ཟླ6པའི་ཚེས11ཉིན། གསར་འགོད་པས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གཏེར་ལམ་རྫོང་ཞིང་ཕྱུགས་ཚན་རྩལ་ཅུས་ནས་ཤེས་གསལ་ལྟར་ན། ད་ལོའི་ཟླ5བར། ཏུའུ་ལན་རྫོང་གིས་ཞིང་ལས་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར2.53དོན་འཁྱོལ་བྱས་པ་དང་། གཙོ་གནད་རྣམ་གྲངས36ལག་བསྟར་བྱས་ཏེ། དུས་ཚིགས་དང་པོའི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་ཡོང་འབབ་དུས་མཚུངས་ལས6.3%འཕར་བ་དང་། དེ་གྲོང་ཁྱེར་དང་གྲོང་རྡལ་གྱི་ཆུ་ཚད་ལས་མཐོ་བ་རེད།
འབྲུ་རིགས་བདེ་འཇགས་ཁྱབ་ཁོངས་སུ། གཏེར་ལམ་རྫོང་གིས་ད་ལོར་ཞིང་ལས་ལོ་ཏོག་སོ་སོ་མུའུ་ཁྲི56.72འདེབས་འཛུགས་བྱས། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི23.13དང་། དཔལ་འབྱོར་ལོ་ཏོག་མུའུ་ཁྲི33.59ཡོད། མ་དངུལ་སྒོར་ཁྲི157བཏང་སྟེ་གྲོ་མུའུ3000དང་བྲ་བོ་མུའུ30000། ནས་མུའུ1500། སོགས་ཀྱི་ཞིང་ས་འཛུགས་སྐྲུན་བྱས་ཏེ། གཅིག་གཏོར་གསུམ་འགོག་སོགས་ཀྱི་ལག་རྩལ་ཁྱབ་སྤེལ་རྣམ་གྲངས་ལག་བསྟར་བྱས་ཏེ། ས་མེད་ཞོག་ཁོག་འདེབས་གསོ་ལག་རྩལ་་ཧུར་ཐག་གིས་འཚོལ་ཞིབབྱས་ནས་ཐོན་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་།
དེ་དང་ཆབས་ཅིག ཕུན་སུམ་ཚོགས་པའི་འཕང་འབྲས་ཐོན་ཁུངས་ལ་དམིགས་ནས། འཕང་འབྲས་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་བའི་ལོ་རེའི་འགུལ་སྐྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། བྱ་བའི་ཆེད་དོན་འཛིན་གྲྭ་བཙུགས་ནས་སྡེ་ཁག23དང་ཞང་དང་གྲོང་རྡལ་གྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། གྲོས་མོལ་མཐུན་སྦྱོར་དང་དུས་བཀག་བཀོད་གཏོང་སོགས་བྱ་བའི་ལམ་སྲོལ་ཆེན་པོ་བཞི་བཙུགས་པ་དང་། ཐོན་ལས་རྣམ་གྲངས་དང་ལས་འགན་རྩིས་ཐོ་བཟོས་པར་མ་ཟད། ཞིབ་ཕྲའི་ངང་སྡེ་ཁག་དང་འགན་འཁུར་མི་སྣ་དབྱེ་འབྱེད་བྱ་རྒྱུ་རེད། 《ཏུའུ་ལན་རྫོང་གི་འཕང་འབྲས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད(2025ལོ་ནས2035ལོའི་བར)》དང་། 《ཏུའུ་ལན་རྫོང་གི་འཕང་འབྲས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལོ་གསུམ་གྱི་འགུལ་སྐྱོད་ཇུས་གཞིའི(2025ལོ་ནས2027ལོའི་བར)》སྒྲིག་ཆས་བཟོས་པ་དང་། སྒོར་དུང་ཕྱུར1.34བཏང་ནས་འཕང་འབྲས་ཐོན་ལས་རྣམ་གྲངས20ལག་བསྟར་བྱས་ནས། འདེབས་འཛུགས་ནས་ལས་སྣོན་བར་གྱི་ཐོན་ལས་ཕྲེང་འབྲེལ་ཆ་ཚང་བསྐྲུན། །