ས་གནས་སོ་སོ་ནས་གནམ་ལོ་གསར་བར་དགའ་དགའ་སྤྲོ་སྤྲོའི་ངང་རོལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལོ་སར་སྐབས་སུ་གང་སར་གླུ་དབྱངས་ལེན་བཞིན་ཡོད། མི་རྣམས་ཀྱིས་དགའ་སྤྲོའི་དགོད་སྒྲ་ལས་ལོ་སར་གྱི་སྤྲོ་བ་མཉམ་སྤྱོད་དང་བཀྲ་ཤིས་པའི་ལོ་སར་ལ་མཉམ་དུ་རྟེན་འབྲེལ་ཞུས།

ཁྲོམ་གཞུང་ཆེ་ཆུང་དུ། ལོ་སར་གྱི་རྣམ་པས་ཁེངས། ལེའོ་ཉིང་ཧྲིན་དབྱང་ལའོ་པེ་གྲོང་ཁྱེར་གྱི་ཚོགས་མཆོད་ཐོག་རྔ་སྒྲས་ཁེངས་ཤིང་། འབྲུག་བྲོ་འཁྲབ་སྟོན་དང་ལོ་རྟགས་བཅུ་གཉིས་ཀྱི་སྐོར་སྐྱོད་འཁྲབ་སྟོན་སོགས་དམངས་སྲོལ་བྱེད་སྒོས་མི་རྣམས་ཀྱི་ཡིད་དབང་བཀུག ལོ་སར་གྱི་གུང་གསེང་རིང་། ཉིན་ལྟར་ཚོགས་མཆོད་ལ་འགྲོ་མཁན་མི་ཐེངས་འབུམ་གཅིག་ལས་བརྒལ། པེ་ཅིང་ཧའེ་ཏེན་གྱི་ལོ་སར་གྱི་ཚན་རྩལ་ཚོགས་མཆོད་དེ་རིང་ནས་འགོ་ཚུགས། འཕྲུལ་མིའི་སེང་རྩེད་དང་། ཁབ་རྒྱུད་འདྲེན་པ། མཉམ་འབྲེལ་རྣོ་སྦྲེང་སོགས་ཀྱི་འཁྲབ་སྟོན་གྱིས་ཡུལ་སྐོར་བར“ཚན་རྩལ་གྱི་ཉམས་འགྱུར”ཚོར་ཐུབ་པར་བྱས། ནང་སོག་ཨ་ལ་ཧྲན་རྫོང་གི་ཚོགས་མཆོད་ཐོག་རྒྱལ་ཁབ་ཀྱི་དར་སྲོལ་སྐོར་སྐྱོད་ཡུལ་སྐོར་དང་། ཝུའུ་ཆའོ་རྩེད་རིགས། སེང་གེ་བྱང་མའི་འཁྲབ་སྟོན་སོགས་ཀྱིས་ཡུལ་སྐོར་བར་སྤྲོ་སྣང་སྦྱིན། ཧྲན་ཞིའི་ཐའེ་ཡོན་གྱི་ཅིན་མཆོད་ཁང་དུ་ཡུལ་སྐོར་བས་ཁེངས་ཡོད། གནའ་སྲོལ་ཞབས་བྲོ་དང་། དམངས་སྲོལ་འགྲེམས་སྟོན། གཟུགས་འདས་ཤུལ་བཞག་རིག་གནས་ཉམས་ལེན་སོགས་ཀྱིས་ཚང་མར་གནའ་བོའི་ཉམས་འགྱུར་ཁྲོད་ལོ་སར་གྱི་རྣམ་པ་ཚོར་ཐུབ་པར་བྱས་ཡོད། ཀན་སུའུ་ཡི་ཐེན་ཧྲུའེ་མའེ་ཅི་རི་བོའི་རི་འདབས་སུ། མི་རྣམས་ཀྱིས་སེང་རྩེད་ལ་བལྟ་བ་དང་ཆིན་ཆང་ཟློས་གར་ལ་ཉན་པ། གནམ་སྐུད་འཁྲབ་སྟོན་གྱིས་ཡུལ་སྐོར་བར་ལྟད་མོ་གྱ་ནོམ་པ་བཤམས། ཅང་ཞིས་ཅི་ཨན་ ཅི་ཀྲོའུ་ཡི་དོང་ཁང་ལྗོངས་ཁུལ་གྱིས་ལོ་སར་གྱི་བརྗོད་དོན་བྱེད་སྒོ་སྤེལ་ནས། ཡུལ་སྐོར་བར་སྲོལ་རྒྱུན་དང་དར་སྲོལ་མཉམ་འདྲེས་དང་། ལོ་སར་གྱི་རྣམ་པ་དང་སུང་གི་རྣམ་པས་ཕྱུག་པའི་ལོ་སར་སྤྲོ་ཚོགས་ཉམས་སུ་ལེན་དུ་བཅུག

