2025ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་པའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། ཟླ6པའི་ཚེས10ཉིན། 2025ལོའི“ཀྲུང་གོའི་བཟོ་ཚོང་དངུལ་ཁང་རྟགས་མའི”རབ་མཛེས་མཚོ་སྔོན་སྐོར་པའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་ཟི་ལིང་དུ་བསྡུས།  

2025ལོའི་རབ་མཛེས་མཚོ་སྔོན་སྐོར་པའི་རྒྱལ་སྤྱིའི་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པའི་འགོ་རྩོམ་མཛད་སྒོ་ཟླ7པའི་ཚེས5ཉིན་ཟི་ལིང་གྲོང་ཁྱེར་དུ་སྤེལ་རྒྱུ་ཡིན་ཅིང་། ཟླ7པའི་ཚེས13ཉིན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་ནས་མཇུག་བསྡུ་རྒྱུ། ཉིན8ཀྱི་འགྲན་སྡུར་རིང་འགྲན་ཁུལ8བཀོད་སྒྲིག་བྱས་ཡོད་ཅིང་། སྤྱིའི་ལམ་ཐག་ལ་སྤྱི་ལེ1400ཡོད། དེའི་ཁྲོད་འགྲན་ལམ་སྤྱི་ལེ1325དང་འགྲན་ཁུལ་བརྗེ་བའི་ལམ་ཐག་སྤྱི་ལེ65། མཚན་སྙན་སྐོར་ལམ་གྱི་ལམ་ཐག་སྤྱི་ལེ10ཡོད།  

ཐེངས་འདིར་གོ་ལ་ཡོངས་ནས་རྒྱལ་ཁབ11གི་རུ་ཁག22དང་ལུས་རྩལ་པ154འགྲན་སྡུར་ལ་ཞུགས་ཤིང་། དེའི་ཁྲོད་འཛམ་གླིང་གི་རུ་ཁག་རྩེ་གྲས1དང་ཆེད་ལས་རུ་ཁག8དེ་མིན་གླིང་བར་གྱི་རུ་ཁག13བཅས་འདུའོ། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།