མཚོ་སྔོན་ཞིང་ཆེན་གཟི་བརྗིད་ལས་དོན་ཡར་སྐུལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པ་འཚོགས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས12ཉིན། མཚོ་སྔོན་ཞིང་ཆེན་གཟི་བརྗིད་ལས་དོན་ཡར་སྐུལ་ལྷན་ཚོགས་ཀྱི་འཐུས་མིའི་ཚོགས་ཆེན་ཐེངས་བཞི་པ་འཚོགས་པ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་གོ་གྲོས་ཚོགས་ལ་ཞུགས་པ་དང་གཏམ་བཤད།

གྲོས་ཚོགས་ལས《མཚོ་སྔོན་ཞིང་ཆེན་གཟི་བརྗིད་ལས་དོན་ཡར་སྐུལ་ལྷན་ཚོགས་ཀྱི་སྒྲིག་རིམ་བཟོ་བཅོས་འཆར་ཟིན》སོགས་ལམ་ལུགས་བྱེད་ཐབས་ལ་གྲོས་ཞིབ་བྱས་པ་དང་། འདེམ་བསྐོ་བརྒྱུད་ཞིང་ཆེན་གཟི་བརྗིད་ལས་དོན་ཡར་སྐུལ་ལྷན་ཚོགས་ཀྱི་སྐབས་བཞི་པའི་ལས་འཛིན་ལྷན་ཚོགས་བདམས།

གྲོས་ཚོགས་ལས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། ཞིང་ཆེན་གཟི་བརྗིད་ལས་དོན་ཡར་སྐུལ་ལྷན་ཚོགས་ཀྱིས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་ལ་རོགས་བྱེད་པ་དང་། ཁེ་ལས་བརྒྱ་ཁྱིམ་ཚང་བརྒྱ་དང་སྦྲེལ་བ” ཞེས་པའི་གནད་འཁེལ་དབུལ་སྐྱོར་འགུལ་སྐྱོད་དང་། “ཁེ་ལས་བརྒྱ་ཡིས་སྡེ་བ་བརྒྱ་དར་རྒྱས་སུ་གཏོང་བ”སོགས་གྲོང་གསེབ་དར་སྤེལ་གྱི་འགུལ་སྐྱོད་ཁྲོད་ཧུར་ཐག་སྒོས་ཞུགས་ནས། དབུལ་སྐྱོར་དབུལ་སེལ་དང་། དངུལ་བསྡུའི་སློབ་རོགས། ཡོམ་འགོག་རིམས་འགོག ཉེན་འགོག་གནོད་སྐྱོབ་སོགས་ཁྱབ་ཁོངས་མང་པོའི་ཐད་བྱས་རྗེས་གལ་ཆེན་བཞག་ཡོད་པས། དམངས་གཉེར་དཔལ་འབྱོར་མི་སྣས་མཚོ་སྔོན་འཛུགས་སྐྲུན་གྱི་ལས་དོན་ལ་འབད་འབུངས་བྱེད་པའི་བློ་དཀར་སེམས་རྒྱ་དང་། རྒྱལ་ཁབ་ལ་དགའ་ཞེན་དང་འོས་འགན་ཁུར་བའི་སྣང་བརྙན་བཟང་པོ་མངོན་ཡོད་པར་འདོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྐབས་གསར་པའི་ལས་འཛིན་ལྷན་ཚོགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྐྱོད་ལམ་གསར་པའི་སྟེང་གི་གཟི་བརྗིད་ལས་དོན་གྱི་འོས་འགན་འགན་འཁྲི་ཡང་དག་སྒོས་ཁོང་དུ་ཆུད་པར་བྱེད་པ་དང་། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣར་མཐུན་སྒྲིལ་སྣེ་ཁྲིད་དེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཚོ་སྔོན་གྱི་ལག་ལེན་སྤེལ་བའི་ཁྲོད་ཁག་ཁུར་ཆེན་པོ་དང་བྱེད་ཕྱོགས་ལེགས་པོ་མངོན་པར་བྱེད་དགོས་ལ། ཏང་གི་ཁྱོན་ཡོངས་ནས་མགོ་ཁྲིད་བྱེད་པར་ཤུགས་བསྣན་ཏེ། བདེ་ཐང་གཉིས་ལ་སྐུལ་འདེད་གཏོང་བ་དམིགས་སུ་འཛིན་པ་དང་། རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣའི་སྣེ་ཁྲིད་དེ་དུས་ནམ་ཡང་ཏང་ཀྲུང་དབྱང་དང་བསམ་ཕྱོགས་གཅིག་པ་དང་གནས་ཕྱོགས་གཅིག་པ། ལས་ཕྱོགས་གཅིག་པ་བཅས་བྱས་པ་བརྒྱུད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལས་དོན་གྱི་འཛུགས་སྐྲུན་པ་རྣལ་མ་ཞིག་བྱེད་དགོས་པ་དང་། སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་སྒུལ་ཤུགས་སུ་བྱས་ཏེ། རྒྱ་ཆེའི་དམངས་གཉེར་ཁེ་ལས་པར་སྐུལ་ཁྲིད་བྱས་ཏེ་མཉམ་དུ་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་བའི་ཁྲོད་བྱེད་ཕྱོགས་གསར་པ་ཡོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་རོགས་ཤུགས་འདོན་པའི་སྟེང་ཐོལ་བརྒལ་གསར་པ་ཡོད་པ། ཁུལ་ཁོངས་འཕེལ་རྒྱས་ལ་རོགས་སྐུལ་བྱེད་པའི་ཁྲོད་གྲུབ་འབྲས་གསར་པ་ལོན་པར་བྱས་ནས། དུས་རབས་གསར་པའི་གཟི་བརྗིད་ལས་དོན་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།  །  

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།