གསར་འགོད་པས་ཚེས19ཉིན་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ནས་རྒྱུས་ལོན་པ་ལྟར་ན། སྤྱི་ཚོགས་ཡོངས་ཀྱི་ས་ཁོངས་ལས་བརྒལ་བའི་མི་སྣའི་འཁོར་རྒྱུག་བྱེད་ཚད་སྔོན་དཔག་བྱས་ན་མི་ཐེངས་དུང་ཕྱུར་གསུམ་བྱེ་བ་གསུམ་ས་ཡ་དགུ་ལས་བརྒལ་པ་དེ་ན་ནིང་གི་དུས་མཉམ་ལས11.5%འཕར་ཞིང་། ད་ལོའི་དཔྱིད་གསར་སྐྱེལ་འདྲེན་ཚུན་གྱི་ཉིན་གཅིག་གི་ཟིན་ཐོ་གསར་པ་བསྐྲུན་ཡོད།
ཚེས་གསུམ་ཉིན་དང་ཚེས་དྲུག ཚེས་དགུ་བཅས་ཀྱི་ཉིན་ལ་ཕྱི་ཕྱོགས་སུ་བསྐྱོད། དེ་རིང་ནི་ལུགས་རྙིང་གི་ལོ་སར་ཚེས་གསུམ་ཉིན་ཡིན་ལ། ཅང་ཞི་ཅི་ཨན་དུ་དུས་ཆེན་རྗེས་ཀྱི“གཏན་འཁེལ་གྱི་མྱུར་བགྲོད་ལྕགས་ལམ”ཐོག་མ་བཏང་ཞིང་། ལག་རྩལ་ལས་བཟོ་པ415མྱུར་བགྲོད་ལྕགས་ལམ་ལ་བསྡད་དེ་སུའུ་ཀྲོའུ་རུ་བསྐྱོད། ཁྲིན་ཏུའུ་དང་ཧྥུའུ་དབྱང་སོགས་ས་ཁུལ་གྱི་ལས་མིའི་འགྲུལ་རྒྱུན་སྔོན་ལ་སྤེལ་འགོ་ཚུགས་པ་དང་། མེ་འཁོར་འབབ་ཚུགས་ཀྱིས་པེ་ཅིང་དང་ཧྲང་ཧའེ། ཧྲེན་ཀྲེན་སོགས་ཀྱི་འགྲུལ་སྐྱེལ་མེ་འཁོར་སྔ་རྗེས་སུ་མང་དུ་བཏང་ཡོད། ཚེས19ཉིན་རྒྱལ་ཡོངས་ལྕགས་ལམ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་བྱེ་བ་གཅིག་ས་ཡ་གསུམ་འབུམ་བཞི་སྐྱེལ་འདྲེན་བྱས་ནས་འགྲུལ་སྐྱེལ་མེ་འཁོར747མང་དུ་གཏོང་རྩིས་ཡོད།
ཚེས19ཉིན་རྒྱལ་ཡོངས་ཀྱི་མྱུར་བགྲོད་གཞུང་ལམ་གྱི་རླངས་འཁོར་རྒྱུག་ཚད་སྔོན་དཔག་བྱས་ན་རླངས་འཁོར་ཐེངས་གྲངས་བྱེ་བ་དྲུག་ལས་བརྒལ་བ་དང་། ཞུས་ཁྲང་ནས་ཀོང་ཀྲིག་གི་མྱུར་བགྲོད་གཞུང་ལམ་གྱི་ཧུའུ་ནན་ལམ་མཚམས་དང་། པེ་ཅིང་ནས་ཧྲང་ཧའེ་བར་གྱི་མྱུར་བགྲོད་གཞུང་ལམ་གྱི་ཅང་སུའུ་ལམ་མཚམས་ཀྱི་རླངས་འཁོར་རྒྱུག་ཚད་ཅུང་ཆེ་བ་རེད། རླངས་འཁོར་ས་ཚིགས་དང་གནམ་གྲུ་འབབ་ཐང་། ཡུལ་སྐོར་ལྗོངས་ཁུལ་བཅས་དང་འབྲེལ་མཐུད་བྱེད་པའི་སྤྱི་སྤྱོད་འགྲིམ་འགྲུལ་ཇེ་མང་དུ་བཏང་སྟེ། འགྲུལ་པའི་བརྗེ་སྤོར་བྱེད་པར་སྟབས་བདེ་བསྐྲུན།
ཚེས19ཉིན་རྒྱལ་ཡོངས་དམངས་སྤྱོད་མཁའ་འགྲུལ་གྱིས་སྔོན་དཔག་བྱས་ན་འགྲུལ་པ་མི་ཐེངས་ས་ཡ་གཉིས་འབུམ་ལྔ་ལྔ་ཁྲི་སྐྱེལ་འདྲེན་བྱས་ནས། ན་ནིང་གི་དུས་མཉམ་ལས9.1%འཕར་ཏེ་དུས་གཏན་གནམ་གྲུ་ཆིག་ཁྲི་དགུ་སྟོང་ཉིས་བརྒྱ་སོ་བདུན་འགན་སྲུང་བྱས་ཡོད།