ཟླ2པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་གནམ་གཤིས་བརྟག་དཔྱད་ཅུས་ནས་རྒྱུས་ལོན་པ་ལྟར་ན། ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་སྐབས་སུ་གནམ་གཤིས་འགན་སྲུང་ཞབས་ཞུའི་བྱ་བ་སྣ་ཚོགས་ལ་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་བ་དང་། གནམ་གཤིས་སྡེ་ཁག་གི་སྔོན་ཚུད་འཆར་འགོད་བཀོད་སྒྲིག་བྱས་ཏེ། བྱ་བའི་འགན་འཁྲི་གསལ་བོ་དང་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་ཞིབ་ཕྲ་རུ་གཏོང་བ་བཅས་བྱས་ཏེ། གནམ་གཤིས་དེང་རབས་ཅན་འཛུགས་སྐྲུན་གྱི་གྲུབ་འབྲས་འཁོར་སྐྱོད་གང་ལེགས་བྱས་ནས། ལུགས་རྙིང་ལོ་གསར་སྐབས་ཀྱི་སྐྱེལ་འདྲེན་གནམ་གཤིས་འགན་སྲུང་ཞབས་ཞུའི་བྱ་བ་རང་འགུལ་ངང་ལེགས་པར་བསྒྲུབས་པ་དང་། གནམ་གཤིས་ཀྱི་གནོད་འགོག་དང་གནོད་འཚེ་ཉུང་གཏོང་གི་འགོག་སྲུང་འཛིང་རགས་མཐའ་གཅིག་ཏུ་བརྟན་སྲུང་བྱས་ཏེ། མི་དམངས་མང་ཚོགས་འགྲོ་སྐྱོད་བདེ་འཇགས་དང་བདེ་བླག་ཡོང་བར་དངོས་གནས་འགན་སྲུང་བྱས།
ཞིང་ཆེན་གནམ་གཤིས་ཞབས་ཞུ་ལྟེ་གནས་ཀྱིས“ལས་འགན་ལྕི་བ་དང་བླང་བྱ་མཐོ་བ། འགན་འཁྲི་ཆེ་བའི”འགྲན་སློང་ལ་དམིགས་ནས། “བདེ་འཇགས་ནི་དམངས་འཚོ་ཆེ་ཤོས་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། བདེ་འཇགས་ཐོན་སྐྱེད་ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་གྱི་གནམ་གཤིས་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས། ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་སྐབས་སུ་གནམ་གཤིས་ཞབས་ཞུའི་བདེ་འཇགས་འགན་སྲུང་དང་། ལུགས་རྙིང་ལོ་གསར་གྱི་སྐྱེལ་འདྲེན་སྐབས་སུ་སྒྲིག་ཆས་འཁོར་སྐྱོད་དང་། གཞི་གྲངས་བདེ་འཇགས། འཕྲལ་བསྟུན་དང་ལེན་སོགས་གཙོ་གནད་ལས་འགན་གོ་རིམ་ལྡན་པའི་སྒོ་ནས་བཀོད་སྒྲིག་བྱས་ཏེ། མང་ཚོགས་ཕྱི་རུ་བསྐྱོད་པ་དང་འགྲིམ་འགྲུལ། ཡུལ་སྐོར། ནགས་ཚལ་དང་རྩྭ་ཐང་སོགས་གཙོ་གནད་ལས་རིགས་སྡེ་ཁག་ལ་གནད་ལ་འཁེལ་བའི་གནམ་གཤིས་འདེགས་སྐྱོར་འདོན་སྤྲོད་བྱས།
དེ་དང་ཆབས་ཅིག“མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་གོང་དུ་བཀུར་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། “དུས་ནམ་ཡང་བློ་བདེ་ལ་མི་འབབ་པའི”འགན་འཁྲི་ཁུར་སེམས་ཀྱིས་བདེ་འཇགས་དང་ཐོན་སྐྱེད་ཀྱི་བྱ་བ་སྣ་ཚོགས་དམ་འཛིན་ནན་མོ་དང་ཞིབ་ཕྲ་རུ་གཏོང་དགོས། གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཁྱོན་ཡོངས་ནས་མངོན་མེད་རྐྱེན་ངན་ཞིབ་བཤེར་བྱེད་པ་དང་། གནད་དོན་གྱི་ཁྲིད་ཕྱོགས་དང་དམིགས་འབེན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། གཙོ་གནད་དང་འགག་རྩའི་རིམ་པར་དོ་སྣང་ནན་མོ་བྱས་ནས་ལས་སྒོའི་སྒྲིག་ཆས་ཀྱི་འཁོར་སྐྱོད་དང་། གཞི་གྲངས་དྲ་རྒྱ། ཆུ་དང་གློག་སྤྱོད་པ་སོགས་ཀྱི་བདེ་འཇགས་འགན་སྲུང་བྱས། འཕྲལ་བསྟུན་ཐག་གཅོད་དང་ལས་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བདེ་འཇགས་འགན་སྲུང་ནུས་པ་མཐོ་རུ་གཏོང་བ། བདེ་འཇགས་ཐོན་སྐྱེད་ཀྱི་འཕྲལ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ། གློ་བུར་དུ་བྱུང་བའི་གནས་ཚུལ་འཕྲལ་བསྟུན་ཐག་གཅོད་དང་བརྒྱུད་རིམ་ཞིབ་ཕྲ་བཟོ་བ། འགན་འཁྲིའི་ལས་བགོས་དང་དང་ལེན་རྐྱེན་སྲོལ་བྱ་ཐབས་གསལ་བོ་བཟོས། ཆེད་མངགས་ལས་རེས་དང་འགོ་ཁྲིད་ཀྱིས་ལས་སྣེ་ཁྲིད་པའི་ལམ་ལུགས་ནན་མོ་བྱས་ཏེ། ལས་རེས་མི་སྣས་ལས་གནས་སུ་ལས་འགན་སྒྲུབ་པ་དང་། ཆ་འཕྲིན་བརྒྱུད་སྤྲོད་ཤར་གཏོང་ཐུབ་པ་ཁག་ཐེག་བྱས་ཏེ། ཚན་ཁག་བར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་བསྣན། བྱ་བའི་སྒྲིག་ཁྲིམས་དང་སྤྱོད་གཙང་རང་གཅུན་གྱི་བླང་བྱ་བརྩི་སྲུང་ནན་མོ་དང་། བདེ་འཇགས་དང་ཐོན་སྐྱེད་ཀྱི་སྒྲིག་སྲོལ་ལམ་ལུགས་བརྩི་སྲུང་བྱེད་པ། བདེ་འཇགས་དང་ཐོན་སྐྱེད་དྲིལ་བསྒྲགས་དང་སློབ་གསོར་ཤུགས་སྣོན་པ། ལས་མི་ཡོངས་ཀྱི་བདེ་འཇགས་འདུ་ཤེས་དང་རང་ཉིད་འགོག་སྲུང་ནུས་པ་ཆེ་རུ་གཏོང་བ། ཕྱོགས་ཡོངས་ནས་ལུགས་རྙིང་ལོ་གསར་སྐབས་ཀྱི་གནམ་གཤིས་འགན་སྲུང་བྱ་བ་སྣ་ཚོགས་ཕྱོགས་ཡོངས་ནས་ལེགས་པར་བསྒྲུབས།