སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོའི་ཁྲོད་སྤྲོ་སྐྱིད་ཀྱི་ཀྲུང་གོའི་ལོ་སར་ལ་རོལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

མེ་ཕོ་རྟ་ལོའི་ལོ་སར་སྐབས་འདིར། ས་གནས་ཁག་གིས་བྱེད་སྒོ་སྣ་མང་སྤེལ་ཏེ། སྲོལ་རྒྱུན་དང་གསར་གཏོད་མཉམ་འདྲེས་བྱུང་ཡོད། མི་རྣམས་ཀྱིས་དམངས་སྲོལ་ལ་ལྟ་བ་དང་། གཟུགས་འདས་ཤུལ་བཞག་རིག་གནས་ལ་རོལ་བ། རི་ཀླུང་ཡུལ་སྐོར་བཅས་ཀྱིས་དུས་ཆེན་དགའ་བས་རོལ།

སྲང་ལམ་ནས་ཁྲོམ་ཚོགས་སུ་དམངས་སྲོལ་བྱེད་སྒོ་རེ་རེར་ལོ་སར་གྱི་མཁའ་དབུགས་ཟབ་མོ་ལྡན།  པེ་ཅིང་ཕིང་ཀུའུ་ཡ་ཅི་རི་བོའི་ལོ་སར་དུས་ཆེན་གྱི་ཚོགས་མཆོད་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ད་ལོར། ཚོགས་མཆོད་སྟེང་འཁྲུག་ཆ་དོད་པའི་མེ་ཏོག་འགྱོགས་བྱམས་དང་དར་ཤིང་། རྐང་ཤིང་རིང་པོ་སོགས་སྲོལ་རྒྱུན་གྱི་དམངས་སྲོལ་འཁྲབ་སྟོན་ཡོད་པ་མ་ཟད། ད་དུང་འཕྲུལ་འཁོར་ཁྱིའི་མཉམ་འགུལ་སོགས་ཚན་རྩལ་ཡུལ་སྐོར་གྱི་ཁྱད་ལྡན་རྣམ་གྲངས་ཀྱང་ཡོད་པ་རེད། གྲོང་མི་དང་ཡུལ་སྐོར་བར་ལོ་སར་དུས་ཆེན་གྱི་ཚོགས་མཆོད་རྣམ་པ་གསར་པ་ཞིག་བསྐྲུན་ཡོད། ཐེན་ཅིན་སྦྱར་ལྕང་ཆིང་ཀུའུ་གྲོང་རྡལ་དུ། ཞབས་བྲོ་དང་རྩལ་རྩེད་སོགས་རེས་མོས་ངང་འཁྲབ་སྟོན་བྱས་ཤིང་། སྲོལ་རྒྱུན་གྱི་གྱོན་ཆས་གྱོན་པའི་ལས་བཟོ་བ་དང་། ཡུལ་སྐོར་བས་མཉམ་འགུལ་བྱས་ཏེ་ཚང་མར་གནའ་བོའི་གྲོང་རྡལ་གྱི་ལོ་སར་གཏམ་རྒྱུད་བཤད་བཞིན་ཡོད། ཅང་སུའུ་དབྱང་ཀྲོའུ་རུ་ལོ་སར་དུས་ཆེན་སྐབས་གླིང་གར་བསྐྱོད་པའི་མི་མང་པོ་ཡོད།  འབྲུག་རྩེད་སེང་རྩེད་ཀྱི་གཟི་ཉམས་ལྡན་ཞིང་། རྟ་སྒྲོན་གྱི་གཟབ་མཆོར་ལེགས་པར་སྤྲས་ནས། མི་རྣམས་ཀྱིས་ལོ་སར་གྱི་དགའ་སྟོན་ལོངས་སུ་སྤྱོད་བཞིན་ཡོད།

