《མཚོ་སྔོན་ཞིང་ཆེན་གྱི་ཞོད་འགོག་ཐན་འགོག་གི་འཕྲལ་སྡོམ་སྔོན་ཇུས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་སྟེ། གྲོས་མོལ་དང་དཔྱད་ཞིབ་བྱས་པ་བརྒྱུད། ཞིང་ཆེན་ཞོད་འགོག་ཐན་འགོག་བཀོད་འདོམས་པུའུ་ཡིས་ཞིབ་འཇུག་བྱས་ནས། 2025ལོའི་ཟླ7པའི་ཚེས2ཉིན་གྱི་ཆུ་ཚོད20ནས་བཟུང་ཟི་ལིང་གྲོང་ཁྱེར་དང་། མཚོ་ཤར་གྲོང་ཁྱེར། མཚོ་ལྷོ་ཁུལ། མཚོ་བྱང་ཁུལ། རྨ་ལྷོ་ཁུལ་བཅས་ལ་རིམ་པ་བཞི་པའི་འཕྲལ་སྡོམ་དང་ལེན་བྱེད་རྒྱུའི་གཏན་འབེབས་བྱས་པ་རེད།