ཟླ2པའི་ཚེས4ཉིན། གསར་འགོད་པས་ཞིང་ཆེན་འགྲིམ་འགྲུལ་མ་རྐང་ཚོད་འཛིན་སྡེ་ཚོགས་ཚད་ཡོད་ཀུང་སིའི2026ལོའི་ཚོགས་འདུའི་ཐོག་རྒྱུས་ལོན་པ་ལྟར་ན། ད་ལོ། མཚོ་སྔོན་གྱིས་གཙོ་གནད་རྣམ་གྲངས་མང་པོ་ཞིག་འཛུགས་སྐྲུན་བྱེད་པའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་རྒྱུ་རེད། G0611ཐུན་རིན་ནས་གསེར་ལུང་དང་(མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས)། G310ཏ་ཧོ་ཅཱ(མཚོ་སྔོན་དང་ཀན་སུའུ་ཡི་ས་མཚམས)ནས་རག་ཤི་མདོ་བར་སོགས་རྣམ་གྲངས10མུ་མཐུད་དུ་བསྐྲུན་པའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། ཧི་ནན་ནས་རྨ་ཆེན་བར་གྱི་མྱུར་བགྲོད་གཞུང་ལམ་གཡུ་སྒང་ཉིན་གྲོང་རྡལ་ནས་རྨ་བྱང་ཡུལ་ཚོའི་བར་གྱི་ལམ་དུམ་རྣམ་གྲངས་འཛུགས་སྐྲུན་བྱེད་འགོ་རྩོམ་རྒྱུ་ཡིན་པ་དང་། རྟ་ནག་མ་ནས་ཏཱ་ཧྲུའེ་ཆའོ་དང་། སྟོང་སྐོར་ནས་ནུབ་མཚོ། གཅན་ཚ་ནས་གུང་ཧོ། ཉིང་ཁྲོན་ཉག་ཁ་ནས་ཁེ་ཐུའུ་བར་གྱི་རྣམ་གྲངས4བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱ་རྒྱུ་ཡིན་པ་དང་། གསར་དུ་ལས་པའི་མྱུར་བགྲོད་གཞུང་ལམ་གྱི་ཤར་སྐྱོད་ལམ་ཚད་སྤྱི་ལེ122.5རེད།
ནུས་ཤུགས་ཡོད་རྒུས་ལྗང་མདོག་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། གཞུང་ལམ་འཛུགས་སྐྲུན་དང་གཉེར་སྐྱོང་གི་ཐཱན་འབུད་ཚད་ཇེ་དམའ་རུ་གཏོང་བ། བློ་རིག་གཞུང་ལམ་དང་། “གསར་བཞི”ལག་རྩལ། BIMལག་རྩལ་སོགས་འགག་སྒྲོལ་དང་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་བཞིན་ཡོད། ནུས་ཤུགས་ཡོད་རྒུས་ཐུན་རིན་ནས་གསེར་ལུང་དང་། སྟོང་སྐོར་ནས་ནུབ་མཚོ། གཅན་ཚ་ནས་གུང་ཧོ། ཧི་ནན་ནས་རྨ་ཆེན་སོགས་ཀྱི་རྣམ་གྲངས་དེ་སྐྱེ་ཁམས་ཀྱི་མཛེས་ལྗོངས་བར་ཁྱམས་དང་ལྗང་མདོག་དཔེ་སྟོན་བཟོ་སྐྲུན་ཞིག་ཏུ་བསྐྲུན་ནས། སྟོང་སྐོར་ནས་ནུབ་མཚོ་དང་ལུའོ་ཏུའུ་ནས་དཔའ་ལུང་། རིག་སྨོན་ནས་མཚོ་སྔོན་པོ་དང་ཚྭ་ཁ་སོགས་ཀྱི་རྣམ་གྲངས་ལ་ཞིང་ཆེན་རིམ་པའི་ལྗང་མདོག་གཞུང་ལམ་དཔེ་སྟོན་རྣམ་གྲངས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་རེད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འགྲིམ་འགྲུལ་འཆར་འགོད་དང་སྦྲེལ་མཐུད་བྱས་ཏེ། G0613ཡུས་ཧྲུའུ་ནས་སྟོད་ཕུག་མ་དང་། དཔའ་ལུང་ནས་ཞོན་ཧྭའི་མྱུར་བགྲོད་གཞུང་ལམ་སོགས་གཙོ་གནད་རྣམ་གྲངས་ཀྱི་དུས་སྔོན་བྱ་བར་སྐུལ་འདེད་གཏོང་བ་དང་། མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་འཆར་འགོད་མཛོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། ཆ་རྐྱེན་འཐུས་ཚང་དང་ཕན་འབྲས་ཡོད་པའི་རྣམ་གྲངས་མགྱོགས་མྱུར་ངང་ལག་ལེན་བསྟར་རྒྱུར་སྐུལ་འདེད་གཏོང་དགོས།《གཞུང་ལམ་རྣམ་གྲངས་ཀྱི་ས་ཆ་དང་ནགས་ཚལ། རྩྭ་ས། བརླན་ས་བཅས་སྤྱོད་པའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱ་བའི་མཉམ་ལས་བརྗེད་ཐོའི》མཐུན་སྦྱོར་རྐྱེན་སྲོལ་གྱི་ནུས་པ་འདོན་སྤེལ་གཏིང་ཟབ་བྱས་ཏེ། གནད་ལ་འཁེལ་བའི་སྒོ་ནས་ལས་སྒོའི་མཛུབ་སྟོན་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ་ལོ་རྒྱུས་སྟེང་ལུས་པའི་གནད་དོན་ཐག་གཅོད་བྱེད་དགོས།