ཀྲེ་ཅང་ཧང་ཀྲོའུ་ཡི་ཧྲོའུ་ཁྲང་གནའ་བོའི་གྲོང་རྡལ་དུ། མི་རྣམས་ཀྱིས་འཇིམ་བཟོ་བྱས་པ་དང་། རྡོ་པར་རྒྱག་པ་སོགས་གཟུགས་འདས་ཤུལ་བཞག་རིག་གནས་ནང་ཞུགས་ནས་ལོ་སར་ལ་རོལ།  ཧུའུ་པེའི་དབྱིན་ཧྲན་དུ་ངོ་མཚར་མེ་ཏོག་རྒྱུས་པའི་བརྩམས་ཆོས་ཀྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གི་ཡིད་དབང་བཀུག་ཡོད། ཨན་ཧུའེ་ཡི་ཧྥིན་དབྱང་དུ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཧྥིན་དབྱང་ཧྭ་ཀུའུ་རྔ་རྡུང་ནས་དགའ་སྤྲོའི་ངང་ལོ་སར་ལ་རོལ་བཞིན་ཡོད།

གྲོང་མི་ཀྲུའུ་ཙི་ཡེ་ཡིས་བཤད་རྒྱུར། མེ་ཕོ་རྟ་ལོའི་དགའ་སྐྱིད་ཚང་མ་རྔ་སྒྲ་ཁྲོད་འདྲེས་ཡོད། ང་ཚོ་མང་ཚོགས་ཀྱི་འཚོ་བ་ནི་བང་རྩལ་ངོམ་པའི་རྟ་མཆོག་དང་འདྲ་བས། རྟ་ལ་ལྕག་གིས་སྐུལ་བ་དང་། མདུན་དུ་མདུན་དུ་བསྐྱོད་དགོས་ཟེར།

སྒྲོན་སྡོང་གང་སར་ཡོད་པས་མཚན་མོ་མིན་པ་འདྲ། ཧོ་པེའི་ཞིན་ཐའེ་ཞིན་ཀྲོའུ་གནའ་གྲོང་ལ་བཀྲག་མདངས་འཚེར་ཡོད། ལྒང་བཞུ་དམར་པོ་སྟར་ཕྲེང་རེ་རེ་བཞིན་བཀལ་བ་དང་ཚོན་ཁྲ་ཅན་གྱི་ལྒང་ཞུ་སྣ་ཚོགས་ཕན་ཚུན་ལ་འཕྲོས་ཡོད་པས། ལོ་སར་གྱི་རྣམ་པ་ཕུན་སུམ་ཚོགས་པ་རེད། ཧུའུ་ནན་ཁྲང་ཧྲ་ཡི་ཧྲི་ཀྲུའུ་མཚེའུ་འགྲམ་དུ། ཚོན་ཁྲའི་ཤོག་སྦག་དང་ལྕགས་ཀྱི་མེ་ཏོག་མཉམ་དུ་བཞད་པ་དང་། མི་མེད་གནམ་གྲུ་སྟོང་ཕྲག་གིས་སྒུལ་རྣམ་ལོ་སར་གྱི་སྨོན་འདུན་ཞུ་བའི་རྣམ་པ་མང་པོ་བསྒྲིགས་ཡོད། ཧའེ་ནནཔའོ་ཐིན་ཆི་ཞན་གཙང་ངོས་སུ།  ཆུ་སྲིན་ཆེན་པོའི་དབྱིབས་ཀྱི་གློག་སྒྲོན་དལ་གྱིས་བསྐྱོད་པ་དང་།  མཚོ་འགྲམ་གྱི་གླུ་གར་སྐོར་སྐྱོད་དང་འོད་མདངས་ཕན་ཚུན་འཕྲོས་ནས། གྲོང་མི་དང་ཡུལ་སྐོར་བར་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།

