ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་བསྡུས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ2པའི་ཚེས10ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུའུ་རེན་གྲོས་ཚོགས་ཐེངས་རེ་གཉིས་པ་བསྡུས།     ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥེང་ཁྲུན་གྱིས་འགོ་འཛིན་བྱས།     ཀྲང་ཧོང་ཡོན་དང་།     ལུའི་ཀང་།     ཝང་ཅིང་ཀྲའེ།     ཁྲེན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།    

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ཉེར་གཅིག་པའི་གྲོས་གཞི་དང་གྲོས་དོན། གྲོས་ཚོགས་བསྡུ་བའི་ཚེས་གྲངས་སྐོར་གྱི་སྙན་ཞུར་ཉན།    

གྲོས་ཚོགས་ལས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་བརྒྱུད་སྒྲོག་གི་རྩ་གནད་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།     མཚོ་སྔོན་ཞིང་ཆེན་གྱི་ས་ཞིང་དོ་དམ་སྲོལ་ཡིག(འཆར་ཟིན)ལ་གཅིག་གྱུར་གྲོས་ཞིབ་བྱ་བའི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ།     མཚོ་སྔོན་ཞིང་ཆེན་གྱི་ཆེད་ཁེ་སྐུལ་སྤེལ་དང་སྲུང་སྐྱོབ་བྱེད་པའི་སྐོར་གྱི་སྲོལ་ཡིག(བཟོ་བཅོས་འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་སྲོལ་ཡིག(འཆར་ཟིན་བཟོ་བཅོས་མ་ཟིན)གྲོས་ཞིབ་བྱེད་པར་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།     མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་མེ་ཟོན་སྲོལ་ཡིག་དང་། རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས《རྟ་ཐང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ལས་དོ་དམ་གྱི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་།    ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས《ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་ནགས་ཚལ་དོ་དམ་སྲུང་སྐྱོབ་ཀྱི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་།     མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས《མིན་ཧོ་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་ལས་རིགས་སློབ་གསོ་འཕེལ་རྒྱས་གཏོང་བའི་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་དང་།     མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས《མིན་ཡོན་ཧོས་རིགས་རང་སྐྱོང་རྫོང་གི་ནགས་ཚལ་སྲུང་སྐྱོབ་དོ་དམ་སྲོལ་ཡིག》མེད་པར་བཟོ་རྒྱུའི་སྐོར་གྱི་ཆོད་དོན་བཅས་ལ་ཞིབ་བཤེར་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན།     2025ལོའི་ཐོ་འགོད་ཞིབ་བཤེར་བྱ་བའི་གནས་ཚུལ་གྱི་སྙན་ཞུ་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་།     ཞིང་ཆེན་ཡོངས་ཀྱི་རྫོང་དང་ཞང་རིམ་པ་གཉིས་ཀྱི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་དུས་ཚོད་སྐོར་གྱི་ཆོད་དོན(འཆར་ཟིན)དང་། མཚོ་སྔོན་ཞིང་ཆེན་གྱི་རྫོང་རིམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་མི་གྲངས་དང་དེ་བཞིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མི་གྲངས་སྐོར་གྱི་ཆོད་དོན(འཆར་ཟིན)གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན།   ཀྲུའུ་རེན་གྲོས་ཚོགས་ལས་གོང་གསལ་གྲོས་དོན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་གྲོས་དོན་ནང་འགོད་རྒྱུར་འཐད་པ་བྱུང་།

གྲོས་ཚོགས་ལས་མི་དོན་བསྐོ་འཐེན་གྱི་གྲོས་གཞི་གྲ་སྒྲིག་བྱས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།     ཀྲུའུ་རེན་གྲོས་ཚོགས་ལས་ཐེངས་རྗེས་མའི་ཀྲུའུ་རིན་གྲོས་ཚོགས་སྟེང་གྲོས་ཞིབ་བྱེད་པ་བཀོད་སྒྲིག་བྱས་པར་འཐད་པ་བྱུང་།

གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་ཞིབ་བཤེར་ལས་བགོས་ཀྱི་འབྲེལ་ཡོད་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན།     ཀྲུའུ་རེན་གྲོས་ཚོགས་རྩ་དོན་སྟེང་སྙན་ཞུ་འདིར་འཐད་པ་བྱུང་།      

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།