ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་ཁུལ་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ7པའི་ཚེས2ནས་ཚེས3ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་དུ་རྟོག་ཞིབ་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་སྒོས་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དངོས་འབེབ་ནན་མོ་བྱེད་པ། བློ་བརྟན་འགྱུར་མེད་སྒོས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ། གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྒྱུན་སྐྱོང་བ། རྣམ་པ་གསར་པའི་བཟོ་ལས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།    སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འགུལ་ནུས་གསར་པ་དང་ཁྱད་སྟོབས་གསར་པ་རྒྱུན་ཆད་མེད་པར་བསྐྲུན་པ་བཅས་བྱས་ཏེ།    དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་འབད་བརྩོན་ཆེན་པོས་སྔོན་བརྩོན་དང་ཞུམ་པ་མེད་པར་འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་དགོས།

ཁྲ་ཨར་ཧན་ཚྭ་མཚོའི་ཐེ་ཏུང་ས་ཁུལ་དང་།    ཚྭ་འདམ་ཆེ་བའི་ཧི་ཞིན་ཚན་རྩལ།    ཀྲུང་གོ་ཚྭ་མཚོའི་མཚོ་སྔོན་ཁུ་ནུ་བུལ་ལས་རིགས་ཀུང་ཟི་བཅས་སུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་བསྟན་པའི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་།  ན་གོར་མོའི་ཚྭ་མཚོའི་ལྗང་མདོག་ཐོན་ལས་གླིང་སོགས་ཀྱི་འཆར་འགོད་འཛུགས་སྐྲུན་གནས་ཚུལ་ལ་ཉན། ཁོས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ཟབ་མོ་བྱས་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་བློ་བརྟན་འགྱུར་མེད་སྒོས་ཕྲག་ཏུ་བླངས་ཏེ། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོས་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ཐད་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་།    གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་བ། མ་ལག་ལྡན་པའི་འཆར་འགོད་བྱས་ནས་ཐོན་ལས་ལྗང་མདོག་ཐཱན་ཉུང་དང་འཁོར་སྐྱོད་ཀྱི་འཕེལ་རྒྱས་ལ་སྐུལ་དགོས།

མཚོ་སྔོན་ཚྭ་མཚོའི་བཟོ་ལས་མ་རྐང་ཚད་ཡོད་ཀུང་ཟིས་ལོ་རེར་ཏུན་ཁྲི4རྨང་གཞི་ཡིན་པའི་ལིས་ཚྭ་གཞི་གཅིག་ཅན་གྱི་ལས་གཞི་ད་ལོའི་ཟླ6པར་ཐོན་སྐྱེད་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་། ལས་གཞི་དེས་སྲོལ་རྒྱུན་གྱི་ལིས་འདོན་ལག་རྩལ་གྱི་བཀག་རྒྱ་གཏོར་ནས། ལིས་ཐོན་ཁུངས་ལེན་པའི་ལས་ཕྱོད་དང་སྤུས་ཚད་ཀྱི་མཆོང་བརྒལ་རྣམ་པས་མཐོར་འདེགས་བྱུང་། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ལས་གཞི་འཛུགས་སྐྲུན་འཕེལ་རིམ་དང་། བཟོ་རྩལ་གྱི་བརྒྱུད་རིམ་དང་རིག་ནུས་སྒྲིག་ཆས་ལ་རྟོག་ཞིབ་བྱས་པ་དང་། ཁེ་ལས་ཀྱིས་རིག་ནུས་ཅན་གྱི་ཚད་ཤིང་བཟོ་གྲྭ་འཛུགས་སྐྲུན་ལ་མྱུར་དུ་སྐུལ་འདེད་གཏོང་བ་དང་།   ཕྲེང་འབྲེལ་གྱི་བདག་པོ་དང་ལས་རིགས་སྔོན་ཐོན་གྱི་བཟོ་གྲྭ་ལེགས་པོ་བསྐྲུན་ཏེ། སྤུས་ལེགས་ཐོན་རྫས་ལ་བརྟེན་ནས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྲོམ་རར་སྣེ་ཁྲིད་བྱེད་དགོས་པའི་སྐུལ་ལྕག་བྱས།