ད་ལོའི་སྤྱི་ཁྱབ་ལས་ཁུངས་ཀྱི་ལོ་སར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་ཡང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་ཡོད། ཧེ་ལུང་ཅང་ཧ་འར་པིན་གྱི་གངས་འཁྱག་གི་འཇིག་རྟེན་དུ། ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བས་གངས་འཁྱགས་ཀྱི་ཁྲོད་བྱང་ཕྱོགས་ཀྱི་ལོ་སར་ལ་མྱོང་རོལ་བྱེད་དུ་བཅུག ཨན་ཧུའེ་ཧོ་ཧྥེ་རུ། “ཨན་ཧུའེ་ཡི་མིག”ཞེས་པའིགར་སྟེགས་གཙོ་བོ་རིན་མེད་ངང་སྤྱི་དམངས་ལ་སྒོ་ཕྱེ་བ་དང་གྲོང་མི་དང་ཡུལ་སྐོར་བ་གཅིག་རྗེས་གཉིས་མཐུད་ངང་ཡོང་། ལོ་སར་གྱི་མཚན་ཚོགས་དང་མཉམ་དུ་ལོ་སར་ལ་རྟེན་འབྲེལ་ཞུས། ཀྲེ་ཅང་གི་དབྱི་ཝུའུ་ལྷ་ཁང་གནའ་བོའི་གྲོང་རྡལ་གྱི་ཟམ་པའི་སྟེང་དུ། སྤུ་མདོག་དཀར་པོ་བརྒྱ་ལྷག་མཐའ་གཉིས་སུ་བསྲིངས་ཤིང་། མི་རྣམས་སྙན་གྲགས་ཐོས་ནས་ཡོང་། སི་ཁྲོན་དབྱི་པིན་དུ། “ལོ་སར་གྱི་སྐབས་དང་བསྟུན་ནས་དབྱི་པིན་ལ་འཁོར”ཅེས་པ་དེ་ལོ་སར་གྱི་རིག་གནས་ཡུལ་སྐོར་གྱི་དར་སྲོལ་གསར་པར་གྱུར་ཡོད།

ཁྲུང་ཆིང་གི་ཡུལ་སྐོར་བ་སུན་ཡན་གྱིས་བཤད་རྒྱུར། སྤྱི་ཁྱབ་ལས་ཁུངས་ཀྱི་ལོ་སར་དགོང་ཚོགས་ཀྱི་དབྱི་པིན་ཡན་ལག་ཚོགས་ར་ལ་བལྟས་པ་དང་། དེ་རིང་ཡང་ཡུལ་དངོས་སུ་ཡོང་བ་ཡིན། ཧ་ཅང་མཛེས་ལ་ཧ་ཅང་སྐྱིད། ཡུལ་དངོས་སུ་གློག་གིས་ཁེངས་ཤིང་། ལོ་སར་གྱི་རྣམ་པ་ཧ་ཅང་བཟང་།

ལོ་སར་གྱི་མཚན་མོར། ཚོན་མདངས་རྣམ་པར་བཀྲ། ཧུའུ་པེ་ཝུའུ་ཧན་གྱི་འོད་གྲིབ་འཁྲབ་སྟོན་གྱིས་མི་མེད་གནམ་གྲུ4000གིས་མི་རྣམས་ལ་ལོ་སར་གྱི་རྟེན་འབྲེལ་ཞུས། ཧོ་པེའི་ཀོང་ཧྥུའུ་གནའ་གྲོང་དུ་མི་རྣམས་གྲུ་ལ་བསྡད་ནས་མཚན་མོར་ཡུལ་སྐོར་དུ་སོང་བ་དང་། གནའ་མཁར་གྱི་ཐུན་མོང་མ་ཡིན་པའི་འགུག་ཤུགས་ལ་རོལ་མྱོང་བྱེད་ཐུབ་པ་མ་ཟད། ད་དུང་སྐུལ་འོད་དང་ཆུ་ཡོལ་བརྒལ་ཐུབ་ལ། འོད་གྲིབ་ཀྱི་འགྱུར་ལྡོག་ལས་བྱུང་བའི་མཐོང་ཚོར་གྱི་ཉམས་ལེན་མྱོང་ཐུབ། མཚོ་སྔོན་མཚོ་ཤར་གྱི་གློག་འོད་ཀྱིས་ཞིང་ས་ལ་དགའ་སྤྲོའི་རྣམ་པས་ཁེངས་སུ་བཅུག “ཕ་ཡུལ་དུ་ལོག་ནས་ལོ་སར་རོལ་བ”བརྗོད་དོན་བྱས་པའི་ལོ་སར་གྱི་རིག་གནས་ཡུལ་སྐོར་བྱེད་སྒོས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཅང་སུའུ་ཡི་ཧྥུ་ཉིང་གི་ཧེ་ལིན་གནའ་གྲོང་དུ། གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མེ་ལྕེ་རྡུང་བ་དང་མེ་དེམ་སོགས་འཁྲབ་སྟོན་བྱས་པ་བརྒྱུད་གནའ་བོའི་ཁྲོམ་གཞུང་དེ་རྨི་ལམ་ལྟ་བུ་ཞིག་ཏུ་གྱུར་ཡོད། ཧྥུའུ་ཅན་གྱིས་ལོ་སར་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ280ལྷག་སྤེལ་བ་དང་། ལུང་ཡན་དུ་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཁྲབ་སྟོན་གྱིས་ཕྱོགས་བཞི་མཚམས་བརྒྱད་ཀྱི་ཡུལ་སྐོར་བར་ལོ་རྒྱུས་ཀྱི་ནང་དོན་དང་དེང་རབས་ཀྱི་གསོན་ཤུགས་ལྡན་པའི་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་བཤམས།

ཡུལ་སྐོར་བ་ཝང་དབྱིན་གྱིས་བཤད་རྒྱུར། གནའ་མཁར་དང་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་ཟློས་གར་གཉིས་གཅིག་ཤས་གཅིག་གི་རྒྱན་དུ་གྱུར་ནས། ཧ་ཅང་ངོ་མཚར་ཆེ་ལ་ཧ་ལས་པ་ཞིག་རེད། ངའི་སྣང་བར་ཧ་ཅང་དགའ་པོ་བྱུང་ལ་ལོ་སར་གྱི་དགའ་སྟོན་གྱི་རྣམ་པས་ཁེངས་ཡོད་ཟེར།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།