ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་བློ་མཐུན་རྒན་པ་དང་ཆོས་ལུགས་སྡེ་ཁག་གི་མི་སྣ། ཏང་ཕྱིའི་མི་སྣ། ཆེད་ལས་མཁས་པ་དང་འཐབ་མོ་བ་རྒན་པ་བཅས་ལ་འཚམས་འདྲི་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ལུགས་རྙིང་ལོ་སར་ཚེས་ལ་ཉེ་དུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་བློ་མཐུན་རྒན་པ་དང་། ཆོས་ལུགས་སྡེ་ཁག་གི་མི་སྣ། ཏང་ཕྱིའི་མི་སྣ། ཆེད་ལས་མཁས་པ། འཐབ་མོ་བ་རྒན་པ་བཅས་ཀྱི་འཐུས་མིར་འཚམས་འདྲི་བྱས་ལ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཚང་མར་དུས་ཆེན་གྱི་རྟེན་འབྲེལ་དང་སྨོན་འདུན་བཟང་པོ་ཞུས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ལས་བྲལ་ལས་ཁྱེར་ངལ་གསོའི་བློ་མཐུན་རྒན་པ་སངས་རྒྱས་རྒྱལ་དང་། བདུན་གཅིག་གཟེངས་རྟགས་ཐོབ་མཁན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་་བཅས་ལ་ཁ་བརྡ་བྱས་ཤིང་། འཚོ་བ་དང་བདེ་ཐང་ཐད་ཀྱི་གནས་ཚུལ་ལ་ཐུགས་ཁུར་དང་རྒྱུས་ལོན་བྱས་པར་མ་ཟད། ན་ནིང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དང་ཕན་འབྲས་གསར་པ་མཚམས་སྦྱོར་ཞིབ་མོ་བྱས། ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ལྷག་བསམ་རྣམ་དག་སྒོས་སངས་རྒྱས་རྒྱལ་དང་ཝུའུ་ཐེན་དབྱི་གཉིས་ཀྱིས་མཚོ་སྔོན་འཕེལ་རྒྱས་ཐད་དཀའ་སྤྱད་སྡུག་རུས་ཀྱིས་རྨང་གཞི་བརྟན་པོ་བཏིངས་བར་བཀའ་དྲིན་ཆེ་ཞུས་ཤིང་། སྐུ་ལུས་ལ་བདག་སྐྱོང་དང་དགེ་མཚན་འདོན་སྤེལ་བྱས་ཏེ་མུ་མཐུད་རྩ་ཆེའི་བསམ་ཚུལ་བཏོན་ནས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྗེས་ཕྱོགས་ཀྱི་བྱ་བ་སྔར་ལས་ཡག་པོ་འཁྱོངས་བར་རོགས་འདེགས་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད།

ཝུའུ་ཞའོ་ཅུན་གྱིས་ཆོས་ལུགས་སྡེ་ཁག་གི་མི་སྣའི་འཐུས་མི་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཏང་ཕྱིའི་མི་སྣའི་འཐུས་མི། ཞིང་ཆེན་སྤྱི་ཚོགས་ཚན་རིག་གླིང་གི་ཡོན་ཀྲང་གཞོན་པ་ཨི་ཁྲུང་རུང་། ཆེད་ལས་མཁས་པའི་འཐུས་མི། མཚོ་སྔོན་སློབ་ཆེན་གྱི་སློབ་གཙོ་ཧྲི་ཡོན་ཁྲུན་བཅས་དང་བཞུགས་མོལ་བྱེད་སྐབས། ཁོ་ཚོས་འདས་པའི་ལོ་གཅིག་གི་ནང་བླངས་པའི་གྲུབ་འབྲས་ལ་ཁས་ལེགས་གང་ལེགས་བྱས་པ་དང་། ཁོ་ཚོས་མུ་མཐུད་དུ་རང་ངོས་ཁྱབ་ཁོངས་ནས་བྱེད་ནུས་ཧུར་ཐག་བཏོན་ཏེ། ཏང་གཅེས་རྒྱལ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། རིགས་སོ་སོའི་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་ངག་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་པར་སྣེ་ཁྲིད་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། མཚོ་སྔོན་གྱི་རིག་གནས་བང་མཛོད་སྔོག་འདོན་ཟབ་མོ་བྱས་ཏེ། ཤུགས་རྐྱེན་ཟབ་མོ་ལྡན་པའི་ཞིབ་འཇུག་གྲུབ་འབྲས་སྔར་ལས་མང་བ་བསྐྲུན་དགོས། མཐོ་རིམ་སློབ་གྲྭའི་ལས་དོན་ཁག་སོ་སོ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ཚན་རྩལ་དང་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་དགོས་ལ། མཚོ་སྔོན་གྱི་ཐོབ་དཀའ་བའི་རྣམ་པ་ལེགས་པོ་འདིར་མཉམ་དུ་སྲུང་སྐྱོབ་བྱེད་དགོས་ཞེས་སྐུལ་མ་བྱས།

