ཟླ6པའི་ཚེས9ཉིན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་ཐང་ཁ་སྒྱུ་རྩལ་གྲོང་རྡལ་དུ་གནས་པའི་ཤ་བོ་སྐྱབས་ཀྱི་རེབ་གོང་དམངས་ཁྲོད་སྒྱུ་རྩལ་རྟེན་མཛོད་ཁང་དངོས་སུ་སྒོ་འབྱེད།
རྟེན་མཛོད་ཁང་ནི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྣམ་གྲངས་རེབ་གོང་སྒྱུ་རྩལ་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པའམ། ཀྲུང་གོའི་བཟོ་རྩལ་མཁས་ཅན་ཤ་བོ་སྐྱབས་ཀྱིས་གསར་འབྱེད་བྱས་པ་དང་། རྒྱ་ཁྱོན་ལ་སྨི་གྲུ་བཞ2800ལྷག་ཡོད་པའི་འགྲེམས་ཁུལ་བཞི་རུ། སོ་སོར་ངོ་གདོང་རིག་གནས་ལོ་རྒྱུས་དངོས་རྫས་འགྲེམས་ཁུལ་དང་། གནའ་བོའི་སྡོད་གནས། གནའ་བོའི་འཚོ་བའི་ཡོ་ཆས་འགྲེམས་ཁུལ། བརྐོས་འཇོམ། བརྐོས་འཚེམ་འགྲེམས་ཁུལ། གནའ་བོའི་སྤུས་ལེགས་ཐང་ཁ་འགྲེམས་ཁུལ་བཅས་ཡིན། བཤམས་སྟོན་ཁང་ནང་ཕུན་སུམ་ཚོགས་པའི་དངོས་ཟོག་ཉར་ཚགས་བྱས་ཡོད་པ་དང་། ཉར་ཚགས་བྱས་པའི་དངོས་པོ700ལྷག་ཟིན་ལ། དེ་དག་ལོ་རྒྱུས་ཀྱི་རིན་ཐང་དང་སྒྱུ་རྩལ་ཀྱི་རིན་ཐང་ཅུང་མཐོ་བས། ཉར་ཚགས་དངོས་པོ་མི་ཉུང་བ་ཞིག་ནི་དུས་རབས་རིམ་བྱུང་གི་བརྩམས་ཆོས་ཕུལ་བྱུང་ཡིན།
“དམངས་ཁྲོད་རྟེན་མཛོད་ཁང་འདིས་རིག་གནས་རྒྱུན་འཛིན་དང་སློབ་གསོ་ཚན་རིག་ཁྱབ་གདལ་གཏོང་བ། མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ནས། མི་མང་པས་རེབ་གོང་སྒྱུ་རྩལ་ཤེས་རྟོགས་བྱེད་པ་དང་སྲོལ་རྒྱུན་རིག་གནས་ཀྱི་མཛེས་སྡུག་ལ་ཉམས་སུ་མྱོང་ཐུབ”ཅེས་ཤ་བོ་སྐྱབས་ཀྱིས་ཁོང་གིས་མི་ཚེ་གང་བོར་སྒྱུ་རྩལ་གསར་རྩོམ་བྱས་པའི་བརྩམས་ཆོས་དང་། ཉར་ཚགས་དངོས་རྫས་འཚོལ་བསྡུས་དང་རྟེན་མཛོད་ཁང་འཛུགས་སྐྲུན་བཅས་ལ་འབད་བརྩོན་བྱས་པ་ནི་རེབ་གོང་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན་བྱ་ཆེད་ཡིན་པ་མ་ཟད། རིག་གནས་གྱི་གསེར་ཟམ་ཞིག་བསྐྲུན་ནས་མི་མང་པོར་རེབ་གོང་སྒྱུ་རྩལ་ལ་ཤེས་རྟོགས་བྱ་ཆེད་ཡིན།
ཉེ་བའི་ལོ་འགའི་རིང་ལ། ཐུན་རིན་གྲོང་ཁྱེར་གྱིས་རེབ་གོང་སྒྱུ་རྩལ་སྒུལ་ཤུགས་སུ་བྱས་ཏེ། རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། ཁྱད་ལྡན་ཐོན་ཁུངས་གཅིག་བསྡུ་དང་རིག་གནས་དང་ཡུལ་སྐོར་ཐོན་ལས་མུ་མཐུད་དུ་དར་སྤེལ་བྱེད་པ། གྲོང་ཁྱེར་ཡོངས་ནས་རེབ་གོང་སྒྱུ་རྩལ་ལྟེ་བར་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་རྣམ་པ་ཞིག་གཞི་ནས་ཆགས་པ་དང་། རེབ་གོང་སྒྱུ་རྩལ་རིག་གནས་ཐོན་ལས་འཕེལ་རྒྱས་གཏོང་བའི་རྣམ་པ་ཇེ་ཆེར་འགྲོ་བཞིན་ཡོད།
ཤ་བོ་སྐྱབས་ཀྱི་རེབ་གོང་དམངས་ཁྲོད་སྒྱུ་རྩལ་རྟེན་མཛོད་ཁང་ཕྱེ་བ་དེས་རེབ་གོང་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ཡོད་ལ། ས་གནས་དེ་གའི་རིག་གནས་ཡུལ་སྐོར་གྱི་མཉམ་འདྲེས་འཕེལ་རྒྱས་ལ་རྣམ་པ་གསར་པ་བསྣན་ཡོད། དེའི་ཕུན་སུམ་ཚོགས་པའི་རེབ་གོང་སྒྱུ་རྩལ་ཀྱི་ཉར་ཚགས་དངོས་རྫས་དབྱིངས་ཞུགས་རྣམ་པ་འགྲེམས་སྟོན་བྱེད་པར་ཟུང་འབྲེལ་བྱས་ཏེ། ཡུལ་སྐོར་བ་ཚོར་རིག་གནས་ཉམས་ལེན་བྱེད་པའི་སྟེགས་བུ་ཞིག་བསྐྲུན་པ་དང་དུས་མཚུངས་སུ། རྟེན་མཛོད་ཁང་དང་མཐའ་འཁོར་གྱི་ཐང་ཁ་བཟོ་ཁང་། དམངས་སྲོལ་གྲོང་སྡེ་བར་མཉམ་ལས་མཐུན་སྦྱོར་དང་རིག་གནས་ཡུལ་སྐོར་གྱི་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱས་ཏེ། ཁྱད་ཆོས་ལྡན་པའི་དམངས་སྲོལ་མགྲོན་ཁང་དང་སྒྱུ་རྩལ་ཞིབ་འཇུག རིག་གནས་གསར་གཏོད་འཛད་སྤྱོད་སོགས་ལས་རིགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། ཐུན་རིན་གྲོང་ཁྱེར་གྱིས“རིག་གནས་དང་ཡུལ་སྐོར”གཏིང་ཟབ་པའི་མཉམ་འདྲེས་ཀྱི་རྣམ་པ་གསར་པར་མཐུན་རྐྱེན་བསྐྲུན། །