ཉི་ཟླ་ཞང་གིས་སློབ་ཆེན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་གནད་འཁེལ་སྒོས་སྐྱེད་སྲིང་བྱས་པ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

“ད་ལོ་ནས་བཟུང་། ང་ཚོས‘ཁྱོན་ཡོངས་ལྔ’ཡི་ཆེད་དམིགས་བྱ་འགུལ་འཛིན་ལུང་དུ་བརྩིས་ཏེ། དམིགས་གཏད་ཇུས་འདོན་དང་གནད་འཁེལ་གསོ་སྐྱོང་སྒོས་སློབ་ཆེན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་གྲོང་གསེབ་དར་སྤེལ་གྱི་ཡུལ་དངོས་སུ་རྩལ་ནུས་ཇེ་ཆེ་དང་ཞབས་ཞུ་ཇེ་ལེགས། འཕེལ་རྒྱས་ལ་ཡར་སྐུལ་བྱེད་པར་རོགས་འདེགས་བྱས་པ་ཡིན།” ཟླ6པའི་ཚེས19ཉིན། ཟི་ལིང་གྲོང་ཁྱེར་ཧོང་ཡོན་རྫོང་ཉི་ཟླ་བོད་རིགས་ཞང་གི་རྩ་འཛུགས་ཨུ་ཡོན་ཧང་ཅན་ཞུན་གྱིས་དེ་ལྟར་བཤད།

ཧོང་ཡོན་རྫོང་གིས་སློབ་ཆེན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་སྐྱེད་སྲིང་བྱེད་པར་དམིགས་ཏེ། “ཁྱོན་ཡོངས་ལྔ”ཡི་ཆེད་དམིགས་བྱ་འགུལ་ནུས་ཤུགས་ཡོད་རྒུས་སྤེལ་བ་སྟེ།  ཁྱོན་ཡོངས་ནས་སྡེ་བའི་གནས་ཚུལ་ལ་གྲལ་བཤེར་ཐེངས་གཅིག་བྱེད་པ་དང་། ཁྱོན་ཡོངས་ནས་ཁྱིམ་ཚང་དུ་སོང་ནས་འཚམས་འདྲི་ཐེངས་གཅིག་བྱེད་པ། ཁྱོན་ཡོངས་ནས་དམངས་འཚོའི་དོན་དངོས་ཁག་གཅིག་སྒྲུབ་པ། ཁྱོན་ཡོངས་ནས་བཅོས་སྐྱོང་དཀའ་གནད་སྐོར་ཞིག་དག་སྒྲིག་བྱེད་པ། ཁྱོན་ཡོངས་ནས་ཐོན་ལས་ལས་གཞི་ཁག་གཅིག་འཆར་འགོད་བྱེད་པ་བཅས་ལ་བརྟེན་ནས་སློབ་ཆེན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་སྡེ་བའི་གནས་ཚུལ་ལ་རྒྱུས་ལོན་པ་དང་རྩལ་ནུས་ཇེ་ཆེར་གཏོང་བར་རོགས་རམ་བྱས།

ཧོང་ཡོན་རྫོང་གིས་ཡུལ་དངོས་ལྟ་ཞིབ་དང་བཞུགས་མོལ་བརྗེ་རེས་སོགས་བྱེད་ཐབས་སྤྱོད་པ་དང་། སྡེ་བའི་གནས་ཚུལ་རྩིས་ཐོ10བཙུགས་ཤིང་། སྡེ་བའི་མི་འདང་ས་དང་འཕེལ་རྒྱས་ཡིབ་ཤུགས་གནད་འཁེལ་སྒོས་རྒྱུས་ལོན་བྱས་ཏེ། སློབ་ཆེན་པའི་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིས་ལས་འགན་འཁུར་བར་རྨང་གཞི་བརྟན་པོ་བཏིངས། ཞིང་ཁྱིམ4900ལྷག་ལ་འཚམས་འདྲི་བྱས་པ་དང་། ཐོན་ལས་འཕེལ་རྒྱས་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་བསམ་འཆར་དང་བསམ་ཚུལ128སྡུད་ལེན་བྱས་པར་མ་ཟད། “དམངས་འཚོའི་རེ་ཞུ་ཞིབ་ཐོ”བཙུགས་ཏེ། རང་འགུལ་གྱིས་ཆ་སྒྲིག་བྱས་ནས་རེ་རེ་བཞིན་བསྒྲུབས། དམངས་འཚོའི་དོན་དངོས་ལ་དམིགས་ཏེ། གཞུང་ལམ་ལེགས་བསྒྱུར་དང་ཞིང་ཚིགས་བར་གྱི་བགྲོད་ལམ་ཞིག་གསོ་སོགས་ཀྱི་གནད་དོན10ཐག་བཅད། སན་ཀུན་སྡེ་བའི་ཏང་ཀྲི་པུའུ་ཡིས་ཆུ་ལོག་སྐབས་ཀྱི་ཞིང་ཚིགས་བགྲོད་ལམ་སྤྱི་ལེ2དང་ཆུ་ཡུར་སྤྱི་ལེ1ཞིག་གསོ་བྱས། དགོན་པ་སྡེ་བའི་ཏང་ཀྲི་པུའུ་ཡིས་ལམ་འགྲམ་གཟར་ངོས་སྐྱོར་ར་སྨི30ཞིག་གསོ་བྱས། “ཞང་ཏང་ཨུས་མཛུབ་སྟོན+ཧྲུའུ་ཅི་རྒན་པས་རོགས་ཁྲིད+སྡེ་བ་བརྒལ་ནས་བརྗེ་རེས”བྱས་པ་བརྒྱུད། གཞིས་ཆགས་ཁོར་ཡུག་བཅོས་སྐྱོང་སོགས་ཀྱི་དཀའ་གནད་གནད་དོན13ཐག་བཅད་པ་དང་། ཞིང་སྡེའི་ཡུལ་སྐོར་དང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་སོགས་ཀྱི་ལས་གཞི10འཆར་འགོད་བྱས། ཨོ་ཡོ་ཐང་སྡེ་བའི་ཏང་ཀྲི་པུའུ་ཡིས་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་གྱི་ལས་གཞི་བརྩོན་ལེན་བྱས་ཏེ། སྡེ་བར་ཆུ་ཁུང་དང་སྣུམ་ལམ་ལས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།