དགུང་ལོ་གོ་དགུར་སོན་པའི་བློ་མཐུན་རྒན་པ། ཏང་ཡོན་རྒན་པ་ཀྲང་ཁུན་ཧྲན་སྔོན་ཆད་འཇར་འགོག་དམག་འཁྲུག་དང་བཅིངས་འགྲོལ་དམག་འཁྲུག མེ་འགོག་ཁྲའོ་རོགས་སོགས་ཀྱི་འཐབ་འཁྲུག་ཁྲོད་ཞུགས་མྱོང་། ལས་གནས་བསྒྱུར་རྗེས་མུ་མཐའ་བྲལ་བའི་མྱ་ངམ་ཐང་དུ་བསྐྱོད་ནས་མཚོ་ནུབ་འཛུགས་སྐྲུན་ཁྲོད་ཞུགས་པ་རེད། ལོ་བརྒྱར་སོན་ལ་ཉེ་ཡང་།     ཉིན་རེ་བཞིན་སྒྲ་སྡུད་འཕྲུལ་ཆས་ལ་ཉན་པའི་རྒྱུན་བསྐྱངས་ནས་རྒྱལ་ཁབ་ཀྱི་དོན་ཆེན་དང་མཚོ་སྔོན་འཕེལ་རྒྱས་ཐད་སེམས་ཁུར་བྱེད་བཞིན་ཡོད། ཝུའུ་ཞའོ་ཅུན་ཀྲང་ཁུན་ཧྲན་གྱི་ཁྱིམ་དུ་སོང་ནས་ཁོར་འཚམས་འདྲི་བྱས་ལ། ཁོས་གསར་བརྗེའི་འདས་དོན་གླེང་བ་དང་། ད་ལྟའི་མཚོ་སྔོན་འཕེལ་རྒྱས་ཀྱི་རྣམ་པ་ཧ་ཅང་ལེགས། དཔལ་འབྱོར་ཡང་སྒོར་ཁྲག་ཁྲིག་ཡན་ལ་སླེབས་སོང་ཞེས་འདས་མ་ད་གསུམ་གྱི་འགྱུར་ལྡོག་གླེང་བར་ཉན། ཝུའུ་ཞའོ་ཅུན་གྱིས་ཁོང་གིས་ཀྲུང་གོའི་གསར་བརྗེ་དང་། མཚོ་སྔོན་གྱི་འཕེལ་རྒྱས། མཚོ་ནུབ་འཛུགས་སྐྲུན་བཅས་ཀྱི་ཐད་བྱས་རྗེས་གལ་ཆེན་བཞག་པར་བཀའ་དྲིན་ཞུས་པར་མ་ཟད། ཁོང་ལགས་ནད་མེད་སྐུ་ཚེ་རིང་བའི་སྨོན་འདུན་ཡང་ཡང་ཞུས།

པད་གོ་དང་། ཀྲུའུ་ཞང་ཧྥེང། ཚའོ་ཅུན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།