ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས(རྒྱ་བསྐྱེད)གྲོས་ཚོགས་བསྡུས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ཚེས16ཉིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡིས(རྒྱ་བསྐྱེད)གྲོས་ཚོགས་ཐེངས་ལྔ་བཅུ་པ་བསྡུས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པའི་ལེའུ་ཁག་ཅིག་སློབ་སྦྱོང་བྱས་པར་མ་ཟད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས། དབྱང་ཧྥིན་ཁྲུན་དང་ཉི་མ་སྒྲོལ་མ། ལོས་ཀང་། ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས།

གྲོས་ཚོགས་སྟེང་། བོད་ལྗོངས་ཀྱི་བྱ་བ་བཟང་བོར་སྒྲུབ་པའི་སྤྱིའི་བླང་བྱ་དང་། དེ་མིན་རླབས་ཆེན་གྱི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། “འབོ་གསེར་ཆེན་པོའི་མཉམ་ལས”ལ་སྐུལ་འདེད་གཏོང་བ་དང་། ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་པ་སོགས་ཀྱི་གྲོས་འགོར་དམིགས་ནས། སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་བསྟར་དོན་འཁྱོལ་དམ་འཛིན་ནན་མོ་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་བཏང་སྟེ། སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་ལེན་པའི་ཁྲོད་ཁ་ཕྱོགས་ཡང་དག་འཚོལ་བ་དང་། བློ་དཀར་གཞུང་དྲང་ཡོང་བར་བྱེད་དགོས། མ་ལག་ལྡན་པའི་སྒོ་ནས《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》ཞེས་པའི་པོད་ལྔ་པ་ཞིབ་ཀློག་དང་།    《ཀྲུང་གོ་གུང་ཁྲན་ཏང་གི་བསམ་བློ་ཆབ་སྲིད་བྱ་བའི་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ངེས་པ་དོན་གྱིས་ཏང་ལ་བློ་དཀར་བ་དང་རང་རྟོགས་རང་རྟོན། འགན་འཁྲིའི་ཁག་ཁུར་བཅས་སློབ་སྦྱོང་བཟང་བོ་བྱེད་དགོས། སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་རང་འགན་གཙང་སྒྲུབ་ཁྲོད་ཁག་ཁུར་དང་སྟོབས་ཤུགས་འབུལ་དགོས། དམངས་ཆེན་གྱི་འགན་ནུས་ངེས་གནས་ལ་རྐང་བཙུགས་ནས། ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མིའི་བྱ་བ་སོགས་ཕྱོགས་ནས་གནད་འཁེལ་ཤུགས་འདོན་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་བར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་དགོས། རང་སྟེང་གི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། རྨང་གཞི་སྲ་བརྟན་དུ་གཏོང་བའི་ཁྲོད་སྤྱོད་ཚུལ་གཏིང་ཟབ་ཏུ་གཏོང་བ་དང་ནུས་པ་ཆེ་རུ་གཏོང་དགོས། “ལས་ཁུངས་བཞིའི“འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་བ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལས་བྱེད་དཔུང་སྡེའི་བསམ་བློའི་ཆབ་སྲིད་འཛུགས་སྐྲུན་དང་སྤྱོད་ཚུལ་ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། དམངས་ཆེན་ལས་ཁུངས་ཀྱི་ལས་བྱེད་པའི་འཇོན་ནུས་ལ་མཐོར་འདེགས་གསར་པ་འབྱུང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

རྩོམ་སྒྲིག་པ། : ཡེ་ཤེས་སྒྲོལ་མ།