རང་རེའི་དྲ་བའི་འཕྲིན། མཚོ་ལྷོ་ཁུལ་གྱི་མཐོ་འབྲིང་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་དང་བསླབ་གནས་མཐོ་བའི་འཇོན་མི་ནང་འདྲེན་བྱ་ཆེད། 《2025ལོའི་ཞིང་ཆེན་ཡོངས་ཀྱི་དོན་ལས་ལས་ཁུངས་ཀྱི་ལས་བསྡུ་བྱ་བའི་ཇུས་གཞི་པར་འགྲེམ་བྱེད་པའི་ཐད་ཀྱི་བརྡ་ཐོ》(མཚོ་སྲིད་གཞུང་ཨང〔2025〕3པ)དང《2025ལོའི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་བསྡུ་བའི་བྱ་བའི་ཇུས་གཞི་པར་འགྲེམ་བྱེད་པའི་ཐད་ཀྱི་བརྡ་ཐོ》ཡི་བླང་བྱ་དང་གཏན་འབེབས་ལྟར་དགེ་རྒན་བསྡུ་བའི་འབྲེལ་ཡོད་བརྡ་ཐོ་གཤམ་གསལ།
གཅིག །ཆ་རྐྱེན།
1.ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཡིན་དགོས།
2.རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་ཀུན་སྤྱོད་ཅུང་ལེགས་པོ་ལྡན་པ། ཏང་གི་སློབ་གསོའི་ལས་དོན་ལ་དགའ་ཞིང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་དགོས།
3.རབ་འབྱམས་ཞིབ་འཇུག་སློབ་མ་དང་དེའི་ཡན་གྱི་བསླབ་གནས་ལྡན་དགོས་ཤིང་། དངོས་གཞི་དང་ཞིབ་འཇུག་སློབ་མའི་སྐབས་སུ་སྦྱངས་པའི་ཆེད་ལས་ངེས་པར་དུ་གཅིག་མཐུན་ནམ་ཐག་ཉེ་དགོས།
4.2025ལོའི་མཐར་ཕྱིན་སློབ་མ་དགེ་རྒན་བསྡུ་བའི་རྒྱུགས་ལ་ཞུགས་སྐབས་སློབ་གྲྭའི་བཏོན་པའི་བསླབ་གནས་དང་ཆེད་ལས། མཐར་ཕྱིན་འཛིན་ཡིག་གི་བདེན་དཔང་ཡི་གེ་གདོན་དགོས། དེ་མིན 2025ལོའི་ཟླ7པའི་ཚེས31ཉིན་གྱི་སྔོན་ལ་ལས་གནས་དང་མཐུན་པའི་བསླབ་གནས་ངེས་པར་དུ་འདོན་སྤྲོད་བྱ་དགོས།
5.ལོ35མན་ཡིན་དགོས། འབུམ་རམས་པའི་བསླབ་གནས་ལྡན་ཚེ་ལོ45ལ་བཤོལ་བཏབ་ཆོག
6.མཐོ་འབྲིང་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་དགོས་པ་དང་།དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་སྟེང་གི་དཀྲི་བྱའི་བསླབ་ཚན་དང་རྒྱུགས་སྤྲོད་སའི་ལས་གནས་ཀྱི་བསླབ་ཚན་དང་གཅིག་མཐུན་ཡིན་དགོས།
7.གཞུང་ཞབས་པའི་ཞབས་ཞུའི་དུས་ཡུན་ལོ5ལོན་ཡོད་ཚེ་ད་ཡོད་ཀྱི་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གི་ཆོག་འཐུས་ཐོབ་རྟིང་རྒྱུགས་ལ་ཞུགས་ཆོག
8.གཟིགས་པོ་བདེ་ཐང་དང་ལས་གནས་ཀྱིས་བཏོན་པའི་འབྲེལ་ཡོད་ཆ་རྐྱེན་གཞན་དག་ཚང་དགོས།
གཉིས། མིང་ཐོ་འགོད་པའི་དུས་ཚོད།
1.མིང་ཐོ་འགོད་སྟངས། ཡུལ་དངོས་ནས་མིང་ཐོ་འགོད་དགོས།
2.མིང་ཐོ་འགོད་པའི་དུས་ཚོད། 2025ལོའི་ཟླ7པའི་ཚེས14ནས་ཟླ7པའི་ཚེས18ཉིན་བར།
3.མིང་ཐོ་འགོད་སའི་ས་གནས། གསེར་ཆེན་རྫོང་མཁར་བྱང་གསར་ཁུལ་ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་གི་གཅིག་ཐོག །ཁུལ་སློབ་གསོ་རྒྱུགས་ལེན་ཞབས་ཞུ་ལྟེ་གནས་ཀྱི་གཞུང་སྒྲུབ་ཁང་གི་སྒོ་རྟགས་ཨང118པ།
4.མིང་ཐོ་དགོད་སྐབས་འབྲེལ་ཡོད་རྒྱུ་ཆའི་མ་ཡིག་དང་བསྐྱར་དཔར་རེ་གྲ་སྒྲིག་བྱ་དགོས།
གསུམ། གྲ་སྒྲིག་བྱ་དགོས་པའི་རྒྱུ་ཆ།
(1)《2025ལོའི་མཚོ་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་དཔྱད་ཞིབ་ལས་བསྡུའི་མཐོ་འབྲིང་དགེ་རྒན་གྱི་མིང་ཐོ་འགོད་པའི་རེའུ་མིག》།
(2)《སློབ་གསོ་པུའུ་ཡི་བསླབ་གནས་དཔང་ཡིག་གི་གློག་རྡུལ་ཐོ་འགོད་རེའུ་མིག》དང《སློབ་གསོ་པུའུ་ཡི་བསླབ་གནས་དྲ་ཐོག་ར་སྤྲོད་སྙན་ཞུ》།
(3)བསླབ་གནས་དང་ཐོབ་ཐང་ལག་ཁྱེར་གྱི་མ་ཡིག་དང་བསྐྱར་དཔར།
(4)དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་གི་མ་ཡིག་དང་བསྐྱར་དཔར།
(5)ཉེ་དུས་བླངས་པའི་ཚུན་གཉིས་ཅན་གྱི་ཚོན་ལྡན་པར་ཆུང(JPGརྣམ་པ།)།
(6)2025ལོའི་མཐར་ཕྱིན་སློབ་མས་སློབ་གྲྭའི་བཏོན་པའི་བསླབ་གནས་དང་ཆེད་ལས། མཐར་ཕྱིན་འཛིན་ཡིག་གི་བདེན་དཔང་ཡི་གེ་སོགས་འབྲེལ་ཡོད་རྒྱུ་ཆ་གྲ་སྒྲིག་བྱ་དགོས།
བཞི། བློ་འདྲི་ཡུལ།
0974-8510523
མཚོ་ལྷོ་ཁུལ་སློབ་གསོ་ཅུས།
2025ལོའི་ཟླ7པའི་ཚེས3ཉིན།
ཞིབ་ཕྲའི་གནས་ཚུལ་མཚོ་སྔོན་ཞིང་ཆེན་མི་དོན་རྒྱུགས་ལེན་དྲ་བར་གཟིགས་རོགས།