ལི་ཆིང་གིས་ཀན་སུའུ་དང་མཚོ་སྔོན་དུ་རྟོག་ཞིབ་བྱེད་སྐབས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་འཆར་འགོད་གཅིག་གྱུར་ཐོག་སྐུལ་འདེད་བཏང་ནས་ས་གནས་ཀྱི་ཁྱད་ཆོས་དང་དགེ་མཚན་མངོན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་ཞེས་བསྟན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཟླ9པའི་ཉིན15ནས་ཉིན16བར་ཀན་སུའུ་དང་མཚོ་སྔོན་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས་སྤུས་ཚད་མཐོ་བའི་གོང་འཕེལ་དང་ཆུ་ཚད་མཐོ་བའི་སྲུང་སྐྱོང་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཐོག་ལག་བསྟར་གཏིང་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་འཐབ་ཇུས་ངེས་གནས་དམ་འཛིན་བྱས་ནས་གསར་གཏོད་ལ་སྐུལ་འདེད་གཏང་དགོས།  འབྱུང་འཕྲོད་གོང་འཕེལ་ལ་སྐུལ་འདེད་བཏང་སྟེ།  ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསོ་སྐྱོང་བྱས་ནས་སྟོབས་ཆེར་གཏོང་བ་དང་། ས་གནས་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་ཇེ་མགྱོགས་སུ་བཏང་ནས་མི་དམངས་མང་ཚོགས་ལ་དེ་བས་ལེགས་པའི་བདེ་སྐྱིད་བསྐྲུན་དགོས།

  ཟླ9པའི་ཚེས15ཉིན་ནས་ཚེས16ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་བྱས། འདི་ནི་ཟླ་9ཚེས་15ཉིན་ཉིན་ཀན་སུའུ་ལན་ཀྲོའུ་རུ་ལི་ཆང་བར་སྣང་ལག་རྩལ་ཞིབ་འཇུག་སུའོ་འཇིག་རྟེན་འཕུར་སྐྱོད་མཐོ་གསར་ཐོན་ལས་གླིང་དུ་ཕེབས་ནས་སྒྲིག་ཆས་དང་ལྷུ་ལག་གསར་ཤོས་ཀྱི་ངོམ་སྟོན་གཟིགས་པ་མ་ཟད། འབྲེལ་ཡོད་ལག་རྩལ་གྱི་རྩ་བའི་རིགས་པ་དང་ཐོན་རྫས་ཐོན་སྐྱེད། ཕྱིར་ཚོང་བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། 

ལི་ཆང་ཀན་སུའུ་ལན་ཀྲོའུ་ཡི་ཐའེ་ཅི་གྱེས་རྡུལ་ལག་རྩལ་ཚད་ཡོད་ཀུང་སི་དང་བར་སྣང་ལག་རྩལ་དངོས་ལུགས་ཞིབ་འཇུག་སུའོ་འཇིག་རྟེན་འཕུར་སྐྱོད་མཐོ་གསར་ཐོན་ལས་གླིང་དུ་ཕེབས་ནས་སྒྲིག་ཆས་དང་ལྷུ་ལག་གསར་ཤོས་ངོམ་སྟོན་ལ་གཟིགས་ཤིང་། འབྲེལ་ཡོད་ལག་རྩལ་ཀྱི་རྩ་བའི་རིགས་པ་དང་ཐོན་རྫས་ཐོན་སྐྱེད། ཕྱིར་ཚོང་བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱས། ལི་ཆང་གིས་འདི་སྐད། ཀན་སུའུ་ལ་གྱེས་རྡུལ་ལྕི་བའི་ལག་རྩལ་དང་བར་སྟོང་ལག་རྩལ་སོགས་མངའ་ཁོངས་འཕེལ་རྒྱས་གཏོང་བར་རྨང་གཞི་ཅུང་ལེགས་པོ་ལྡན་པས། རྒྱལ་སྤྱིའི་སྔོན་ཐོན་ལ་དོ་སྣང་ཆེན་པོ་བྱས་་ཏེ་ཁེ་ལས་དང་ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ཞིབ་འཇུག་གསར་སྤེལ་ཐད་རྒྱུ་ཤུགས་མང་པོ་གཏང་བར་རྒྱབ་སྐྱོར་དང་། ཤེས་ལྡན་པ་གསོ་སྐྱོང་ལ་སྐུལ་ལྕག་བྱེད་སྲོལ་གསར་གཏོད་བཅས་བྱས་ནས་ རྨང་གཞིའི་ཞིབ་འཇུག་གི་ཕྱོགས་ལ་བློ་རྩེ་གཅིག་ཏུ་སྒྲིམ་ནས་ལྟེ་བའི་ལག་རྩལ་ནུས་པ་སྲ་བརྟན་དུ་གཏོང་དགོས།

