ཟླ2པའི་ཚེས5ཉིན། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་བྱ་བའི་གྲོས་ཚོགས་བརྙན་ལམ་གྱི་རྣམ་པས་ཟི་ལིང་གྲོང་ཁྱེར་དུ་སྤེལ། གྲོས་ཚོགས་ལས་ཀྲུང་དབྱང་ཆབ་སྲིད་བྱ་བའི་གྲོས་ཚོགས་དང་རྒྱལ་ཡོངས་ཁྲིམས་འཛིན་ཐིང(ཅུས)ཀྲང་གི་གྲོས་ཚོགས། ཞིང་ཆེན་ཏང་ཨུའི་ཆབ་སྲིད་བྱ་བའི་གྲོས་ཚོགས་བཅས་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་དང2025ལོའི་བྱ་བའི་གྲུབ་འབྲས་ལ་སྤྱི་སྡོམ་དང་། གནས་བབ་ལ་དབྱེ་ཞིབ། 2026ལོའི་གཙོ་གནད་ལས་འགན་ལ་བཀོད་སྒྲིག་བཅས་བྱས་ཡོད།
གྲོས་ཚོགས་ལས་བསྟན་དོན། ལོ་ལྔའི་འཆར་འགོད་བཅུ་བཞི་བའི་སྐབས་དང་། ཁྱད་པར་དུ2025ལོ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་ཁྲིམས་འཛིན་སྲིད་འཛིན་ཁོངས་གཏོགས་ཀྱིས་བདེ་འཇགས་མཚོ་སྔོན་དང་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། “གཅིག་གྱུར་དམ་འཛིན་གཅིག་དང་འགན་ནུས་ཆེན་པོ་ལྔ”ཏན་ཏིག་གིས་ལག་བསྟར་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་སྐྱོང་ཞིང་ཆེན་དང་ཁྲིམས་འཛིན་སྲིད་འཛིན་བྱ་བ་གོམ་སྟབས་བརྟན་པོས་བདུན་བསྐྱོད་་བྱེད་པ་དང་གྲུབ་འབྲས་མངོན་གསལ་ལེན་པར་སྟོབས་ཤུགས་གཅིག་སྒྲིལ་སྒོས་སྐུལ་འདེད་གཏོང་དགོས།
གྲོས་ཚོགས་ལས་ནན་གྱི་བསྟན་དོན། 2026ལོའི་བྱ་བ་ལེགས་པོར་སྒྲུབ་དགོས་པ་དང་། ཞིང་ཆེན་ཡོངས་ཀྱི་ལྟེ་བའི་སྤྱི་ཡོངས་ལ་དམ་པོར་དམིགས་པ། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ། ཐོག་མཐའ་བར་གསུམ་དུ་ཏང་གིས་ཁྲིམས་འཛིན་སྲིད་འཛིན་བྱ་བའི་བླ་མེད་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་གཅིག་གྱུར་མཐུན་སྦྱོར་ལ་ཤུགས་སྣོན་པ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པའི་བྱ་བ་གཏིང་ཟབ་འཕེལ་རྒྱས་ཀྱི་ཕྱོགས་ལ་སྐུལ་འདེད་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྲིད་དོན་ཁྲིམས་བཞིན་སྐྱོང་བར་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ། སྔར་ལས་ལྷག་པའི་སྒོ་ནས་བཅོས་སྐྱོང་ནུས་པ་མཐོར་འདེགས་བཏང་སྟེ། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ། སྔར་ལས་ལྷག་པའི་སྒོ་ནས་སྤྱི་བའི་བཅའ་ཁྲིམས་ཞབས་ཞུ་ལེགས་བསྒྱུར་བྱས་ཏེ། འཕེལ་རྒྱས་ཀྱི་དགོས་མཁོ་དང་དམངས་འཚོའི་རེ་སྒུག་གང་ལེགས་ཀྱིས་སྐོང་བ། སྔར་ལས་ལྷག་པའི་སྒོ་ནས་རང་ངོས་འཛུགས་སྐྲུན་ལ་ཤུགས་བསྣན་ཏེ། རྒྱུན་མཐུད་ངང་ཁྲིམས་འཛིན་སྲིད་འཛིན་ལས་དོན་གྱི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་བ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་སྐྱོང་བ་དང་ཁྲིམས་འཛིན་སྲིད་འཛིན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིན་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལེའུ་གསར་བ་འབད་པས་འབྲི་བར་སྔར་བས་སྲ་བརྟན་དང་སྟོབས་ཤུགས་ཡོད་པའི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱས།