ཉེ་ཆར། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་ཐག་གཅོད་བྱས་པའི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འཁེལ་འཆར་ཟིན། བཟོ་བཅོས་གཏན་འཁེལ་གསར་པའི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ནི་སང་ལོའི་ཟླ1ཚེས1ཉིན་གྱི་ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། ལོ20འགོར་རྗེས་སླར་ཡང་བཟོ་བཅོས་གཏན་འཁེལ་བྱས་པའི་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཁྲོད་གཙོ་བོ་གང་དག་ཡོད་དམ།
ཁྱིར་རྨུགས་དུ་བཅུག་པའི་བདེ་སྲུང་གི་ཁྲིམས་ཆད།
གྲོང་ཁྱེར་མང་པོ་ཞིག་གི་སྡོད་ཁུལ་དུ་ཁྱི་ལ་འདོགས་ཐག་མེད་པ་དང་མཆུ་ཤུབས་མི་བསྐོན་པ་སོགས་ཀྱིས་ལམ་འགྲོ་བར་ཁྱིས་རྨུགས་པའི་དོན་དག་དམངས་དོན་ཁྲིམས་གཞུང་ལྟར་ཐག་གཅོད་ཀྱིན་ཡོད་པས། སྨན་རིན་མ་གཏོགས་ཁྲིམས་ཆེན་པོ་འཁུར་མི་དགོས།
ཁྲིམས་འགལ་ལུགས་འགལ་ངང་ཉེན་ཁ་ཅན་གྱི་ཁྱི་བཙན་པོ་སོགས་གསོས་ནས་ཉོ་འཚོང་བྱེད་པ་ལ། ཐོག་མར་ཉེན་བརྡ་གཏོང་ངེས།
ཉེན་བརྡ་བཏང་རྗེས་ད་དུང་ཡོ་བསྲང་མི་བྱེད་པ་དང་། ཡང་ན་སྲོག་ཆགས་ཀྱིས་གཞན་ལ་གནོད་འཚེ་བཏང་བ་ཡིན་ན། ཉིན་ལྔའི་མན་གྱི་བཀག་སྐྱིལ་དང་སྒོར་སྟོང་གཅིག་མན་གྱིས་ཆད་པ་གཅོད་ངེས།
དོན་དག་ཚབས་ཆེ་ན་ཉིན་ལྔའི་ཡན་དང་ཉིན་བཅུའི་མན་གྱི་བཀག་སྐྱིལ་ཁྲིམས་ཆད་གཅོད་ངེས།
གཏན་འཁེལ་འདིས་ཁྲིམས་འགལ་ངང་སྲོག་ཆགས་གཏུམ་པོའི་རིགས་ཀྱི་ཉོ་ཚོང་བྱེད་པའི་འགོ་ཁུངས་དེར་བཅོས་སྒྲིག་བྱས་ཏེ། སྤྱི་ཚོགས་སྟེང་སྲོག་ཆགས་གཏུམ་པོ་ཁྱབ་ཚད་ཇེ་ཉུང་དུ་གཏོང་བ་མ་ཟད། དེ་ནི་མང་ཚོགས་ལ་མཚོན་ན། སྲོག་ཆགས་གཏུམ་པོའི་འཇིག་པར་འཕྲད་དུས་རང་ཉིད་ལ་སྲུང་སྐྱོབ་བྱེད་པའི་ཁྲིམས་ལུགས་ཀྱི་གོ་ཆ་དང་སྤྱི་བའི་བདེ་འཇགས་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་ཐུབ།
གཞན་གྱིས་གཅར་རྡུང་བྱས་ན་ཕྱིར་ལག་འགུལ་རུང་ངམ།
ཁྲིམས་གསར་ནང་དུ་འོས་མཐུན་འགོག་སྲུང་ཡིན་པས་ཁྲིམས་ཆད་མི་ཕོག
2020ལོའི་ཟླ11པའི་ཚེས22ཉིན། ཧྲན་ཏུང་ཙི་པའོ་ཡིའི་ཟ་ཁང་ཞིག་ཏུ་བུད་མེད་ཀྲང་གིསལ་ཆང་གིས་བཟི་བའི་སྐྱེས་པ་ལི་ག་གེ་མོས་གཅར་རྡུང་བྱས་པར་ཕྱིར་ལག་འགུལ་བ་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཆེས་ཐོག་མར་རྡུང་རེས་བྱས་པར་གཏན་འཁེལ་བྱས་པ་མ་ཟད། གཉིས་ཀ་སྲིད་འཛིན་བཀག་ཉརབཀག་སྐྱིལ་བྱས། ཞིབ་དཔྱོད་ཁང་གིས་བསྐྱར་གཅོད་ཡོང་རེ་ཞུས་པ་ལ་མཐར་མཇུག་ཁྲིམས་ཁང་གིས་བུད་མེད་ཀྲང་གིས་ཕྱིར་ལག་འགུལ་བ་ནི་ཁྲིམས་དང་འགལ་མེད་པའི་ཐག་གཅོད་བྱས།
ལོ་འདི་གར་ཀུན་གྱིས་གླེང་བཞིན་པའི་བུད་མེད་ཀྲང་ལྟར་འགོག་སྲུང་ལ་ཁྲིམས་ཆད་ཕོགས་པ་ནི་ཁྲིམས་ལུགས་ལ་གཏན་འཁེལ་གསལ་བོ་ཞིག་མེད་པས་སྤྱི་དམངས་ཀྱི་ལུགས་མཐུན་འགོག་སྲུང་ལ་ཁྲིམས་ཀྱི་ཉེན་ཁར་འཕྲད་པ་རེད།
མང་ཚོགས་ཀྱི་བསམ་འཆར་དང་བསྟུན་ནས་གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་ཀྱི་ཐག་གཅོད་བྱ་ཐབས་ནང་སྤྱི་དམངས་ཀྱིས་ཁྲིམས་འགལ་གནོད་འཚེ་ལ་འོས་མཐུན་འགོག་སྲུང་དབང་ཆ་ཡོད་པའི་གཏན་འབེབས་འགའ་ཡོད་དེ།
འོས་མཐུན་འགོག་སྲུང་དབང་ཆ་ཁྲིམས་མཐུན་ཡིན་པ་ཁ་གསལ་བཟོས་པ། ཁྲིམས་གསར་པའི་ནང་དུ་སྤྱི་དམངས་ལ་ཁྲིམས་མཐུན་མ་ཡིན་པའི་གནོད་འཚེ་ཡོང་དུས། རང་ཉིད་དང་མི་གཞན། རྒྱུ་ནོར་བདེ་འཇགས་བཅས་ཀྱི་ཆེད་འགོག་སྲུང་བྱས་ཆོག་པའི་དབང་ཆ་ཡོད།
འགོག་སྲུང་གི་ཚད་ཐིག། འགོག་སྲུང་ཚད་རན་པོ་བྱེད་རྒྱུ་མ་གཏོགས་ཚད་བརྒལ་གྱི་འགོག་སྲུང་ནི་དགོས་མེད་ཀྱི་གནོད་སྐྱོན་ཡིན་པ་གསལ་བོར་བསྟན་ཡོད།
བཅའ་ཁྲིམས་འགན་འཁྲི་འཁུར་མི་དགོས་པ། འགོག་སྲུང་གི་ཆ་རྐྱེན་དང་མཐུན་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་མི་དགོས་པར་མ་ཟད། སྤྱི་དམངས་ཀྱི་འགོག་སྲུང་དབང་ཆའི་ཁྲིམས་མཐུན་རང་བཞིན་ལ་འགན་སྲུང་བྱ་དགོས།
གཞན་དོན་ལྷུར་ལེན་མཁན་ལ་སྲུང་སྐྱོབ་བྱེད་དགོས། སྤྱི་དམངས་ཀྱིས་གཞན་ལ་ཁྲིམས་མེད་ལུགས་མེད་ཀྱི་གནོད་འཚེ་ཡོང་དུས་གཞན་དོན་ལྷུར་ལེན་བྱེད་པར་སྐུལ་མ་གཏོང་དགོས། འགོག་སྲུང་ལ་ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱས་ནས་ཆད་པ་གཅོད་མི་རུང་།
དཔང་འདོན་འགན་འཁྲི་ཁ་གསལ། འགོག་སྲུང་རང་བཞིན་གྱི་བྱེད་ཐབས་ལ་རྩོད་གླེང་བྱུང་དུས། སྤྱི་བདེ་ལས་ཁུངས་ཀྱིས་བདེན་དཔང་གསལ་པོ་བླངས་ཏེ།འགོག་སྲུང་དངོས་ཡིན་མིན་དྲང་བདེན་གྱིས་ཐག་གཅོད་བྱེད་པར་འགན་སྲུང་བྱེད་དགོས།
གཏན་འཁེལ་འདི་དག་ལས་སྤྱི་དམངས་ཀྱིས་འགོག་སྲུང་བྱེད་དགོས་དུས་འགོག་སྲུང་བྱས་ཆོག་པའི་དབང་ཆ་དང་འགོག་སྲུང་གི་ཚད་ཐིག་གཏན་འཁེལ་གསལ་པོ་བཟོས་ཡོད་པ་མ་ཟད། སྤྱི་དམངས་ཀྱིས་གཞན་ལ་ཁྲིམས་མེད་ལུགས་མེད་ཀྱི་གནོད་འཚེ་ཡོང་དུས་གཞན་དོན་ལྷུར་ལེན་བྱེད་པར་སྐུལ་མ་གཏོང་དགོས།
ནར་མ་སོན་པའི་མིའི་ཁྲིམས་འགལ་ནག་ཉེས་བཟོས་ན་ཆད་པ་ཅི་ལྟར་གཅོད་དགོས།
ལོ་ན14~18ཅན་གྱིས་ཁྲིམས་འགལ་བྱས་ན་བཀག་སྐྱིལ་བྱེད་སྲིད།
གསར་དུ་བཟོ་བཅོས་བྱས་པའི་ནང་བདེ་སྲུང་དོ་དམ་ཆད་གཅོད་བཅའ་ཁྲིམས་ལས་ནར་མ་སོན་པའི་མིར་སྲུང་སྐྱོབ་དང་སློབ་རྭའི་བདེ་འཇགས་སོགས་ཀུན་གྱིས་གླེང་བཞིན་པ་གཙོ་གནད་དུ་བཟུང་ནས། ལོ་ན14~16ཅན་གྱི་ནར་མ་སོན་པའི་མིས་ལོ་གཅིག་གི་ནང་དུ་ཁྲིམས་འགལ་ཐེངས་གཉིས་དང་། ཡང་ན་དོན་དག་ཚབས་ཆེན་བཟོས་པ་ཡིན་ན་བཀག་སྐྱིལ་བྱེད་ངེས། ད་དུང་སྤྱི་བདེ་ལས་ཁུངས་ཀྱིས་གཅར་རྡུང་དང་འཇིགས་སྐུལ་བ་སོགས་སློབ་མར་བརྙས་བཅོས་བྱེད་པ་ལ་ཁྲིམས་ལྟར་ཐག་གཅོད་བྱེད་པ་མ་ཟད། སློབ་གྲྭ་དང་མཉམ་དུ་འགན་འཁྲི་བདའ་འདེད་ཀྱི་ལམ་སྲོལ་འཛུགས་པ་སོགས་རེད།