ཁྲོམ་རའི་དགོས་མཁོ་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ། ཐོན་ལས་འཁོར་རྒྱུག་གི་འབྲེལ་རྒྱུན་ལས་སྟོད་སྨད་མཉམ་འགུལ་འཕེལ་རྒྱས་ལ་སྐུལ་འདེད་དང་། དམངས་གཉེར་ཁེ་ལས་མང་ཞུགས་ལ་རྒྱབ་སྐྱོར་བཅས་བྱས་ཏེ་ཐོན་རྫས་དང་ཞབས་ཞུ་མགྱོགས་པོར་རིམ་སྤར་བྱ་དགོས། ལི་ཆང་ལྷོ་བྱང་རི་བོ་གཉིས་ཀྱི་ཁོར་ཡུག་ལྗང་འགྱུར་ལས་གྲྭའི་ལྟ་ཞིབ་བྱ་ཡུལ་དང་ཟོ་འཁོར་འགྲེམས་སྟོན་གླིང་དུ་ཕེབས་ཏེ། ་ནགས་བཟོ་ལྗང་འགྱུར་དང་ལན་ཀྲོའུ་ཁོངས་ཀྱི་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། དེ་གར་ཡོད་པའི་གྲོང་མི་དང་གླེང་མོལ་བྱས་པ་རེད། ལི་ཆང་གིས་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཕན་འབྲས་ལ་ཁས་ལེན་བྱས་པ་དང་འབྲེལ་རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་མ་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་མ་ལག་གི་བཅོས་སྐྱོང་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ནས་ཐོབ་དཀའ་བའི་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་ཀྱི་རྨང་གཞི་རྒྱུན་བསྐྱང་དགོས་པའི་བླང་བྱ་བཏོན།  ཁོང་གིས་ས་གནས་དེ་གའི་ལས་བྱེད་པས་རྨ་ཆུའི་འགྲམ་རྒྱུད་ཀྱི་སྤྱི་པའི་བར་སྟོང་ཇུས་འགོད་ཡག་པོ་དང་འཛུགས་སྐྲུན་ཡག་པོ་བྱས་ཏེ། གྲོང་མི་ཀྱི་འགུལ་སྐྱོད་དང་། ངལ་གསོ། རོལ་རྩེད་བཅས་བྱེད་ས་བཀོད་སྒྲིག་ཡག་པོ་ཞིག་བྱས་ནས་མང་ཚོགས་ཀྱི་འཚོ་བའི་རྒྱུ་སྤུས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་བཀའ་བརྡ་གནང་།

ཟླ9པའི་ཚེས15ཉིན་ནས་ཚེས16ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་དུ་བརྟག་དཔྱད་ཞིབ་འཇུག་བྱས། འདི་ནི་ཟླ་9ཚེས་15ཉིན་ཉིན་ཀན་སུའུ་ལན་ཀྲོའུ་རུ་ལི་ཆང་བར་སྣང་ལག་རྩལ་ཞིབ་འཇུག་སུའོ་འཇིག་རྟེན་འཕུར་སྐྱོད་མཐོ་གསར་ཐོན་ལས་གླིང་དུ་ཕེབས་ནས་སྒྲིག་ཆས་དང་ལྷུ་ལག་གསར་ཤོས་ཀྱི་ངོམ་སྟོན་གཟིགས་པ་མ་ཟད། འབྲེལ་ཡོད་ལག་རྩལ་གྱི་རྩ་བའི་རིགས་པ་དང་ཐོན་རྫས་ཐོན་སྐྱེད། ཕྱིར་ཚོང་བཀོལ་སྤྱོད་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས།  

