ཟླ2པའི་ཚེས10ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་དང་ཧྲའན་ཞི་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཀྲའོ་ཀང་བཅས་ཀྱིས་བྱ་བར་གྲོས་བསྡུར་བྱས་པ་དང་། ཞིང་ཆེན་གཉིས་ཀྱི་སྲིད་གཞུང་གིས་ཟི་ལིང་དུ་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཀོད།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཀྲའོ་ཀང་སོགས་མཚོ་སྔོན་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཧྲའན་ཞི་ཡིས་དུས་ཡུན་རིང་པོར་རོགས་རམ་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཧྲའན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཚན་རྩལ་གསར་གཏོད་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་དང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སུ་སྒོ་འབྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་། མཁར་གྲོང་མཉམ་འདྲེས་འཕེལ་རྒྱས་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་པས། གྲུབ་པའི་ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོར་མཚོ་སྔོན་གྱིས་སློབ་སྦྱོང་བྱེད་རིན་ཡོད། མཚོ་སྔོན་དང་ཧྲའན་ཞི་གཉིས་ནུབ་བྱང་གི་ས་གཞི་ཆེན་པོར་གནས་པ་དང་། རྨ་ཆུའི་ཆུ་མཉམ་དུ་འཐུང་བཞིན་ཡོད་པས། རི་ཆུ་འབྲེལ་མཐུད་དང་མི་གཞུང་སྣ་ཚོགས་ཀྱི་འབྲེལ་འདྲིས་ཡོད་ལ། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་། ནུབ་རྒྱུད་གསར་སྤེལ་ཆེན་མོ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་འགན་འཁྲི་ཐེག་ཡོད་པས། མཉམ་ལས་ཀྱི་བར་སྟོང་དང་སྦས་ཤུགས་ཧ་ཅང་ཆེན་པོ་ལྡན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པར”ཕྱོགས་ནས། ཕྱོགས་གཉིས་ཀྱིས་མིང་འགོད་ཀྱི་གྲོས་མཐུན་གོ་སྐབས་སུ་བཟུང་སྟེ། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དོན་འཁྱོལ་དང་། རྨང་གཞིའི་སྒྲིག་བཀོད་དང་ནུས་རྒྱུའི་འགྲིམ་འགྲུལ་འཛུགས་སྐྲུན། ཐོན་ལས་མཐུན་སྦྱོར་འཕེལ་རྒྱས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་སོགས་ཐད་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ས་གནས་གཉིས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་འགྲོ་འོང་དང་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་གཉིས་ཀྱི་མཉམ་ལས་གཉིས་ཕན་ཀྱི་རྣམ་པ་རྒྱུན་ཆད་མེད་པར་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད།
ཀྲའོ་ཀང་གིས་མཚོ་སྔོན་གྱིས་དུས་ཡུན་རིང་པོའི་ནང་ཧྲའན་ཞི་ལ་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། ཞིང་ཆེན་གཉིས་ཀྱི་བར་བརྗེ་རེས་དང་འགྲོ་འོང་དམ་ཟབ་བྱུང་བ་དང་། མངའ་ཁོངས་སོ་སོའི་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་ཕྱིན་ནས་འབྲས་བུ་མང་པོ་ཐོབ་ཡོད། དེང་སྐབས། ཧྲའན་ཞི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲའན་ཞི་རུ་རྟོག་ཞིབ་གནང་ཐེངས་རེ་རེའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གཡོ་འགུལ་མེད་པར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་ཧྲའན་ཞི་ཡི་ལེའུ་གསར་པ་ཧུར་ཐག་གིས་འབྲི་བཞིན་ཡོད། ཞིང་ཆེན་གཉིས་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་གོ་སྐབས་དམ་འཛིན་ནན་མོ་བྱེད་པ་དང་། རང་སོ་སོའི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱས་ཏེ་སྐྱེ་ཁམས་དང་ཐོན་ལས། ནུས་ཁུངས། རྨང་གཞིའི་སྒྲིག་བཀོད། རིག་གནས། ཤེས་ལྡན་མི་སྣ་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ། མཉམ་རྒྱལ་གྱི་རྣམ་པ་གསར་པ་ཧུར་ཐག་གིས་གསར་གཏོད་བྱས་ཏེ། ལག་གདང་སྦྲེལ་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཐད་བྱས་རྗེས་སྔར་ལས་ཆེ་བ་འཇོག་རྒྱུའི་རེ་བ་ཡོད།
ཚོགས་འདུའི་ཐོག ཕྱོགས་གཉིས་ཀྱིས་ད་དུང《〈མཚོ་སྔོན་ཞིང་ཆེན་གྱི་དམངས་སྤྱོད་གནམ་གྲུ་ཐང་ཚད་ཡོད་འགན་འཁྲི་ཀུང་སི་དང་ཧྲའན་ཞི་ཞིང་ཆེན་གྱི་གནམ་གྲུ་ཐང་དོ་དམ་སྡེ་ཚོགས་ཀུང་སིའི་མཉམ་འབྲེལ་བསྐྱར་སྒྲིག་གི་གྲོས་མཐུན་ཡི་གེའི〉ཁ་གསབ་གྲོས་མཐུན་ལ》མིང་རྟགས་བཀོད། མཚོ་སྔོན་དུ་སྡོད་པའི་སྐབས་སུ། ཀྲའོ་ཀང་སོགས་ཟི་ལིང་ཚའོ་ཅ་པའོ་རྒྱལ་སྤྱིའི་གནམ་གྲུ་ཐངT3གནམ་ཐང་འབབ་ཚུགས་དང་། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གི“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་།” མཚོ་སྔོན་ཞིང་ཆེན་གྱི་ནུས་ཁུངས་གཙང་མ་དང་ལྗང་མདོག་རྩིས་ནུས་བཀོད་གཏོང་ལྟེ་གནས་སོགས་སུ་རྟོག་ཞིབ་བྱེད་པར་བསྐྱོད།
ཀྲང་ཅིན་ཀང་དང་ཁྲེང་ཅི་ཝེ་འབྲེལ་ཡོད་བྱེད་སྒོར་ཞུགས།