ད་ལོ་མཚོ་སྔོན་གྱིས་ས་ཆུ་ཤོར་བའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ284གསར་དུ་བསྣན་ནས་བཅོས་སྐྱོང་བྱ་རྒྱུ་རེད།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

 

ཟླ2པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་ཆུ་བེད་བྱ་བའི་གྲོས་ཚོགས་སྟེང་རྒྱུས་ལོན་པ་ལྟར་ན། ད་ལོར། མཚོ་སྔོན་གྱིས་མུ་མཐུད་དུ་ས་ཆུ་ཤོར་བའི་ཕྱོགས་བསྡུས་བཅོས་སྐྱོང་སྔོན་འགོག་བྱེད་ཚད་མུ་མཐུད་ཇེ་དྲག་ཏུ་བཏང་ནས། སྣ12ཀྱི་བཞུར་རྒྱུད་ཆུང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་སྤུས་འབྲས་ལེགས་གཏོང་དང་། བརླན་སའི་རགས94ཡི་བདེ་འཇགས་ལྟ་ཞིབ་ཚད་ལེན་སྒྲིག་བཀོད་མཐོར་འདེགས་དང་སྒྱུར་བཀོད་ཀྱི་རྣམ་གྲངས་ལག་བསྟར་བྱ་རྒྱུ་རེད། རགས5འཛུགས་སྐྲུན་ལས་འགན་ཡོངས་འགྲུབ་བྱས་པ་དང་། རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་དཔེ་སྟོན་གསར་འཛུགས་ཁག་དང་པོར་སྐུལ་འདེད་བཏང་སྟེ་ས་ཆུ་ཤོར་བ་བཅོས་སྐྱོང་བྱེད་པའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ284གསར་དུ་བསྣན་ཡོད།

དེ་དང་ཆབས་ཅིག གཙོ་གནད་ཆུ་མ་ས་ཁུལ་དེང་རབས་ཅན་འཛུགས་སྐྲུན་དང་བསྒྱུར་བཀོད་རིམ་སྤར་ལག་བསྟར་བྱས་ཏེ། མུ་མཐུད་དུ་ཧོང་ཀྲུང་མཐུན་སྒྲིལ་ཆུ་ཡུར་གྱི་ཆུ་མ་ས་ཁུལ་དང་ལའོ་ཏུའུ་འགག་ཆུ་ཡུར་ཆེན་པོའི་ཆུ་མ་ས་ཁུལ་དེང་རབས་ཅན་བསྒྱུར་བཀོད་ཀྱི་རྣམ་གྲངས་འཛུགས་སྐྲུན་མུ་མཐུད་སྐྲུན་རྒྱུར་སྐུལ་འདེད་གཏོང་བ། ཁྲི་ཀའི་རྨ་ཤར་ཆུ་ཡུར་གྱི་ཆུ་མ་ས་ཁུལ་དང་དེ་མིན་རྨ་ནུབ་ཆུ་ཡུར་གྱི་ཆུ་མ་ས་ཁུལ་སོགས་དེང་རབས་ཅན་བསྒྱུར་བཀོད་ཀྱི་རྣམ་གྲངས4འཛུགས་སྐྲུན་བྱེད་འགོ་ཚུགས་པ་དང་། ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི8(སྤྱི་ཆིང5333)ཀྱི་ཡན་ཆད་ཇེ་ལེགས་སུ་བཏང་ཡོད།  ཞིང་ལས་ཀྱི་ཆུའི་རིན་གོང་ཕྱོགས་བསྡུས་བཅོས་སྒྱུར་གྱི་ཕན་འབྲས་སྲ་བརྟན་དུ་བཏང་བ་དང་། མུ་མཐུད་དུ་ཁ་གསབ་དང་ཆུ་གྲོན་ཆུང་བྱ་དགའི་མ་དངུལ་གནད་ལ་འཁེལ་བའི་སྒོ་ནས་དམིགས་སར་འབྱོར་བ་ལག་བསྟར་བྱས་ནས། ཞིང་ལས་ཀྱི་ཆུའི་རིན་གོང་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་།     ཆུ་མ་ས་ཁུལ་གྱི་འཁོར་སྐྱོད་བཟང་པོར་འགན་སྲུང་བཅས་བྱས་ཏེ།  སྔར་ལས་ལྷག་པའི་སྒོ་ནས་གནམ་གཤིས་དང་ཞིང་ལས་ཞིང་སྡེ་སོགས་སྡེ་ཁག་གི་བྱ་བའི་མཐུན་སྦྱོར་ལ་ཤུགས་བསྣན་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ཆུ་གཏོང་བ་དང་ཆུ་མཁོ་འདོན་འཆར་གཞི་གཏན་འབེབས་བྱས་ནས། ཞིང་ལས་ཀྱི་ཞིང་ཆུ་འགན་ལེན་བྱ་བ་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་དགོས།   

གླེང་རིན་ཡོད་པ་ཞིག་ནི“བདེ་སྐྱིད་ཆུ་བོ་དང་མཚེའུ”འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས། ཟི་ལིང་གྲོང་ཁྱེར་གྱི་ཡའོ་ཧྲུའེ་ཆུ་བོ་དང་མཚོ་བྱང་ཁུལ་གྱི་པ་པའོ་གཙང་བོ་གཉིས་རྒྱལ་ཁབ་རིམ་པའི་བདེ་སྐྱིད་ཆུ་བོ་འཛུགས་སྐྲུན་གྱི་ལས་འགན་ཁྱོན་ཡོངས་ནས་ཡོངས་འགྲུབ་བྱ་རྒྱུ་རེད།  ཧུར་ཐག་གིས་རྒྱལ་ཁབ་རིམ་པའི་རྣམ་གྲངས2ནས3དང་། ཞིང་ཆེན་རིམ་པའི་བདེ་སྐྱིད་ཆུ་བོ་དང་མཚེའུ་འཛུགས་སྐྲུན་གྱི་རྣམ་གྲངས2གསར་དུ་བསྐྲུན་རྒྱུའི་སྙན་ཞུ་ཕུལ།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།