ལི་ཆང་མཚོ་སྔོན་ཟི་ལིང་གི་ཀྲུང་གོ་ལན་ཐུང་གཙང་གསུམ་འགོ་ཁུངས་རྒྱལ་ཁབ་གཞི་གྲངས་ཆེན་པོའི་རྟེན་གཞི་དང་། མཚོ་སྔོན་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་རྩིས་གློག་མཉམ་འདྲེས་བཀོད་གཏོང་དང་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལྟེ་གནས་བཅས་སུ་ཕེབས་ནས་འབྲེལ་ཡོད་སྙན་ཞུར་ཉན་པ་དངའབྲེལ་སྐྱེ་ཁམས་སྲུང་སྐྱོང་དང་། ལྗང་མདོག་གློག་ཤུགས༼འབྱུང་འཕྲོད་གློག་ཤུགས༽རྩིས་ཤུགས་བེད་སྤྱོད་བཅས་ཀྱི་གནས་ཚུལ་ལ་འདྲི་ཞིབ་བྱས། ལི་ཆང་གིས་འདི་སྐད། མཚོ་སྔོན་ལ་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་འཁྲི་ཧ་ཅང་ཆེན་པོ་ཡོད་པ་དང་ཆབས་ཅིག ནུས་རྒྱུ་གཙང་མ་དང་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་ཀྱི་རྩིས་ནུས་འཕེལ་རྒྱས་གཏོང་བའི་དགེ་མཚན་་མངོན་གསལ་ལྡན། བློ་བརྟན་འགྱུར་མེད་ངང་འབྱུང་འཕྲོད་གོང་འཕེལ་གྱི་ལམ་དུ་བསྐྱོད་ནས་རྩིས་རྒྱག་ནུས་པའི(ཁང་པ་སོགས་ཀྱི)གནམ་གཡབ་འཛུགས་སྐྲུན་དང་ནུས་རྒྱུ་གཙང་མ་བེད་སྤྱོད་ཡག་པོ་བྱེད་པ་ཟུང་འབྲེལ་བྱས་ཏེ། དགེ་མཚན་གཅིག་འདུས་ལ་ཤུགས་སྣོན་ནས་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་ཀྱི་རྩིས་རྒྱག་གློག་མཉམ་འདྲེས་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཁྲོམ་རའི་ལམ་སྲོལ་ཟུངས་ནུས་བྱ་ཐབས་ནུས་པ་འདོན་སྤེལ་གང་ལེགས་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ། གསར་གཏོད་ལ་ཕན་པའི་ཆ་རྐྱེན་དང་ཁོར་ཡུག་ལེགས་པོ་བསྐྲུན་ནས་ཐོན་ལས་བཀོལ་སྤྱོད་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་ལེགས་པར་གཏོང་དགོས་ཞེས་བསྟན། མཚོ་སྔོན་ཁུ་ནུ་རི་བོའི་བཟའ་ཆས་ཟས་རིགས་ཚད་ཡོད་ཀུང་སིར་ལི་ཆང་གིས། མཚོ་སྔོན་ཞིང་ཆེན་གྱིས་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་ཀྱི་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་སྐམས་ཤ་སྤུས་ལེགས་བཟོ་སྣོན་ཞིབ་ཚགས་དང་ཞིབ་བཟོ་བྱས་པའི་ཐོན་རྫས་ལ་ལྟ་ཞིབ་བྱས། ལི་ཆང་གིས་འདི་སྐད། ཁེ་ལས་གྱིས་སྔོ་ལྗང་འབྱུང་འཕྲོད་གནོད་མེད་ཤར་བགྲོད་གྱི་ཞིང་འབྲོག་ལས་གཏིང་ཟབ་ཏུ་བཏང་སྟེ། བདེ་ཐང་བདེ་འཇགས་ཀྱི་རྒྱུ་སྤུས་ལ་བརྟེན་ནས་སྤུས་རྟགས་སྤུས་ལེགས་དང་། ཐོན་སྐྱེད་གསར་གཏོད་ལ་དོ་དམ། བཟའ་བཏུང་ཞབས་ཞུ། བཟོ་ལས་ཡུལ་སྐོར། ཚོང་དོན་འགྲོ་རྒྱུག་ལ་སོགས་པའི་ཐོན་ལས་འཁོར་རྒྱུག་གི་འབྲེལ་བ་ཡོངས་ཀྱི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏང་དགོས ཞིང་འབྲོག་ལས་སྤུས་འབྲས་ལེགས་བསྒྱུར་དང་ཞིང་འབྲོག་པའི་ལས་ཞུགས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་ཁྲིད་ཀྱི་ནུས་པ་དེ་བས་ཆེ་བ་འདོན་པར་ལྕག་སྐུལ་བྱ་དགོས་ཞེས་བསྟན།

ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་ཆབས་ཅིག  ཞིང་ཆེན་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་དོན་འཁྱོལ་བྱས་ཏེ། བློ་སྟོབས་ཆེན་པོས་ཡར་རྒྱས་ལ་བརྩོན་པ་ཏན་ཏིག་དང་། འབྱུང་འཕྲོད་གོང་འཕེལ་དང་ནུབ་རྒྱུད་གསར་སྤེལ་ཆེན་པོར་སྐུལ་འདེད་ཐད་ཡར་རྒྱས་ཆེན་པོ་བྱུང་ནས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ལེགས་སྐྱེས་གསར་པ་འབུལ་ཐུབ་པར་རེ་བ་ཡོད་ཅེས་བསྟན།
  ཝུའུ་ཀྲེང་ལོང་ཁོང་དང་ལྷན་དུ་རྟོག་ཞིབ་ལ་ཞུགས། 

ཝུའུ་ཞའོ་ཅུན་དང་ལའོ་ཏུང་ཁྲུན་སོགས་ཞིང་ཆེན་གྱི་མགོ་ཁྲིད་སོ་སོ་ནས་མཚོ་སྔོནཞིང་ཆེན་གྱི་རྟོག་ཞིབ་ལ་ཞུགས་སོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།