ཟླ2པའི་ཚེས10ཉིན། ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་གྲོས་ཚོགས་ཐེངས་ང་དགུ་པ་བསྡུས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་གྱི་ཚོགས་ཆེན་གཉིས་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་དབྱང་ཧྥུང་ཁྲུན་གྱིས་འགོ་འཛིན་བྱས། ཀྲང་ཧོང་ཡོན་དང་ལིའུ་ཀང་། ཝང་ཅིན་ཀྲའེ། ཚའེ་ཁྲེང་ཡུང་། ཁྲེན་ཏུང་ཁྲང་བཅས་ཚོགས་འདུར་ཞུགས་པ་དང་ལིའུ་ཐུང་ཏེ་ཟུར་ཞུགས་བྱས།
གྲོས་ཚོགས་ལས་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་ཐོག་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཆེས་མཐོའི་མི་དམངས་ཁྲིམས་ཁང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་བཅས་ཀྱི་བྱ་བར་ཁས་ལེན་གང་ལེགས་བྱས། ཞིང་ཆེན་གྱི་ཚོགས་ཆེན་གཉིས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པས2025ལོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་བྱ་བར་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས་པ་དང2026ལོའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་ཡག་པོར་སྒྲུབ་པ་དང་། ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱེད་པ་སོགས་ལ་བཀོད་སྒྲིག་ཞིབ་ཕྲ་བྱས་ཡོད་ལ། སློབ་སྦྱོང་དང་གོ་བ་ནན་མོ་བླངས་ནས་ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱ་དགོས་ཞེས་བསྟན།
གྲོས་ཚོགས་ལས་ཆབ་སྲིད་ལངས་གནས་མཐོ་རུ་བཏང་སྟེ། ཐབས་ཇུས་བཀོད་སྒྲིག་གལ་ཆེན་གྱི་འཐབ་ཇུས་ཀྱི་དགོངས་པར་གོ་བ་གཏིང་ཟབ་བླངས་ནས། རང་རྟོགས་སྒོས་དམངས་ཆེན་གྱི་བྱ་བ་དེ་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཀྱི་ཁྲོད་དུ་བཞག་ནས་གཅིག་གྱུར་འཆར་འགོད་བྱས་ཏེ། སློབ་སྦྱོང་གཏིང་ཟབ་དང་གོ་བ་ཞིབ་ཅིང་ཕྲ་བའི་ཁྲོད་ཁ་ཕྱོགས་ཡང་དག་པར་བྱ་དགོས། ལྟེ་བའི་ལས་འགན་ལ་དམིགས་ནས་དམངས་ཆེན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་འགོ་རྩོམ་ས་དང་ཤུགས་རྒྱག་ས་ཡང་དག་པར་བཙལ་ནས། ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་བྱ་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། ཁྱོན་ཡོངས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་འགན་འཁྲི་མངོན་པར་བྱེད་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་བྱ་བའི་བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ནུས་ཕྱོད་མཐོ་རུ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་པར་བྱ་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་རེན་གཞོན་པའི་ལས་བགོས་སོགས་ལ་ཞིབ་འཇུག་བྱས།