ཀྲུང་དབྱང་གསར་འགྱུར་གྱིས་སྤེལ་པའི་འཕྲིན་ལྟར་ན། བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་ཀྱི་བཟོ་བཅོས་གཏན་འབེབས་ལེགས་པར་གྲུབ་ཏེ། སང་ལོའི་ལུགས་གསར་ལོ་སར་ནས་བཟུང་ལག་བསྟར་བྱ་རྒྱུ། བཅའ་ཁྲིམས་ལས་ནར་མ་སོན་པའི་བྱིས་པའི་སྲིད་འཛིན་བཀག་ཉར་ལག་བསྟར་བྱེད་པའི་ཆ་རྐྱེན་ལེགས་སྒྲིག་བྱས་པ་འདི་ལྟར། ལོ14ནས16ཅན་གྱི་བྱིས་པས་ལོ་གཅིག་གི་ནང་བདེ་སྐྱོང་དོ་དམ་དང་འགལ་ཚད་ཐེངས་གཉིས་ཀྱི་ཡན་ལ་བསླེབ་ཚེ། ཁྲིམས་ལྟར་བཀག་ཉར་བྱ་ཆོག །དུས་མཚུངས་སུ། ལོ14ནས16བར་དང་དེ་མིན་ལོ16ནས18ཅན་གྱི་བྱིས་པ་ཐེངས་དང་པོར་བདེ་སྐྱོང་དོ་དམ་དང་འགལ་བ་ཡིན་ནའང་། གནས་ཚུལ་ཚབས་ཆེན་དང་ཤུགས་རྐྱེན་ངན་པའི་རིགས་ལ་ཁྲིམས་ལྟར་བཀག་ཉར་བྱ་ཆོག་པ་གཏེན་འབེབས་བགྱིས་ཏེ། དེ་སྔའི་ནར་མ་སོན་པའི་མི་ལ་སྲིད་འཛིན་བཀག་ཉར་གྱི་ཆད་པ་མི་གཅོད་པའི་གནས་ཚུལ་ལ་འགྱུར་བ་བཏང་ངོ་། །
ཟླ6པའི་ེཚེས27ཉིན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་དྲུག་པའི་སྟེང་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བའི་གསར་དུ་བཟོ་བཅོས་གཏན་འབེབས་བྱས་པའི་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས་དེ2026ལོའི་ཟླ1པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།