་ཀྱི་ཕྱོགས་བསྡུས་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་ཀྲུང(བོད)ལུགས་སྨན་པས་སྨན་བཅོས་བྱེད་ཚད་ཀྱིས32%ཡན་ཟིན་ཡོད། སྡེ་ཁུལ་སྨན་ཁང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་བརྒྱུད་ནས།  གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་ཚན་ཁག་བཀོད་སྒྲིག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་བ་དང་། སྒོ་བསྟེན་སྨན་ཁང་གི་རྒྱུན་མཐོང་ནད་དང་བྱུང་ཚད་མཐོ་བའི་ནད་ཀྱི་སྨན་བཅོས་ནུས་པ་དང་དེ་བཞིན་སྨན་ཁང་དུ་སྡོད་པའི་ཞབས་ཞུའི་ཆུ་ཚད་མངོན་གསལ་སྒོས་མཐོ་རུ་ཕྱིན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།