ཟླ11པའི་ཚེས13ཉིན་ནས་ཚེས15ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལེན་ཁ་གྲོང་ཁྱེར་དང་། ཏུའུ་ལན་རྫོང་། བུའུ་ལན་རྫོང་བཅས་སུ་རྟོག་ཞིབ་བྱེད་སྐབས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་དངོས་འབེབ་བྱས་ཏེ། མུ་མཐུད་དུ་དཔལ་འབྱོར་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་བའི་འཕེལ་ཕྱོགས་སྲ་བརྟན་དུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་བཏང་སྟེ། འགན་འཁྲི་གཙོ་བོ་ཁུར་ནས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་བྱས་རྗེས་མང་ཙམ་འཇོག་དགོས་པ་ནན་གྱིས་བསྟན།
ལུའོ་ཏུང་ཁྲོན་སྔ་རྗེས་སུ་མཚོ་སྔོན་ཞིས་ཝང་གཏེར་ལས་གསར་སྤེལ་ཚད་ཡོད་ཀུང་སི་དང་། མཚོ་སྔོན་གོ་ཡོན་རྫས་འགྱུར་བཟོ་ལས་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་ནན་པོ་ནུས་ཁུངས་གསར་པའི་ཚན་རྩལ་ཚད་ཡོད་ཀུང་སི། མཚོ་སྔོན་མིན་དབྱང་ནུས་ཁུངས་གསར་པའི་ཚད་ཡོད་ཀུང་སི་བཅས་སུ་བསྐྱོད་དེ། གཙོ་གནད་བཟོ་ལས་དང་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རང་རྟོགས་སྒོས་ཨང་དང་པོར་བཞག་ནས། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གོ་སྐབས་གལ་ཆེན་ཁོང་དུ་ཆུད་པ་དང་། ཐོན་ལས་ཕྲེང་འབྲེལ་བཀོལ་སྤྱོད་ཀྱི་བསམ་གཞིགས་ལ་མཐོང་ཆེན་བྱས་ཏེ། མཐོ་སྒང་གི་ལྗང་མདོག་གློག་ཤུགས་ཀྱི་ནུས་པའི་ཁྱད་སྟོབས་དང་ཟུང་འབྲེལ་བྱས་ནས། ཆེད་ལས་དང་སྤུས་ལེགས། དམིགས་བསལ་གྱི་ཁེ་ལས་གསར་པ་དང་། བཟོ་སྐྲུན་ལས་རིགས་སྣ་རྐྱང་གི་ཨང་དང་པོའི་ཁེ་ལས་བཅས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། ཡུལ་བབ་དང་བསྟུན་ནས་ཐཱན་མེད་པའི་བཟོ་གྲྭ་དང་ཐཱན་མེད་པའི་བཟོ་ལས་གླིང་ཁུལ་འཛུགས་སྐྲུན་འཚོལ་ཞིབ་ལ་སྐུལ་འདེད་གཏོང་བ་དང་། ཕྲེང་སྲིང་ཕྲེང་གསབ་ཕྲེང་རྒྱས་དང་སྤུས་འབྲས་ཇེ་མཐོ་དང་ཕན་ནུས་ཇེ་ལེགས་ཀྱི་འཕེལ་རྒྱས་མངོན་འགྱུར་བྱ་དགོས་པ་ནན་གྱིས་བསྟན།
ཏུའུ་ལན་རྫོང་པན་ཆེན་ཤང་སྡེ་དགོན་པ་དང་། ཏུའུ་ལན་རྫོང་གི་རྟེན་མཛོད་ཁང་། ཏུའུ་ལན་རྫོང་གི་ཆུ་ཁོལ་དུར་ཁུལ། བུའུ་ལན་རྫོང་མོ་ཧི་རྔ་མོང་ར་བ་བཅས་སུ་ཡོང་ནས། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་། རིག་དངོས་སྔོག་འདོན་དང་སྲུང་སྐྱོབ་བེད་སྤྱོད། དམར་པོའི་ཐོན་ཁུངས་སྲུང་སྐྱོབ་རྒྱུན་འཛིན་སོགས་ཀྱི་བྱ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས། སྲུང་སྐྱོབ་ཨང་དང་པོར་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། རིག་དངོས་སྲུང་སྐྱོབ་དང་སྔོག་འདོན་བེད་སྤྱོད། རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་གྱི་ཆུ་ཚད་སྔར་ལས་མཐོ་རུ་བཏང་ནས། རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནུས་ལྡན་ངང་ཇེ་བརྟན་དུ་གཏོང་བ་དང་། “ལམ་གཉིས”ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། དམར་པོའི་ཁྲག་རྒྱུན་མུ་མཐུད་དུ་བསྲིང་བ་བཅས་བྱས་ནས། རྔ་མོང་ལས་བཟོ་པའི་མི་རབས་ནས་མི་རབས་བར་གྱི་བྱས་རྗེས་གཟེངས་སུ་ཐོན་པ་དང་རྡོ་རིང་བསྐྲུན་པའི་གཟི་བརྗིད་ལྡན་པའི་གཏམ་རྒྱུད་ཡག་པོ་བཤད་དགོས་པ་ནན་གྱིས་བསྟན།
