ཟླ7པའི་ཚེས3ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཆིན་ཧྭ་སློབ་ཆེན་དུ་འཛམ་གླིང་ཞི་བདེ་གླེང་སྟེགས་སྐབས་བཅུ་གསུམ་པའི་འགོ་རྩོམ་མཛད་སྒོར་ཞུགས་པར་མ་ཟད་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་བསྟན་དོན། དེང་སྐབས། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་མྱུར་མོར་འཕེལ་འགྱུར་འབྱུང་བཞིན་ཡོད་པ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་འགལ་རྐྱེན་གཅིག་འཇགས་གཅིག་ལངས་ཡིན་ལ། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལས་དོན་ཐད་ནས་ཛ་དྲག་ཆེ་བའི་འགྲན་སློང་ལ་འཕྲད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་བདེ་འཇགས་གྲོས་གཞི། འཛམ་གླིང་ཧྲིལ་བོའི་དཔལ་ཡོན་གྲོས་གཞི་བཅས་བཏོན་ནས། མིའི་རིགས་ཀྱི་ཞི་བདེ་འཕེལ་རྒྱས་དང་འབྲེལ་བའི་གནད་དོན་གལ་ཆེན་ཐག་གཅོད་པའི་ཐད་ཀྲུང་གོའི་ཇུས་གཞི་འདོན་སྤྲོད་བྱས།
ཧན་ཀྲིན་གྱིས་བསྟན་དོན། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡིན་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་བརྒྱད་ཅུ་འཁོར་བའི་ལོ་ཡང་ཡིན་པས། ཀྲུང་གོས་རྒྱལ་ཁབ་སོ་སོ་དང་མཉམ་དུ་འཛམ་གླིང་ཞི་བདེ་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སྔར་ལས་མཛེས་སྡུག་གི་འཛམ་གླིང་མཉམ་དུ་འཛུགས་སྐྲུན་བྱེད་འདོད་ཡོད།
ཧན་ཀྲིན་གྱིས་གྲོས་གཞི་བཞི་བཏོན་པ་སྟེ། གཅིག་ནི་ལོ་རྒྱུས་མེ་ལོང་དུ་བཟུང་ནས། མཉམ་དུ་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་དགོས། མཉམ་འབྲེལ་རྒྱལ་ཚོགས་དཀྱིལ་སྙིང་དུ་བྱས་པའི་རྒྱལ་སྤྱིའི་མ་ལག་དང་རྒྱལ་སྤྱིའི་བཅའ་ཁྲིམས་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་སྒྲིག་ལམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་ཀྱི་དགོངས་དོན་དང་རྩ་དོན་རྨང་གཞི་རུ་བྱས་པའི་རྒྱལ་སྤྱིའི་འབྲེལ་བ་བཅས་ཀྱི་གཞི་རྩའི་ཚད་འཛིན་སྲུང་སྐྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས།
གཉིས་ནི་མཐུན་སྒྲིལ་རོགས་ལས་རྒྱུན་འཁྱོངས་བྱས་ཏེ། མཉམ་དུ་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་འཐུས་ཚང་དུ་གཏོང་དགོས། མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྲོས་མོལ་རྒྱུན་འཁྱོངས་བྱས་ནས། སྔར་ལས་དྲང་གཞག་དང་ལུགས་མཐུན་གྱི་འཛམ་གླིང་ཧྲིལ་བོའི་བཅོས་སྐྱོང་མ་ལག་མྱུར་དུ་འཛུགས་དགོས།
གསུམ་ནི་སྒོ་འབྱེད་མཉམ་ལས་རྒྱུན་འཁྱོངས་བྱས་ནས། མཉམ་དུ་འཛམ་གླིང་དར་རྒྱས་གོང་འཕེལ་གཏོང་བར་སྐུལ་འདེད་གཏོང་དགོས། ཕན་ཚུན་བརྟེན་གནས་དང་མཉམ་ལས་མཉམ་རྒྱལ་ཇེ་ཟབ་ཏུ་གཏོང་བ་དང་། ཕྱོགས་མང་ཉོ་ཚོང་སྒྲིག་གཞི་དང་འཛམ་གླིང་ཧྲིལ་བོའི་ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་གྱི་བརྟན་འཇགས་གེགས་མེད་དང་སྒོ་འབྱེད་མཉམ་ལས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་མཉམ་དུ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་དཔལ་འབྱོར་དཀྱེལ་ཡངས་རང་བཞིན་གྱིས་འཕར་སྣོན་འབྱུང་བར་སྐུལ་འདེད་གཏོང་དགོས།
བཞི་ནི་སྐྱིད་སྡུག་མཉམ་མྱོང་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ནས། མཉམ་དུ་དེང་རབས་ཅན་དུ་ཞུགས་དགོས། སོ་སྲུང་རོགས་རེས་རྒྱུན་འཁྱོངས་བྱེད་པ་དང་། འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་གོ་གནས་གཙོ་བོར་འཇོག་པ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ཀྱི་གནད་དོན་ཐག་བཅད་དེ། འཛམ་གླིང་ཧྲིལ་བོའི་འཕེལ་རྒྱས་ཀྱི་འདྲ་མཉམ་མིན་པ་དང་དོ་མི་མཉམ་པའི་གནད་དོན་ཐག་གཅོད་པར་ཤུགས་འདོན་དགོས།
འཇར་པན་གྱི་དབུ་བཞུགས་བློན་ཆེན་ཅིག་ཧྲན་ཡོའུ་ཅི་ཧྥུའུ་དང་པི་ལི་ཧྲིའི་སྔོན་ཆད་ཀྱི་དབུ་བཞུགས་བློན་ཆེན། ཡོ་རོབ་གླིང་ལས་འཛིན་ལྷན་ཚོགས་ཀྱི་སྔོན་ཆད་ཀྱི་ཀྲུའུ་ཞི་ཧྥན་ཕེ་ལུང་སོགས་ཕྱི་རྒྱལ་གྱི་སྔོན་ཆད་ཀྱི་ཆབ་སྲིད་མི་སྣ་གཙོ་བོ་དང་ཀྲུང་གོར་སྡོད་པའི་གཞུང་ཚབ་ཆེན་མོ། ཀྲུང་གོ་དང་ཕྱི་རྒྱལ་གྱ་རིག་གནས་པ་སོགས་ཧ་ལམ་མི་བཞི་བརྒྱ་ལྷག་ཚོགས་འདུར་ཞུགས།