གཞན་གཟུགས། གུང་གསེང་སྐབས་འདིར་མི་རྣམས་ཀྱིས་དཔྱིད་དཔལ་ཁྲོད་མེས་རྒྱལ་གྱི་མཛེས་སྡུག་ལྡན་པའི་རི་ཀླུང་ལ་ལྟ་བཞིན་ཡོད། ཁྲུང་ཆིང་གི་ཧྥིན་ཅེ་ཆུས་ཐང་འགག་ཏུ་ཡུལ་སྐོར་གྲུ་ལམ་ཤར་གཏོང་ཐུབ་པ་རེད། དྭངས་གཙང་ཆུ་བོ་དང་འགྲམ་གཉིས་ཀྱི་སྔོ་ལྗང་རི་ཀླུང་བཅས་རི་ཆུ་མཉམ་དུ་འཁྱུད་ཡོད། ཡུལ་སྐོར་བས་གུང་གསེང་རིང་ཕྱིར་སྐྱོད་པའི་བདེ་སྐྱིད་དུས་ཚོད་ལོངས་སུ་སྤྱོད་ཀྱི་ཡོད། ཀོང་ཏུང་ཀྲུང་ཧྲན་གྱིས་ད་ལོའི་ལོ་སར་དུས་ཆེན་སྐབས་མཚོ་ངོས་ལྟ་སྐོར་མཁའ་ལམ་ཐོག་མ་དེ་ཤར་གཏོང་བྱས་པ་རེད། མཁའ་ལམ་གྱི་ལམ་རྒྱུད་དུ་ཧྲིན་ཀྲུང་ཟམ་ཆེན་དང་ནུབ་མིའི་བཟོ་གླིང་སོགས་མཚོན་རྟགས་རང་བཞིན་གྱི་མཛེས་ལྗོངས་མང་པོ་སྦྲེལ་མཐུད་བྱས་ཡོད། མི་རྣམས་ཀྱིས་མཚོ་ཐོག་ནས་ཀོང་ཀྲུག་དང་ཞང་ཀང་། ཨའོ་མིན་བཅས་ཀྱི་ས་ཁུག་ཆེན་མོའི་ཐུན་མོང་མ་ཡིན་པའི་མཛེས་པ་མྱོང་ཐུབ། ཀོང་ཞི་ནན་ཉིང་ཆིན་ཞིའུ་ཧྲན་དུ། རིམ་བརྩེགས་ཀྱི་མེ་ཏོག་རྒྱ་མཚོར་དཔྱིད་དཔལ་རབ་ཏུ་བཞད་པ་དང་། ཚང་མས་མེ་ཏོག་ཁྲོད་ཀྱི་ལམ་དེད་ནས་འཆམ་འཆམ་བྱེད་པ་དང་། ཡང་ན་མེ་ཏོག་ལྡུམ་རའི་མཛེས་ལྗོངས་མདུན་ནས་པར་བླངས་ཏེ་དྲོད་འཇམ་གྱི་དཔྱིད་དཔལ་ཉམས་སུ་མྱོང་བཞིན་ཡོད།

གྲོང་མི་ཀྲའོ་ཅན་ཕིང་གིས་བཤད་རྒྱུར། ང་ཚོ་ཆིན་ཞིའུ་རི་བོར་ཐེངས་མང་པོར་འགྲོ་མྱོང་། ད་ལྟ་ཇེ་ཡག་ཏུ་སོང་ཡོད།  ང་ཚོའི་རྒྱལ་ཁབ་དང་འདྲ་བར་ཉིན་རེ་བཞིན་དར་རྒྱས་གོང་འཕེལ་འགྲོ་བཞིན་ཡོད་ཟེར།

ལོ་སར་དུས་ཆེན་སྐབས་འདིར་དམག་མི་ལ་དབང་བའི་ལོ་སར་རྣམ་པ་དེ་བྱང་རྒྱུད་ཀྱི་ཁ་བའི་ཁྲོད་དུ། འཐབ་མོ་བ་ཚོས་འགྲན་བསྡུར་ཛ་དྲག་བྱས་ཏེ་ཕན་ཚུན་སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་། ཞིན་ཅང་ལྷོ་རྒྱུད་ཀྱི་མེ་ཕུང་དགོང་ཚོགས་སྟེང་།  འཛུམ་མདངས་དང་མེ་ལྕེ་ཕན་ཚུན་ལ་འཕྲོས་ནས། དཔོན་དམག་རྣམས་ཁྱིམ་སྲུང་རྒྱལ་སྐྱོབ་ཀྱི་དཔའ་ངར་ཆེན་པོས་ཁེངས་ཡོད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།