.མཐོ་རིམ་མི་དམངས་ཁྲིམས་ཁང་གི་གཞི་གྲངས་ལས་མངོན་པ་ལྟར་ན། ཉེ་བའི་ལོ་ངོ་གསུམ་གྱི་རིང་ནར་མ་སོན་པའི་མིས་ཁྲིམས་འགལ་བྱས་ཚད་སྤྱིའི་ཆ་ནས་ཇེ་མང་དུ་སོང་ཡོད་དེ། 2024ལོར་རྒྱལ་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་ལ་ནར་མ་སོན་པའི་ཉེས་གསོག་དོགས་ཡོད་མི101526གི་ཞུ་གཏུག་འབྱོར་པ་དེ་ལོ་སྔོན་མ་དང་བསྡུར་ན 4.3%འཕར་ཡོད། གསར་དུ་བཟོ་བཅོས་བྱས་པའི་ཁྲིམས་ཆད་དེ་ནར་མ་སོན་པའི་མིའི་གནད་དོན་སྟེང་གཏན་འབེབས་གལ་ཆེན་བྱས་ཡོད།
ཐོག་མར། ཁྲིམས་འདིར་ནར་མ་སོན་པའི་མིའི་སྲིད་འཛིན་བཀག་སྐྱིལ་བྱས་ཆོག་པར་བཅོས་ཡོད།
ལོ་ན14~16ཅན་གྱི་ནར་མ་སོན་པའི་མིས་ལོ་གཅིག་གི་ནང་དུ་ཁྲིམས་འགལ་ཐེངས་གཉིས་ཀྱི་ཡན་བྱས་ན་ཁྲིམས་ལྟར་བཀག་སྐྱིལ་བྱས་ཆོག
ལོ་ན14~16དང་ལོ་ན16~18ཅན་གྱིས་ཁྲིམས་འགལ་ནག་ཉེས་ཐོག་མར་བྱས་དུས་གནས་ཚུལ་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་ལ་གཅིག་མཚུངས་ཀྱིས་ཁྲིམས་ལྟར་སྲིད་འཛིན་བཀག་སྐྱིལ་བྱེད་ངེས།
སྔོན་ཆད་འདིའི་རིགས་ལ་སྲིད་འཛིན་བཀག་སྐྱིལ་མི་བྱེད་པའི་གནས་ཚུལ་ལ་འགྱུར་བ་བཏང་ཡོད།
བདེ་སྲུང་དོ་དམ་གྱི་ཆད་གཅོད་གསར་པའི་ནང་དུ། ནར་མ་སོན་པའི་མི་ལ་ཆད་པ་མི་གཅོད་པའང་སྲིད་འཛིན་བཀག་སྐྱིལ་ཡིན་ལ། སྤྱི་བདེ་ལས་ཁུངས་ཀྱི་ནར་མ་སོན་པའི་མིས་ཁྲིམས་འགལ་ནག་ཉེས་བཟོ་བར་སྔོན་འགོག་བྱེད་པའི་གཏན་འཁེལ་ལྟར། དེ་མཐུན་གྱི་ཡོ་བསྲང་སློབ་གསོ་སོགས་གཏོང་དགོས།
སློབ་མར་བརྙས་བཅོས་བྱས་པ་ལ་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོས་ཡོད།
སྤྱི་བདེ་ལས་ཁུངས་དང་སློབ་གྲྭ་གཉིས་ཀྱི་མཉམ་འབྲེལ་སྒོས་མཐུན་སྦྱོར་བཅོས་སྐྱོང་བྱ་དགོས།
ཉེ་བའི་ལོ་འདི་གར་སློབ་མར་བརྙས་བཅོས་བྱེད་པའི་སྣང་ཚུལ་དེ་སྤྱི་ཚོགས་ཀྱི་གླེང་གཞི་གཙོ་བོ་ཞིག་ཏུ་གྱུར་པ་མ་ཟད། ནར་མ་སོན་པའི་མིའི་ལུས་སེམས་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་བཞིན་ཡོད།
