ཟླ7པའི་ཚེས1ཉིན། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏང་ཨུས་ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པ་དང་གྲོང་ཁྱེར་དང་རྫོང་། སྲིད་འཛིན་ཨུ་ཡོན་ལྷན་ཁང་སོ་སོའི་ཧྲུའུ་ཅི་རྩ་འཛུགས་བྱས་ནས་མུ་རིའི་གཏེར་ཁུལ་དུ་ཉེན་བརྡའི་སློབ་གསོ་དང་བརྗོད་དོན་ཏང་གི་ཉིན་མོའི་བྱ་འགུལ་སྤེལ་བ་དང་། བྱ་འགུལ་གྱིས་ཡུལ་དངོས་སློབ་ཁྲིད་བརྒྱུད་དེ་སྐྱེ་ཁམས་གཉིས་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་། དཔེ་གཞི་དཔྱད་གཞིར་འཛིན་པ་དང་སྒྲིག་ལམ་ཇེ་དམ་དུ་བཏང་སྟེ། ཀྲུང་དབྱང་ག་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པའི་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྔར་ལས་སྐུལ་འདེད་བཏང་།
ཅོག་རྒན་གཏེར་དུང་ལྔ་བའི་བྱང་ངོས་སུ། ཏང་ཡོན་ལས་བྱེད་པ་ཡོངས་གྲལ་བསྟར་སྒྲིག་ནས། ཏང་དར་ལ་ཁ་ཕྱོགས་ནས་ཏང་ནང་ཞུགས་སྐབས་ཀྱི་དམ་ཚིག་བསྐྱར་སྒྲོག་བྱས། དེའི་རྗེས། ཡུལ་དངོས་འགྲེལ་བཤད་དང་ཡུལ་དངོས་ལྟ་ཞིབ་བྱས་པ་བརྒྱུད་དེ། མུ་རི་གཏེར་ཁུལ་དེ་ཉམས་ཆག་ནས་ལྗང་མདོག་བསྐྱར་གསོན་བྱུང་བའི་ཕྱོགས་བསྡུས་བཅོས་སྐྱོང་གི་བརྒྱུད་རིམ་ལ་རྒྱུས་ལོན་གསལ་བོ་བྱས།
ཏང་བཙུགས་ནས་ལོ་བརྒྱ་དང་བཞི་འཁོར་བའི་དུས་སུ། མུ་རི་གཏེར་ཁུལ་སློབ་གསོ་སློབ་ཁྲིད་བྱེད་ས་རུ་བདམས་པ་དེ་ནི། སྐྱེ་ཁམས་ཉམས་གསོའི་ལག་ལེན་སློབ་གཞི་རུ་བྱས་པའི་སིམ་རྣམ་གྱི་སློབ་ཁྲིད་ཅིག་ཡིན་ལ། ཏང་གཤིས་སྦྱོང་བརྡར་གཏིང་ཟབ་པ་ཞིག་ཀྱང་ཡིན། མཚོ་ནུབ་ཁུལ་གྱི་ཏང་ཨུའི་ཧྲུའུ་ཅི་ཀྲུའུ་ཞང་ཏུང་གིས་ཡུལ་དངོས་ནས་བཤད་རྒྱུར། མུ་རི་གཏེར་ཁུལ་དེ་སྔོན་ཆད་ཀྱི་སྒྲིག་ལམ་མེད་པའི་སྔོག་འདོན་བརྒྱུད་དེ་སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ་དང་། དེ་ནི་མཚོ་ནུབ་ཀྱི་ལས་བྱེད་པའི་སེམས་ཀྱི་བསུབ་ཐབས་བྲལ་བའི་རྨ་ཁ་ཞིག་ཡིན་ལ། ད་ལྟ་གཏེར་ཁུལ་དུ་རྩྭ་སྔོ་ཆུ་དྭངས་ཀྱི་སྐྱེ་སྟོབས་རྒྱས་ཡོད་ན་ཡང་། སྐྱེ་ཁམས་བཅོས་སྐྱོང་གི་མཁྲེགས་གཏོར་བྱ་བའི་འདིའི་ཐད་རིན་དོད་ཆེན་པོ་བཏང་ཡོད། ང་ཚོས་མུ་རིའི་གཏེར་ཁུལ་གྱི་ཁྲིམས་འགལ་སྔོག་འདོན་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་འཐབ་ཇུས་གོ་གནས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ཡང་དག་པའི་ཆབ་སྲིད་གྲུབ་འབྲས་ཀྱི་ལྟ་བ་བརྟན་པོ་ཆགས་པར་བྱས་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་སྲུང་སྐྱོབ་ལ་གཅིག་འདོམས་བྱེད་དགོས། སྐྱེ་ཁམས་གཉིས་རྒྱུན་མཐུད་ངང་ཉམས་གསོ་གཙང་བསྒྱུར་བྱེད་པ་དང་། དཔེ་གཞིས་ལེགས་བཅོས་ལ་སྐུལ་བ་དང་དཔེ་གཞིས་བཅོས་སྐྱོང་ལ་སྐུལ་ནས། གྲི་ཁ་ནང་ལ་གཏོད་པའི་སྙིང་སྟོབས་ཁྱེར་ནས་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བསྐྱར་འཛུགས་བྱེད་པ་དང་། ཡུན་རིང་གི་གྲུབ་འབྲས་ལེན་པའི་ངེས་ཤུགས་ལ་བརྟེན་ནས་མཛེས་སྡུག་གི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ཇེ་དམ་དུ་གཏོང་བ་དང་། ལམ་ལུགས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་པ། ལག་བསྟར་དམ་འཛིན་ནན་མོ་བྱས་ཏེ། བྱ་བ་ཅི་ཞིག་སྒྲུབ་ན་ཆབ་སྲིད་གླེང་བ་དང་སྒྲིག་ལམ་བརྩི་བའི་སྣང་ཚུལ་སྟུག་པོ་གྲུབ་པར་བྱེད་དགོས།