ཏུའུ་ལན་རྫོང་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་། ཚྭ་ཁའི་ཚྭ་མཚོ། བར་སྣང་མེ་ལོང་མཛེས་ལྗོངས་ཁུལ། མཚོ་སྔོན་གཙང་གསུམ་ས་རྒྱུ་གཤིན་པའི་སྐྱེ་ཁམས་ཞིང་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཅས་སུ་ལུའོ་ཏུང་ཁྲོན་གྱིས་འཕང་འབྲས་དང་། མཚོ་སྔོན་གྱི་ཚྭ། ལི་གྲོ་སོགས་ཁྱད་ཆོས་ལྡན་པའི་ཐོན་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཞིང་ཕྱུགས་ལས་ཀྱི་ཕྲེང་འབྲེལ་བདག་པོ་དང་སྣེ་འདྲེན་ཁེ་ལས་གསོ་སྐྱོང་དང་ནང་འདྲེན་ཧུར་ཐག་བྱེད་པ་དང་། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མཐོ་སྒང་གི་འདེབས་འཛུགས་ལས་རིགས་ཀྱི་ཚན་རྩལ་འགག་སྒྲོལ་ལ་ཤུགས་སྣོན་པ། ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་དང་ཟུར་སྣོན་རིན་ཐང་མུ་མཐུད་ཇེ་མང་དུ་གཏོང་བ། ཚད་གཞི་མཐོ་ལ་ཁྱད་ཆོས་ལྡན་པའི་ཡུལ་སྐོར་ཐོན་རྫས་འདོན་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དྲ་རྒྱའི་འཚོང་ལམ་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱས་ཏེ་ཕྱུག་འགྱུར་བྱེད་པར་སྐུལ་ཁྲིད་བཅས་བྱེད་དགོས་པ་ནན་གྱིས་བསྟན།
རྟོག་ཞིབ་ཁྲོད། ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་གྱི་དཔལ་འབྱོར་འཁོར་བསྐྱོད་བཀོད་གཏོང་ཚོགས་འདུའི་ཐོག་ཆབ་སྲིད་དང་ཁྱོན་ཡོངས་གླེང་བ་དང་། འགན་འཁུར་བར་མཐོང་ཆེན་བྱེད་པ་བཅས་ཀྱི་མཐོ་ཚད་དུ་ལངས་ནས། མིག་སྔའི་དཔལ་འབྱོར་གནས་བབ་ལ་རྩོད་སྒྲུབ་ཀྱིས་ལྟ་ཚུལ་འཛིན་དགོས་པ་དང་། སྲིད་ཇུས་བྱེད་ཐབས་དོན་འཁྱོལ་དམ་འཛིན་བྱེད་པར་དམིགས་ཏེ། ནུས་ཤུགས་ཡོད་རྒུས་སྦས་ཤུགས་སྔོག་འདོན་བྱས་ནས་འཕར་སྣོན་བརྟན་པོ་ཡོང་བར་བྱས་ཏེ་བྱ་བའི་རང་འགུལ་རང་བཞིན་དང་། རྒྱང་ལྟའི་རང་བཞིན་དང་དངོས་ཕན་རང་བཞིན་བཅས་ཆེ་རུ་གཏོང་དགོས། འགུལ་རྣམ་ལྟ་ཞིབ་ལ་སྔར་ལས་ཤུགས་སྣོན་པ་དང་། ནུས་ཤུགས་ཡོད་རྒུས་བཟོ་ལས་འཕར་ཚད་བརྟན་པོ་ཡོང་བར་བྱེད་པ། དངུལ་གཏོང་གི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ། ཞབས་ཞུའི་ལས་རིགས་ཀྱི་མི་མངོན་པའི་ནུས་པ་སྐུལ་སློང་བྱེད་པ། དཔལ་འབྱོར་གྱི་འཕར་གཞི་གསར་པ་སྐྱེད་སྲིང་བཅས་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ཀྱི་སྒྲིག་གཞི་དང་། སྐྱེ་ཁམས་སྲུང་སྐྱོབ། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་བརྟན་བརླིང་སོགས་ཀྱི་བྱ་བ་གཅིག་གྱུར་གྱིས་ལེགས་པར་བསྒྲུབས་ཏེ། ཧུར་ཐག་གིས་ཞིང་ཆེན་ཡོངས་ཀྱི་ལོ་འཁོར་དམིགས་འབེན་ལེགས་འགྲུབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་སྔར་ལས་བརྟན་པོ་འདོན་སྤྲོད་བྱ་དགོས། ཞིང་ཆེན་ཐད་གཏོགས་སྡེ་ཁག་སོ་སོས་མཛུབ་ཁྲིད་དང་རྒྱབ་སྐྱོར་ལ་ཤུགས་བསྣན་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
ལིའུ་ཁྲའོ་འབྲེལ་ཡོད་བྱེད་སྒོར་ཞུགས།