ཝུའུ་ཞའོ་ཅུན་གྱིས་ལོ་གསར་སྔ་རོལ་དུ་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་བཅས་ལ་འཚམས་འདྲི་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

མེ་ཕོ་རྟ་ལོའི་ལོ་གསར་དུས་ཆེན་སླེབས་ལ་ཉེ་བ་དང་བསྟུན་ནས།     ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་མཁར་སྡེའི་དྲ་ཚིགས་དང་།     རྒན་གསོ་སྤྱི་ཤག     སྨན་ཁང་། དཔུང་སྡེ་སོགས་གཞི་རིམ་ཡུལ་དངོས་དང་པོར་བསྐྱོད་དེ་ལོ་གསར་སྐབས་ཀྱི་འགྲིམ་འགྲུལ་ཤར་གཏོང་དང་།     དམངས་ལ་སྟབས་བདེ་ཞབས་ཞུ།   རྒན་གསོ་སྨན་བཅོས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་།     ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་མཚོ་སྔོན་དུ་སྡོད་པའི་དཔུང་སྡེའི་དཔོན་དམག་བཅས་ལ་འཚམས་འདྲི་བྱས་པ་མ་ཟད།     ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་འཚམས་འདྲིའང་བྱས།

ལོ་གསར་སྐྱེལ་འདྲེན་འགོ་བརྩམས་པ་ན། ཞིང་ཆེན་ལམ་དྲ་འཁོར་སྐྱོད་ལྟ་ཞིབ་ཚད་ལེན་དང་འཕྲལ་བསྟུན་ཐག་གཅོད་ལྟེ་གནས་ཀྱིས་དུས་ཚོད24ཡི་རིམ་པ་གསུམ་གྱི་ལས་རེས་ལམ་ལུགས་ལག་བསྟར་བྱས་ནས་མང་ཚོགས་འགྲོ་འོང་བྱེད་པར་སྲུང་སྐྱེལ་བྱས།     ཝུའུ་ཞའོ་ཅུན་གྱིས་བརྙན་ཤེལ་ཆེན་པོ་བརྒྱུད་དེ་རླངས་འཁོར་རིགས་ཀྱི་ལྟ་སྐུལ་དོ་དམ་དང་བགྲོད་ལམ་གྱི་འཁོར་སྐྱོད་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱས་པ་དང་། ལོ་གསར་སྐྱེལ་འདྲེན་ནི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་གི་ཚོད་བགམ་ཆེན་པོ་ཞིག་ཡིན་པས་གཙོ་གནད་ལམ་ཐིག་དང་། རླངས་འཁོར། མི་སྣ་བཅས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ།     དུས་ཐོག་ཏུ་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ནས་རླངས་འཁོར་འགྲོ་འོང་བདེ་འཇགས་དང་བགྲོད་ལམ་ཤར་གཏོང་ཡོང་བར་འགན་ལེན་བྱེད་དགོས་པ་བསྟན།     “ས་ཚིགས་ནང་ཞབས་ཞུ་གང་དག་འདོན་སྤྲོད་བྱེད་ཀྱིན་ཡོད།”    “ད་དུང་དགོས་མཁོ་ཅི་ཞིག་ཡོད།” ཟི་ལིང་གྲོང་ཁྱེར་བགྲོད་ལམ་སྐྱེལ་འདྲེན་ལས་རིགས་ཀྱི་ཏང་གིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ས་ཚིགས་སུ་ཝུའུ་ཞའོ་ཅུན་གྱིས་གླ་གཏོང་རླངས་འཁོར་དང་དྲ་འབོད་རླངས་འཁོར་གྱི་ཁ་ལོ་བར་བརྩེ་བའི་ངང་ཁ་བརྡ་བྱས་ཤིང་།     ཁོ་ཚོའི་བྱ་བ་དང་འཚོ་བའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་དྲིས་ཏེ། ཁོ་ཚོར་གྲོང་ཁྱེར་གྱི“བདག་པོའི”འདུ་ཤེས་ཆགས་པར་བྱས་ནས་སྤྱི་ཚོགས་ཀྱི་བཅོས་སྐྱོང་ནང་ཧུར་ཐག་གིས་ཞུགས་ཏེ། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་སྐྲུན་མཉམ་བཅོས་མཉམ་སྤྱོད་བཅས་བྱ་རྒྱུའི་སྐུལ་ལྕག་གནང་།    

ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུས་བརྒྱད་གཅིག་ལམ་སྲང་ལམ་པོ་ཡ་ལམ་ལྷོ་ཕྱོགས་ཀྱི་མཁར་སྡེ་རུ་གློག་སྒྲོན་བཀལ་ནས་སྤྲོ་སྣང་གིས་ཁེངས་ཡོད། ཝུའུ་ཞའོ་ཅུན་ལོ་གསར་ཆ་ཡིག་འབྲི་བཞིན་པ་དང་ལག་ཤེས་ལས་བཞིན་པ། ཞབས་བྲོ་འཁྲབ་སྦྱོང་བྱེད་བཞིན་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་གམ་དུ་སོང་སྟེ་འཚོ་བའི་སྐོར་ཁ་བརྡ་དང་།  བདེ་སྡུག་འདྲི་བ། ལོ་གསར་སྐོར་གླེང་བ་བཅས་བྱས།    མཁར་ནུབ་ཆུས་ཐུང་ཧའེ་ལམ་སྲང་ལམ་གྱི་ཕྱོགས་བསྡུས་རྒན་གསོ་ཞབས་ཞུའི་ལྟེ་གནས་ཀྱི་ཁོར་ཡུག་གཙང་དག་དང་རྣམ་པར་དྲོད་ཁོལ་ལྡན།     རྒན་རྒོན་ཚོས་དེ་གར་ཚེ་སྨད་སྐྱིད་པོར་རོལ་བ་མཐོང་བས།     ཝུའུ་ཞའོ་ཅུན་གྱིས་ལས་བྱེད་མི་སྣར་མུ་མཐུད་དུ་སེམས་ཤུགས་དང་བརྩེ་བར་བརྟེན་ནས་ཞབས་ཞུ་ལེགས་པོ་བསྒྲུབ་དགོས་པའི་མངག་བཅོལ་བྱས།     མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་བཞིའི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ནས་མི་རིགས་ཁག་བར་གྱི་རྒྱ་ཁྱབ་ཀྱི་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་སྤེལ་བཏང་ནས་སྤྱི་ཚོགས་སྔར་བས་བདེ་སྐྱིད་དང་འཆམ་མཐུན་ཡོང་བར་སྟོབས་ཤུགས་འབུལ་དགོས་པ་ནན་གྱིས་བསྟན།     ཝུའུ་ཞའོ་ཅུན་གྱིས་ད་དུང་ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་བཅོས་མི་སྣར་འཚམས་འདྲི་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་དེ་འཕྲོད་བསྟེན་བདེ་ཐང་གི་ཆུ་ཚད་མཐོ་རུ་གཏོང་བའི་ཐད་མངོན་པར་བྱས་ནས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་སྔར་བས་སྤུས་ལེགས་དང་ལས་ཆོད་ཆེ་བའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་དགོས་ཞེས་བསྟན།    

མཚོ་སྔོན་དུ་སྡོད་པའི་དཔུང་སྡེ་ག་གེ་མོ་ཞིག་གི་ལས་ཁུངས་སུ་ཝུའུ་ཞའོ་ཅུན་གྱིས་དཔུང་སྡེའི་དཔོན་དམག་གི་སྦྱོང་བརྡར་དང་སློབ་སྦྱོང་གི་གནས་ཚུལ་ལ་ལྟ་ཞིབ་དང་རྒྱུས་ལོན་བྱས་ཤིང་། དཔུང་སྡེ་ཡིས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་།   ཉེན་སེལ་རྒུད་སྐྱོབ་ནང་ཧུར་ཐག་ཞུགས་པ།   བདེ་འཇགས་བརྟན་བརླིང་སྲུང་སྐྱོང་བཅས་བྱས་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུས།     ཚང་མས་ཞི་ཅིན་ཕིང་གི་དམག་སྟོབས་དགོངས་པས་མཛུབ་ཁྲིད་བྱས་ནས། སྲོལ་རྒྱུན་བཟང་པོ་རྒྱུན་སྲུང་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་པ། རྒྱལ་ཁ་ཐོབ་པའི་ནུས་པ་མཐོར་འདེགས་བཅས་བྱས་ནས་དམག་འཛུགས་བརྒྱ་ལོའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱ་རྒྱུའི་རེ་བ་བཅངས་ཡོད་ཅེས་བསྟན།

ཝུའུ་ཞའོ་ཅུན་གྱིས་ལོ་གསར་སླེབས་ལ་ཉེ་བས།  མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོ་ཆགས་དགོས་པ་དང་།   དཀའ་ངལ་ཡོད་པའི་ཉམ་ཐག་ཚོགས་སྤྱིར་དོ་ཁུར་དང་གཅེས་སྐྱོང་བྱས་ཏེ།     དམངས་འཚོའི་ཚོང་ཟོག་གི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས། ཏང་དང་སྲིད་གཞུང་གི་དྲོད་ཁོལ་དང་ཐུགས་ཁུར་དེ་ཁྱིམ་ཚང་ཁྲི་མ་འབུམ་ལ་སྐྱེལ་དགོས་ཤིང་། ཉེན་ཁ་སྔོན་འགོག་དང་།  བདེ་འཇགས་སྲུང་སྐྱོབ།     བརྟན་བརླིང་སྲུང་སྐྱོང་བཅས་གང་ལེགས་བྱེད་པ་དང་།     བདེ་འཇགས་ཐོན་སྐྱེད་ཀྱི་ཚད་མཐའ་བརྟན་སྲུང་དང་།     འགལ་བ་དང་རྩོད་གཞི་འགོག་སེལ།     དུས་ཆེན་སྐབས་ཀྱི་ལས་རེས་དང་ལས་སྲུང་ལེགས་པོ་བཅས་བྱས་ནས་དོན་རྐྱེན་འབྱུང་ཚད་ཇེ་ཉུང་དུ་གཏོང་གང་ཐུབ་བྱེད་དགོས།    ས་གནས་དང་འཚམ་པ་དང་ཡིད་འགུག་ནུས་པ་ལྡན་པའི་དུས་ཆེན་བྱེད་སྒོ་ཇུས་འགོད་ཞིབ་ཚགས་ཀྱིས་རྩ་འཛུགས་བྱས་ཏེ། འཛད་སྤྱོད་ཀྱི་ལས་རྣམ་རྒྱུན་ཆད་མེད་པར་གསར་གཏོད་དང་།     འཛད་སྤྱོད་ཀྱི་རྣམ་པ་རྒྱ་ཆེར་གཏོང་བ།    གུང་གསེང་གི་རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་བཅས་བྱས་ཏེ། བདེ་འཇགས་དང་སྤྲོ་སྣང་གིས་ཁེངས་པའི་དུས་ཆེན་ཞིག་རོལ་བའི་རྣམ་པ་འབད་པས་བསྐྲུན་དགོས་པ་ནན་གྱིས་བསྟན།    

ཝང་ཝེ་ཏུང་དང་། དབྱང་ཀྲི་ཝུན། ཁྲེང་ཅི་ཝེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས། 

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།