ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས11ཉིན། ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ལ། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གྲོས་ཚོགས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་།     2025ལོའི་བྱ་བར་སྤྱི་བསྡོམས་དང2026ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད།

གྲོས་ཚོགས་ལས2025ལོར་ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་མ་ལག་གིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་མཐའ་གཅིག་ཏུ་ལག་བསྟར་དང་དོན་འཁྱོལ་བྱས་ཏེ།     འཐབ་ཕྱོགས་གཅིག་གྱུར་གྱི་མངའ་ཁོངས་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་དང་། ནུས་ཤུགས་ཡོད་རྒུས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློའི་ཆབ་སྲིད་རྨང་གཞི་སྲ་བརྟན་དུ་བཏང་སྟེ།     ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་ལ་ནུས་ཤུགས་གཅིག་སྡུད་ཀྱིས་ཞབས་འདེགས་ཞུ་བ་དང་།     འཐབ་ཕྱོགས་གཅིག་གྱུར་མངའ་ཁོངས་ཀྱིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་བཏང་སྟེ།     རྒྱང་རིང་དང་འབྲེལ་བ་ཡོད་པའི་དོན་དག་གལ་ཆེན་ཁག་ཅིག་བསྒྲུབས་ཤིང་།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་གྱི་དམིགས་འབེན་དུས་ལྟར་ལེགས་གྲུབ་བྱས་ནས། འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་འཕེལ་རྒྱས་གསར་པ་བྱུང་བ་དང་རྣམ་པ་གསར་པ་མངོན་ཡོད་ཅེས་བསྟན། 

གྲོས་ཚོགས་ལས་ད་ལོ་ནི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”འགོ་རྩོམ་པའི་ལོ་ཡིན་པས།     ཞིང་ཆེན་ཡོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱིས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་།  “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཏེ། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། སེམས་ནུས་གཅིག་སྒྲིལ་རྒྱུན་འཁྱོངས་བྱེད་པ། མཁྲེགས་གཏོར་དཀའ་སེལ་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་གྱི་སྒྲིག་སྲོལ་རྒྱུན་འཁྱོངས་བྱེད་པ།     ཡང་དག་པའི་སྲིད་འབྲས་ལྟ་བ་འཛུགས་པ་དང་ལག་ལེན་བྱེད་པ་རྒྱུན་འཁྱོངས་བཅས་བྱས་ཏེ། ཏང་གི་གསར་གཏོད་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ཤུགས་ལ་སྔར་ལས་རང་རྟོགས་ངང་ཤུགས་སྣོན་པ་དང་། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་སྔར་ལས་གཏིང་ཟབ་ཏུ་གཏོང་བ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་དཔེ་སྟོན་ཞིང་ཆེན་འཛུགས་སྐྱོང་དང་། ནུས་ཤུགས་ཡོད་རྒུས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། བརྟན་བརླིང་གི་ཆབ་སྲིད་དང་འགན་འཁྲིར་རང་འགུལ་ངང་སྲུང་སྐྱོང་བརྟན་པོ་བྱས་ཏེ། མཐོང་རྒྱ་སྔར་ལས་ཡངས་པའི་སྒོ་ནས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ནུས་ཤུགས་གཅིག་ཏུ་བསྡུས་ནས།  འཐབ་ཕྱོགས་གཅིག་གྱུར་ཆེན་མོའི་བྱ་བ་སྒྲུབ་སྟངས་ཀྱི་ནུས་ཕྱོད་ཆེ་རུ་གཏོང་བའི་བྱེད་ཐབས་སྔར་ལས་མཐོ་རུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་བྱས་རྗེས་འཇོག་དགོས་པ་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།