ཟླ2པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་དཔོན་གྱི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། བྱ་བར་སྤྱི་བསྡོམས་དང་གནས་བབ་དབྱེ་ཞིབ། 2026ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བཅས་བྱས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཞིབ་དཔྱོད་དཔོན་ཀྲ་ཆིང་ཅིའུ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།
གྲོས་ཚོགས་ལས2025ལོར། ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་དང་། ཆེས་མཐོའི་ཞིབ་དཔྱོད་ཁང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱ་བའི་བཀོད་སྒྲིག་དངོས་འབེབ་ནན་མོ་བྱས་ཏེ། བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་འགན་འཁྲི་ལྷག་བསམ་རྣམ་དག་གིས་ལག་བསྟར་བྱས་ནས། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་གཞི་རེ་རེ་མུ་མཐུད་དུ་དོན་འཁྱོལ་ལེགས་པོ་བྱས་ཏེ། ཞིབ་དཔྱོད་བྱ་བ་སྣ་ཚོགས་ལ་གྲུབ་འབྲས་གསར་པ་བླངས་ཡོད་ཅེས་བསྟན།
གྲོས་ཚོགས་ལས2026ལོར་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཆེས་མཐོའི་ཞིབ་དཔྱོད་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་བྱས་ཏེ། “གཏན་ཕབ་གཉིས”ལ་མཐའ་གཅིག་ཏུ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”བློ་བརྟན་འགྱུར་མེད་ངང་སྒྲུབ་པ། ཏང་གིས་ཞིབ་དཔྱོད་བྱ་བའི་འགོ་ཁྲིད་ལ་མཐའ་གཅིག་ཏུ་རྒྱུན་འཁྱོངས་བྱེད་པ། ཁྱོན་ཡོངས་གཙོ་བོར་འཛིན་པ་དང་དམངས་འཚོ་གཙོ་བོར་འཛིན་པ། བཅའ་ཁྲིམས་ཀྱི་ལྟ་སྐུལ་འགན་འཁྲི་གཙོ་བོ་དང་ལས་འགན་གཙོ་བོ། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་དོན་ཐག་གཅོད་བྱེད་པའི་རང་འགན་གྱི་འབྱུང་ཁུངས་རྒྱུན་འཁྱོངས་བཅས་བྱས་ཏེ། སྲིད་འབྲས་ལྟ་བ་ཡང་དག་པ་འཛུགས་པ་དང་ལག་ལེན་དུ་བསྟར་བ། སྤུས་ཚད་མཐོ་ཞིང་ཕན་འབྲས་ཆེ་བའི་གྱོད་གཞི་རེ་རེ་མུ་མཐུད་དུ་དོན་འཁྱོལ་ཡག་པོ་བྱེད་པ།“སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ་དང་། བཀྲག་མདངས་གསར་བ་གཏོད་པ། བྱང་ཚད་ཇེ་དྲག་ཏུ་གཏོང་བ། གཞི་རིམ་ཇེ་བརྟན་དུ་གཏོང་བ། སྤྱོད་གཙང་སྲུང་བ”བཅས་ལ་འབད་བརྩོན་ལྷོད་མེད་ཀྱིས་སྐུལ་འདེད་གཏོང་བ་དང་། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པའི་མཚོ་སྔོན་གྱི་ཞིབ་དཔྱོད་ལག་ལེན་ལ་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ཀྱི་ཆེད་དུ་ཁྲིམས་འཛིན་པ་དང་། ཁྲིམས་སྐྱོང་གི་འགན་འཁྲི་སྔར་ལས་ལེགས་པོར་ཁུར་ཏེ། སྤུས་ཚད་དང་ཕན་འབྲས་མཐོ་བའི་སྒོ་ནས་མཚོ་སྔོན་གྱི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ” འགོ་རྩོམ་པར་ཁྲིམས་འཛིན་གྱི་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱེད་དགོས་པ་ནན་གྱིས་བསྟན།