ཀྲུང་ཀོང་ཉིང་རྡུལ་གཏེར་ལེན་ཁའི་ཀྲའོ་ཝ་ཁྲི་ལྔའི་གཞོང་ཤུར་རྣམ་པའི་འོད་ཤུགས་གློག་འདོན་ས་ཚིགས་དང་། མཚོ་སྔོན་ཀྲུང་ཁུང་གཏེར་ལེན་ཁའི་ཀྲའོ་ཝ་ཁྲི་ལྔའི་ཐོ་ལྕོག་རྣམ་པའི་འོད་ཤུགས་གློག་འདོན་ས་ཚིགས་སུ་བསྐྱོད་དེ། ལུའོ་ཏུང་ཁྲོན་གྱིས་གློག་འདོན་ས་ཚིགས་ཀྱི་འཁོར་སྐྱོད་དང་ཐོན་ལས་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། འོད་དང་ཚ་བའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་རང་ཞིང་གི་ནུས་ཁུངས་གསར་པའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་། རྣམ་པ་གསར་པའི་གློག་ཤུགས་མ་ལག་འཛུགས་སྐྲུན་ལ་རོགས་སྐྱོར་དང་རྒྱལ་ཁབ་ཀྱི་དག་གཙང་ནུས་ཁུངས་ཀྱི་ཐོན་ལས་མཐོ་ས་བསྐྲུན་པར་དོན་སྙིང་གལ་ཆེན་ལྡན་པས།    ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་ཀྱི་གཙོ་གཞིའི་གོ་གནས་ལ་ཤུགས་སྣོན་པ་དང་།    དགེ་མཚན་ལྡན་པའི་མངའ་ཁོངས་ཀྱི་སྔོན་ཐོན་གོ་གནས་སྲ་བརྟན་དང་མཐོར་འདེགས་གཏོང་བ།    ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་གཏིང་ཟབ་པའི་མཉམ་འདྲེས་ལ་སྐུལ་འདེད་གཏོང་དགོས།

ཀྲུང་ཁྲེ་གཏེར་ལེན་ཁ་དག་གཙང་ནུས་ཁུངས་ཀྱི་སྒྲིག་ཆས་བཟོ་བའི་ཐོན་ལས་ར་བ་དང་མཚོ་སྔོན་ཀན་ཧྥིན་ལིས་ལས་རིགས་ཀུང་སི་རུ། ལུའོ་ཏུང་ཁྲོན་གྱིས་ཁེ་ལས་ཀྱི་དག་གཙང་ནུས་ཁུངས་ཀྱི་སྒྲིག་ཆས་བཟོ་བ་དང་རྒྱུ་ཆ་གསར་པའི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་པ་དང་། གོ་རིམ་རྗེས་མར་ཕྲེང་འབྲེལ་གཙོ་བོའི་ནུས་པ་འདོན་སྤེལ་ལེགས་པོ་བྱས་ཏེ། ཐོན་ལས་ཕྲེང་འབྲེལ་རྒྱུན་སྲིང་དང་ཐོན་ལས་སྐྱེ་ཁམས་འཐུས་ཚང་ལ་སྐུལ་འདེད་བཏང་ནས། སྟོད་སྨད་རྒྱུད་ཀྱི་ཁེ་ལས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་སྔར་ལས་ལེགས་པོ་བྱེད་དགོས་པ་ནན་གྱིས་བསྟན།

ཁྲ་ཨར་ཧན་ཚྭ་མཚོའི་ལྗོངས་ཁུལ་དུ། ལུའོ་ཏུང་ཁྲོན་གྱིས་ཡུལ་དངོས་སུ་ཞབས་ཞུའི་སྒྲིག་ཆས་དང་མཛེས་ལྗོངས་ཁུལ་གྱི་ཚོང་གཉེར་གནས་ཚུལ་སོགས་ལ་རྒྱུས་ལོན་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་པར་བསམ་ཚུལ་བརྗེ་རེས་བྱས་པ་དང་། ཁོ་ཚོས་བསམ་འཆར་དང་གྲོས་གཞི་བཏོན་པར་ཉན། ཁོས་བསྟན་དོན། རྒྱལ་ནང་དང་རྒྱལ་སྤྱིའི་ལས་རིགས་ཀྱི་སྔོན་ཐོན་ཚད་གཞིར་དཔེ་སྡུར་བྱས་ཏེ། འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་དང་ཡུལ་སྐོར་ཞབས་ཞུ་ཇེ་ལེགས་སུ་གཏོང་བ། ཧུར་ཐག་གིས་བཟོ་ལས་ཡུལ་སྐོར་ཞིབ་འཇུག་དང་སློབ་གསོ། ཡུལ་སྐོར། ཁྱབ་བསྒྲགས་བཅས་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ནས། ཐོན་ལས་ཀྱི་གནས་བཞི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་སྔར་ལས་བཟང་པོ་བྱེད་དགོས།

ལིའུ་ཁྲའོ་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།