མཚོ་སྔོན་ཞིང་ཆེན་གྱི2025ལོའི་མཐོ་རྒྱུགས་བདེ་བླག་ངང་མཇུག་བསྒྲིལ།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ6པའི་ཚེས10ཉིན་གྱི་དུས་ཚོད11དང་སྐར་མ30སྟེང་། མཚོ་སྔོན་ཞིང་ཆེན་གྱི2025ལོའི་མཐོ་རྒྱུགས་བདེ་བླག་ངང་མཇུག་བསྒྲིལ་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྟོབས་ལྡན་གྱི་འགོ་ཁྲིད་འོག རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་གཟབ་ནན་སྒོས་འཆར་འགོད་བྱས་ཏེ།  བཀོད་སྒྲིག་ཞིབ་ཚགས་དང་། སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་བྱེད་པ། མཐུན་སྦྱོར་མཉམ་འགུལ་བྱེད་པ་དང་། ས་གནས་སོ་སོས་ཚན་རིག་དང་མཐུན་ལ་ཚད་ལྡན་ཡིན་པ། སྤྱོད་ཚུལ་དང་སྒྲིག་སྲོལ་ནན་མོས་རྒྱུགས་ལེན་པ་དང་། བདེ་བླག་ངང་རྒྱུགས་ལེན་བྱ་བ་མཇུག་རྫོགས།

མཚོ་སྔོན་ཞིང་ཆེན་གྱི་རྒྱུགས་ལ་བལྟ་བའི་བྱ་བ་ཟླ6པའི་ཚེས11ཉིན་འགོ་རྩོམ་རྒྱུ་ཡིན་པ་དང་། ཟླ6པའི་ཚེས25ཉིན་བསྡུ་ལེན་ཚོད་འཛིན་སྐར་གྲངས་དང་སློབ་མའི་རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་རྒྱུ་ཡིན་ཞིང་། མཐོ་རྒྱུགས་དང་བླངས་ཐོ་འགོད་སྲིད་ཇུས་གསབ་སྦྱོང་སྤེལ་རྒྱུ་རེད།  དེའི་རིང་།  ཟླ6པའི་ཚེས15ཉིན།  2025ལོའི་མཐོ་རྒྱུགས་གི་དབྱིན་ཡིག་ཁ་རྒྱུགས་རྒྱུགས་ལེན་སྤེལ་ནས། ཡང་བསྐྱར་དང་བླངས་ཐོ་འགོད་ཚོད་ལྟའི་སྦྱོང་བརྡར་རྩ་འཛུགས་བྱསགཏེ། རྒྱུགས་ཞུགས་སློབ་མ་དུས་ཚོད་ལྟར་རྒྱུགས་ལ་ཞུགས་རྒྱུར་གསལ་འདེབས་བྱེད་པ་དང་། ཁྱོན་ཡོངས་ནས་དང་བླངས་ཐོ་འགོད་གོ་རིམ་གསལ་རྟོགས་བྱས་ནས། ཐོ་འགོད་ངོ་མ་བྱེད་རྒྱུར་གྲ་སྒྲིག་བྱེད་དགོས།

དེ་དང་ཆབས་ཅིག ཞིང་ཆེན་སློབ་གསོ་སློབ་བསྡུ་རྒྱུགས་ལེན་ཁང་གིས་རྒྱ་ཆེའི་རྒྱུགས་ཞུགས་སློབ་མ་དང་ཁྱིམ་བདག་ལ་བདེ་འཇགས་འདུ་ཤེས་མཐོར་འདེགས་གཏོང་བ་དང་། རྒྱུགས་འབྲས་ཁྱབ་བསྒྲགས་བྱེད་པ། དང་བླངས་ཐོ་འགོད་བྱེད་པ། མཐོ་རྒྱུགས་བསྡུ་ལེན་བྱེད་པ་སོགས་དུས་རིམ་གལ་ཆེན་དང་། མི་གཞན་ལ་གང་འདོད་དུ་མཁོ་འདོན་བྱེད་པའམ་ཡང་ན་འཕྲིན་ཡིག་སོགས་སྤྱི་ཚོགས་འབྲེལ་འདྲིས་སྟེགས་བུའི་ཐོག་ནས་ཐོབ་ཐང་ལག་ཁྱེར་ཨང་གྲངས་དང་རྒྱུགས་ལེན་ལག་ཁྱེར་སོགས་འབྲེལ་ཡོད་མི་སྒེར་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་མི་རུང་བ་དང་།  དྲ་རྒྱའི་དཀྲོག་གཏམ་གསལ་པོར་དབྱེ་འབྱེད་བྱེད་པ་དང་། སློབ་བསྡུ་སྐོར་གྱི་ཆ་འཕྲིན་རྫུན་མ་སྣ་ཚོགས་ལ་ཉན་མི་རུང་བ། ཚང་མས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་ཁང་གི་གཞུང་ཕྱོགས་འཕྲིན་ཡིག་སྤྱིའི་ཨང་གྲངས་ལ་དོ་ཁུར་བྱེད་པའམ་ཡང་ན་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོའི་རྒྱུགས་ལེན་དྲ་ཚིགས་བརྒྱུད་ནས་འདྲི་རྟོག་བྱེད་དགོས་པའི་གསལ་འདེབས་བྱས། 

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།