བདེ་སྲུང་དོ་དམ་ཆད་གཅོད་ཁྲོད་སློབ་མར་བརྙས་བཅོས་གཏོང་རྒྱུར་ཐག་གཅོད་བྱེད་ཐབས་ཁ་གསལ་བཟོས་ཡོད་དེ། གཅར་རྡུང་དང་དམའ་འབེབས། འཇིགས་སྐུལ་སོགས་ཀྱི་བྱེད་ཐབས་ཀྱིས་སློབ་མར་བརྙས་བཅོས་གཏོང་བའི་རིགས་ལ་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཐག་གཅོད་དང་ཡང་ན་ཡོ་བསྲང་སློབ་གསོ་ལྟར་ཐག་གཅོད་བྱེད་ངེས།
དེ་ལས་གཞན། གལ་ཏེ་སློབ་གྲྭའི་གཏན་འཁེལ་ལྟར་ཡར་ཞུ་མ་བྱས་པ་དང་ཡང་ན་སློབ་མར་བརྙས་བཅོས་ཀྱི་དོན་དག་ཚབས་ཆེན་ཐག་གཅོད་བྱས་པ་ཡིན་ན། ཡོ་བསྲང་བྱེད་དུ་འཇོག་པ་མ་ཟད། འབྲེལ་ཡོད་ལས་ཁུངས་ཀྱིས་འགན་ཁུར་པར་ཁྲིམས་ལྟར་ཆད་པ་གཅོད། དེ་བས་སྤྱི་བདེ་ལས་ཁུངས་དང་སློབ་གྲྭའི་མཉམ་འབྲེལ་སྒོས་སློབ་མར་བརྙས་བཅོས་ཀྱི་གནད་དོན་བཅོས་སྐྱོང་བྱ་བར་སྐུལ་མ་གཏོང་དགོས།
ད་དུང་ཁྲིམས་གསར་པའི་ནང་དུ་ནར་མ་སོན་པའི་མིར་རྩ་འཛུགས་དང་བཙན་གྱིས་ཆང་འཐུང་རོགས། གླུ་ལེན་རོགས་བྱེད་པ་སོགས་ལ་གླ་ངན་སྟེར་བའི་ལས་ལ་རྡུང་རྡེག་གཏོང་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།
ནར་མ་སོན་པའི་མིར་རྩ་འཛུགས་དང་བཙན་གྱིས་ཚུལ་མཐུན་མ་ཡིན་པའི་འདུ་རའི་ནང་དུ་གླ་ངན་ཡོད་པའི་ལས་བྱས་པ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་ཁྲིམས་ཆད་ནན་མོ་གཅོད་པ་དང་གནས་ཚུལ་ཚབས་མི་ཆེ་བར་སྒོར་མོའི་ཆད་པ་དང་བཀག་སྐྱིལ་སོགས་སྲིད་འཛིན་ཆད་གཅོད་བྱེད།
ནག་ཉེས་བཟོས་པར་ཁྲིམས་ལྟར་ཉེས་དོན་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་བྱ་རྒྱུ་ཡིན།
དེ་ལས་གཞན། མི་དམངས་ཉེན་རྟོགས་པའི་ཁྲིམས་ལག་བསྟར་བྱེད་པའི་བརྒྱུད་རིམ་ཁྲོད་དུ་ནར་མ་སོན་པའི་མིའི་གྱོད་ལ་འཕྲད་སྐབས། ཁྲིམས་ལག་བསྟར་གྱི་གོ་རིམ་ལ་སྔར་ལས་མི་གཤིས་རང་བཞིན་གྱི་གཏན་འཁེལ་ཡོད་དེ། ནར་མ་སོན་པའི་མིར་འདྲི་གཅོད་བྱེད་སྐབས། ལྟ་སྐྱོང་བྱེད་མཁན་དེར་ཐོན་མི་ཐུབ་ན། དེ་ཡི་ཤ་ཉེ་རྒན་པ་དང་སློབ་གྲྭའི་འཐུས་ཚབ་པ་སོགས་ཡུལ་དངོས་སུ་ཡོང་དགོས་པར་བརྡ་བཏང་ནས། ནར་མ་སོན་པའི་མིའི་སེམས་ཁམས་ལ་རམ་འདེགས་དང་དབང་ཆར་འགན་སྲུང་བྱེད་དགོས།