མཚོ་སྔོན་ཞིང་ཆེན་གྱིས2025ལོའི་སྐོར་གཉིས་པའི་གྲངས་ཉུང་མི་རིགས་འཕེལ་རྒྱས་ལས་འགན་གྱི་མ་དངུལ་སྒོར་ཁྲི6805གཤམ་སྤྲོད་བྱས།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ6པའི་ཚེས12ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། ཉེ་ལམ། རང་རེའི་ཞིང་ཆེན་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་མ་དངུལ(གྲངས་ཉུང་མི་རིགས་འཕེལ་རྒྱས་ཀྱི་ལས་འགན)སྒོར་ཁྲི6805སྤྲད་པ་དེ་དུས་མཉམ་ལས་སྒོར་ཁྲི1401འཕར་ཡོད། ལོ་ཧྲིལ་པོར་བསྡོམས་པས་སྒོར་ཁྲི45079བཀྲམ་པས་མ་དངུལ་གྱི་གྲངས་འབོར་ལོ་རྒྱུས་ཀྱི་ཟིན་ཐོ་ལས་བརྒལ།

ནོར་སྲིད་སྡེ་ཁག་གི་འབྲེལ་ཡོད་བརྡ་ཐོ་ལྟར་ན་ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་གིས《ཞིང་ཆེན་ནོར་སྲིད་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་རོགས་སྐྱོར་མ་དངུལ་དོ་དམ་བྱེད་ཐབས》དང《དབུལ་ཐར་མཁྲེགས་གཏོར་རྫོང་གི་ཞིང་ལས་དང་འབྲེལ་བའི་མ་དངུལ་གཅིག་གྱུར་འཆར་འགོད་ངང་སྡེབ་སྒྲིལ་བྱེད་པའི་ཚོད་ལྟའི་ས་ཚིགས་ཀྱི་སྲིད་ཇུས་ལེགས་སྒྲིག་དེ་རྒྱལ་ཁབ་ཀྱི་གྲོང་གསེབ་དར་སྤེལ་ལས་གཙོ་གནད་རོགས་སྐྱོར་རྫོང་གི་ལག་བསྟར་བརྡ་ཐོ》སོགས་ལ་གཞིར་བཟུང་ནས། མ་དངུལ་བགོ་འགྲེམ་གྱི“གྲུབ་ཆ་རྩི་ཐབས”དང་ཟུང་འབྲེལ་བྱས་ཏེ། རྫོང39(གྲོང་ཁྱེར་དང་ཆུས)ལ་ཁག་གཉིས་པའི་མ་དངུལ་བགོ་འགྲེམ་གྱི་འཆར་གཞི་བཟོས་པ་དང་། ཞིང་ཆེན་ནོར་སྲིད་ཐིང་དུ་སྤྲད་དེ་མཆོག་མཆན་ཐོབ་རྗེས་མ་དངུལ་རྫོང39(གྲོང་ཁྱེར་དང་ཆུས)རུ་བགོ་རྒྱུ་རེད།

མ་དངུལ་སྟེང་ནས་རྒྱབ་སྐྱོར་བྱས་ན་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུར་ཕན་ཐོགས་ཡོད་ལ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པར་ཡང་ཕན་ལ།  གཙོ་བོ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་།  དེང་རབས་ཅན་འཛུགས་སྐྲུན་ཚོད་ལྟ་བྱེད་པ། མི་རིགས་ཀྱི་ལག་ཤེས་བཟོ་ལས་མིང་བྱང་གསོ་སྐྱོང་དང་མཐོར་འདེགས་སུ་གཏོང་བ། འཆམ་མཐུན་མཛེས་སྡུག་གི་སྡེ་བ་འཛུགས་སྐྲུན་སོགས་ལ་ཕན།  ཞིང་ཆེན་མི་རིགས་ཆོས་ལུགས་ཨུ་ལྷན་གྱིས་གྲོང་ཁྱེར(ཁུལ)དང་རྫོང(གྲོང་ཁུལ)གིས་ས་གནས་དེ་གའི་དོན་དངོས་ལ་གཞིར་བཟུང་སྟེ། དམངས་འཚོ་དང་དམ་ཟབ་བྱེད་པ་དང་མང་ཚོགས་ཀྱི་ཚེ་སྲོག་ཁེ་ཕན་དང་འབྲེལ་བ་ཡོད་པའི་རྣམ་གྲངས་ནན་ཏན་གྱིས་འཆར་འགོད་དང་གདམ་གསེས་བྱེད་པ་དང་། རྣམ་གྲངས་ཞིབ་བཤེར་གྱི་འགག་སྒོ་དམ་འཛིན་ནན་མོ་བྱས་ཏེ། རྨོངས་ཚོད་ངང་མ་དངུལ་འཇོག་པ་དང་། བསྐྱར་ཟློས་འཛུགས་སྐྲུན།“གཟུགས་བརྙན་བཟོ་སྐྲུན།ཕྱི་ངོས་བཟོ་སྐྲུནདང་ལྡོག་ཕྱོགས་ཀྱི་རྩིས་ཐོའི་དོན་དག་བཅས་ལ་མཐའ་གཅིག་ཏུ་སྔོན་འགོག་བྱས་ཏེ།  ངེས་པ་དོན་གྱིས“ངར་ལྕགས་བཟང་པོ་གྲི་ཐོག་ཏུ་སྤྱད”དེ། ཞིང་ཆེན་ཡོངས་ཀྱི་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱས་ནས། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་དངོས་པོའི་རྨང་གཞི་བརྟན་པོར་བཏང་ནས། མི་རིགས་སོ་སོ་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།