ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོའི་སྦྲགས་སྲིད་གསོག་འཇོག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཝེ་སོགས་དང་བཞུགས་མོལ་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཟི་ལིང་དུ་ཀྲུང་གོའི་སྦྲགས་སྲིད་སྡེ་ཚོགས་ཀྱི་སྤྱི་གཉེར་པ་གཞོན་པ། ཀྲུང་གོའི་སྦྲགས་སྲིད་གསོག་འཇོག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི་ལུའུ་ཝེ་སོགས་དང་བཞུགས་མོལ་བྱས།

ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ལུའུ་ཝེ་སོགས་ལ་དགའ་བསུ་ཞུས་པར་མ་ཟད་ཀྲུང་གོའི་སྦྲགས་སྲིད་དང་སྦྲགས་སྲིད་གསོག་འཇོག་དངུལ་ཁང་གིས་དུས་ཡུན་རིང་པོར་མཚོ་སྔོན་གྱི་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་གོང་འོག་ཡོངས་ཀྱིས་མངགས་བཅོལ་ཡིད་ལ་དམ་པོར་བཟུང་ཞིང་དྲིན་གཟོ་ཡར་བརྩོན་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་དམིགས་འབེན་ལས་འགན་སྣ་ཚོགས་བདེ་བླག་ངང་འགྲུབ་པ་དང་། ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་ཐབས་ལམ་གསར་བར་ཕྱོགས་ནས་མདུན་དུ་བསྐྱོད་བཞིན་ཡོད། མ་འོངས་པའི་ལོ་ངོ་ལྔ་ནི་མཚོ་སྔོན་འཕེལ་རྒྱས་ཀྱི་དུས་སྐབས་ལེགས་ཤོས་ཡིན། སྦྲགས་སྲིད་གསོག་འཇོག་དངུལ་ཁང་གིས་མཚོ་སྔོན་ཐོན་ལས་ཀྱི་གནས་བཞི་དང་གྲོང་གསེབ་དར་སྤེལ། དམངས་འཚོ་ལེགས་སྒྱུར། ཁེ་ལས་ཆུང་འབྲིང་སོགས་ཀྱི་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་བསྟུད་མར་ཆེ་རུ་གཏོང་བ་དང་། རྐང་དབང་དངུལ་གཏོང་དང་དངུལ་རྩའི་གསར་གཏོད། འཁྱགས་གྲང་ཟས་རིགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་བར་སྟོང་སྔར་ལས་རྒྱ་བསྐྱེད་དེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་དངུལ་རྩའི་གསོན་ཤུགས་སྔར་ལས་མང་པོ་སྣོན་པའི་རེ་བ་བཅངས་ཡོད་ཟེར།

ལུའུ་ཝེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ལོ་ངོ་མང་པོའི་རིང་ལ་ཐུགས་ཁུར་དང་རོགས་རམ་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། སྦྲགས་སྲིད་གསོག་འཇོག་དངུལ་ཁང་གི་ཉེ་བའི་ལོ་འགའི་རིང་གི་འཕེལ་རྒྱས་དང་མཚོ་སྔོན་གྱི་ལས་སྒོའི་གནས་ཚུལ་ངོ་སྤྲོད་བྱས། ཁོས་མཚོ་སྔོན་གྱི་འཐབ་ཇུས་གོ་གནས་གལ་ཆེན་ཡིན་ལ་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པས། སྦྲགས་སྲིད་གསོག་འཇོག་དངུལ་ཁང་གིས་མཚོ་སྔོན་གྱི་མ་འོངས་འཕེལ་རྒྱས་ཁ་ཕྱོགས་དང་འཕེལ་རྒྱས་དགོས་མཁོའི་ཁྲོད་གོ་སྐབས་བཙལ་ནས། རང་ངོས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། ཕྱོགས་གཉིས་ཀའི་མཉམ་ལས་འབྲེལ་བ་བཟང་པོ་སྲུང་འཛིན་བྱས་ཏེ། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཁྲོད་སྔར་ལས་བྱས་རྗེས་ཆེན་པོ་འཇོག་རྒྱུ་ཡིན་ཞེས་བསྟན།

ལིའུ་ཁྲའོ་བཞུགས་མོལ་ལ་ཞུགས།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།