གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སྐོར་གྱི་དཔྱད་གཏམ།

ཡོང་ཁུངས། མཚོ་ནུབ་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།

ཞིན་ཧྭ་གསར་འགྱུར་ཁང་གིས་སྙིང་རུས་ལྷོད་མེད་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་བྱས་ཏེ་མགོ་ཁྲིད་ལས་བྱེད་པའི་གནད་འགག་ཉུང་ཤས་དམ་འཛིན་བྱེད་དགོས་པའི་དུས་དོན་དཔྱད་གཏམ་སྤེལ།

ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། མིག་སྔར་ཏང་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བཞིན་ཡོད་ལ། འདི་ནི་བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པར་མ་ཟད། ཏང་དང་མང་ཚོགས་བར་དང་། ལས་བྱེད་པ་དང་མང་ཚོགས་བར་གྱི་འབྲེལ་བ་ཇེ་དམ་དུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ཏང་ཡོན་ཡོངས་དང་ལྷག་པར་དུ་མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་གཟབ་ནན་གྱི་ལྟ་ཚུལ་འཛིན་དགོས། མགོ་ཁྲིད་ཁ་ཤས་ལ་གཞན་ལ་བལྟ་བའི་མིག་ཡོད་ཀྱང་རང་ལ་བལྟ་བའི་མེ་ལོང་མེད་པ་དང་གནད་དོན་འབྱུང་བར་རྒྱུ་རྐྱེན་ཡོད་པ་དང་ནོར་འཁྲུལ་འབྱུང་བ་ནི་གཞན་གྱི་དབང་གིས་ཡིན་པའི་བཤད་ཚུལ་འདི་དག་གིས་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་གཞན་གྱི་སྐྱོན་ལ་བརྟག་པ་དང་བླང་བྱ་འདོན་པ། རང་ཉིད་ཀྱི་གནད་དོན་བསྐྱུར་བའི་སྤྱོད་ཚུལ་གནད་དོན་གསལ་པོར་རྟོགས་ཐུབ། ལམ་ལུགས་ཀྱི་འགྱུར་མེད་རང་བཞིན་དེ་འགག་རྩའི་ཉུང་ཤས་ཀྱི་བླ་སྲོག་ནང་དུ་འཇུག་དགོས་པ་དང་། རང་ཉིད་དེའི་ནང་བཞག་སྟེ་ཏང་ཡོན་དཀྱུས་མར་ཁྲིད་སྟོན་གསལ་པོ་བྱེད་དགོས།  མགོ་ཁྲིད་ལས་བྱེད་པ་ཞེས་པའི་འགག་རྩའི་ཉུང་ཤས་འདི་དམ་འཛིན་བྱ་རྒྱུ་ནི་སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་དོན་དངོས་ལ་སྐུལ་འདེད་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་ནང་དུ་གསལ་འགྲེལ་བྱས་ཡོད་ལ། ཐོག་མར་ཀྲུང་དབྱང་ཆབ་སྲིད་ཅུ་ནས་མགོ་བརྩམས་ཏེ། མི་གཞན་གྱིས་སྒྲུབ་པར་ཐོག་མར་རང་ཉིད་ཀྱིས་སྔོན་ལ་བསྒྲུབ་དགོས་པའི་བླང་བྱ་འདོན་དགོས་པ་དང་། མི་གཞན་གྱིས་སྒྲུབ་མི་དགོས་པའི་བླང་བྱ་བཏོན་པ་དག་ལ་རང་ཉིད་ཀྱིས་ཀྱང་གཏན་ནས་མི་སྒྲུབ་པ། ཏང་ཀྲུང་དབྱང་གིས་སྔོན་ལ་མིག་དཔེ་སྟོན་པར་རང་ཉིད་ཀྱིས་སྣེ་ཁྲིད་ནས་སྒྲུབ་དགོས། དེ་ལྟར་བྱས་ཚེ་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པར་དེའི་ནང་ཞུགས་ནས་མི་སྒྲུབ་པའི་རྒྱུ་མཚན་ཅི་ཞིག་ཡོད་དམ། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཏང་ཀྲུང་དབྱང་ལ་མིག་དཔེ་བལྟ་བ་དང་། གཏན་འབེབས་དང་བསྡུར་ནས་རང་ས་གནས་དང་རང་ལས་ཁུངས་ཀྱི་གནད་དོན་དངོས་ཡང་དག་འཚོལ་དགོས་ཤིང་། དམིགས་སའི་རང་བཞིན་ལྡན་པའི་ལེགས་བཅོས་བྱེད་ཐབས་བཏོན་ནས་རྒྱ་ཆེའི་ཏང་ཡོན་ལ་དཔེ་སྟོན་བྱེད་དགོས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ལག་བསྟར་བྱས་ནས་ལོ་ངོ་བཅུ་ལྷག་གི་རིང་ལ། ཏང་གི་ཀུན་སྤྱོད་ལེགས་སྐྱོང་གི་གྲུབ་འབྲས་མིག་ལྡན་ཀུན་གྱིས་མཐོང་ཐུབ་མོད། འོན་ཀྱང་སྤྱོད་ངན་བཞི་དང་རུལ་སུངས་སུ་འགྱུར་བའི་སྤྱི་ཚོགས་ཀྱི་རིག་གནས་ས་རྒྱུ་རྩ་བ་ནས་མེད་པར་བཟོས་མེད་པས། སྤྱོད་ཚུལ་ཇེ་ལེགས་སུ་གཏོང་བར་སྔར་བཞིན་ཡུན་རིང་བྱས་རྗེས་འཇོག་དགོས། གཅོང་ནད་ཀྱི་མདུན་དང་ལྷག་པར་དུ་མགོ་ཁྲིད་ལ་རུས་གཞོག་ནད་བཅོས་དང་སྨན་བཙན་པོས་སྨན་བཅོས་བྱེད་པའི་དཔའ་སྟོབས་དགོས་ལ། སྣེ་ཁྲིད་དེ་སྤྱོད་ཚུལ་འཛུགས་སྐྱོང་བྱེད་དགོས། མགོ་ཁྲིད་ལས་བྱེད་པ་ཞེས་པའི་འགག་རྩའི་ཉུང་ཤས་ཀྱིས་སྣེ་ཁྲིད་བཟང་པོ་དང་ལམ་སྟོན་བཟང་བོ་བྱེད་རྒྱུ་ནི་མིག་དཔེ་ནུས་ལྡན་ཞིག་ཡིན་པར་མ་ཟད་དེ་བས་ཀྱང་སྒྲ་མེད་ཀྱི་སྟོབས་ཤུགས་ཤིག་ཡིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།