མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྨང་རྡོ་ཇེ་བརྟན་དུ་བཏང་།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

 ཀྲུང་གོའི་རྫོང་ཁོངས་དཔལ་འབྱོར་ཚགས་པར་གྱི་འཕྲིན།  ལོ་ངོ་སྟོང་ཕྲག་གི་རིང་ལ།  མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྲོང་དབུས་སུ་འགྱིང་ངེར་ལྷིང་བའི་ནང་བསྟན་པའི་དགོན་པ་བརྩེ་ཆེན་དར་རྒྱས་གླིང་དེ་དར་གོས་ཚོང་ལམ་སྟེང་གི་རྔ་དྲིལ་གྱི་སྒྲ་དང་།  ཐང་བོད་གནའ་ལམ་རྒྱུད་ཀྱི་འོ་ཇའི་དྲི་ཞིམ་དང་བསྡེབས་ནས་གནས་འདིར་ལྷགས་འོང་བ་ཡིན།

   ད་ཆ་འཁྲུག་ཆ་དོད་པའི་གྲོང་ཁྱེར་གྱི་སྲང་ལམ་ན་འགྱིང་ངེར་ལྷིང་བས།    དྲན་ངོས་སུ་ཉར་པའི་རྒྱ་བོད་སོག་གསུམ་ལ་སོགས་པའི་མི་རིགས་ཁག་བར་གྱི་འབྲེལ་འདྲིས་འོ་ཆུ་འདྲེས་པ་ལྟ་བུའི་ལོ་རྒྱུས་འོད་སྟོང་ལྡན་པ་དང་མཐུན་སྒྲིལ་གྱི་སྣང་བརྙན་ཟབ་མོ་དེ་ཡང་ད་ལྟ་ཇེ་ཟབ་ནས་ཇེ་གསལ་ཡིན་ལ།    དེས་མི་རིགས་ཁག་བར་འབྲེལ་འདྲིས་རྒྱ་ཆེ་ཞིང་དང་།  འགྲོ་འོང་གི་རྒྱུན་རིང་བ།   ཕན་ཚུན་འདྲེས་ཟབ་པའི་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོའི་རི་མོ་ཉམས་དགའ་བ་དེ་དཔང་དུ་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ཆེ་རུ་བསྐྱེད་པའི་ལེའུ་གསར་པའི་རྒྱུན་ངང་གིས་བསྐྱངས་ཡོད།

 བརྩེ་ཆེན་དར་རྒྱས་གླིང་གི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4318ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་དགོན་པ་ཞིག་ཡིན།  སྤྱི་ལོ་དུས་རབས9བའི་དུས་དཀྱིལ་དུ།      བོད་ཀྱི“མཁས་པ་མི་གསུམ”བོད་ལྗོངས་ནས་མཚོ་སྔོན་གྱི་རྨ་ཙོང་ས་ཁུལ་གྱི་དན་ཏིག་དགོན་སོགས་སུ་ཆིབས་བསྒྱུར་ཏེ་གསང་སྟབས་ཀྱིས་སྒྲུབ་པ་ཉམས་ལེན་ལ་གཞོལ་པའི་སྐབས་ཀན་སུའུ་ཕིན་ལིན་དགོན་ནས་ཡོང་བའི་རྒྱ་བརྒྱུད་ནང་བསྟན་གྱི་ཧ་ཤང་གོ་ཝང་དང་གྱི་ཝན་རྣམ་གཉིས་ཁ་སྐོང་བྱས་ཏེ་བླ་ཆེན་དགོངས་པ་རབ་གསལ་བསྙེན་པར་རྫོགས་ཤིང་ཐུགས་ཀྱིས་བསྐྱངས།   ཕྱིས་བླ་ཆེན་ཁོང་གིས་རྒྱ་བཟའ་ཀོང་ཇོ་བོད་ལ་ཕེབས་དུས་སུ་བརྩིགས་པའི་མཆོད་སྟེགས་ཀྱི་ཤུལ་དུ་བརྩེ་ཆེན་དར་རྒྱས་གླིང་གི་དགོན་པ་འདི་ཕྱག་བཏབས།  ད་ལྟ་དགོན་པའི་ནང་རྟེན་དུ་པཎ་ཆེན་ཕོ་བྲང་དང་།  སྟོན་པའི་ལྷ་ཁང་།    བཙན་ཁང་སོགས་བཞེངས་ཡོད།  2021ལོའི་ཟླ12པར་དགོན་པ་དེར“མཚོ་སྔོན་ཞིང་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞི”ཞེས་པའི་མཚན་སྙན་བསྩལ། 

 ལོ་ངོ་གཅིག་གི་རིང་ལ།  དགོན་པ་ནས་ས་གནས་བར“བརྩེ་ཆེན་དར་རྒྱས་གླིང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞིའི་ནུས་པ་བཏོན་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ”བརྗོད་གཞིར་བཟུང་སྟེ། ཟི་ལིང་གྲོང་ཁྱེར་གྱིས《ཟི་ལིང་གྲོང་ཁྱེར་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོ་རྟེན་གཞི་བསྐྲུན་པའི་ལས་ཀའི་ཇུས་གཞི》ཞིག་ཞིབ་འཇུག་ཐོག་བཟོས་ནས་དུས་རབས་གསར་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་ལེགས་ཅན་བཏོད་པའི་ཕྱོགས་ནས་མཉམ་གྲོས་མཉམ་སྡུར་བྱས། 

“ང་ཚོས་བརྩེ་ཆེན་དར་གླིང་དུ་གཟིགས་མོ་དང་སློབ་སྦྱོང་དུ་ཡོང་བའི་ཚོགས་པ་དང་ཡུལ་སྐོར་བ།  དད་ལྡན་མང་ཚོགས་སོགས་ལ་ཀྲུང་དབྱང་གི་མགོ་ཁྲིད་ཀྱིས་གནང་བའི་གསུང་བཤད་ཀྱི་དགོངས་དོན་གལ་ཆེན་དྲིལ་སྒྲོག་ཆེན་པོ་བྱས་དང་བྱེད་བཞིན་ཡོད།  ང་ཚོས་ཆོས་ལུགས་ཀྱི་ཆོ་ག་དང་།  རིག་གནས་དྲིལ་སྒྲོག   གཞུང་ལུགས་ཞིབ་འཇུག་ལ་སོགས་ཕྱོགས་གསུམ་ནས་དུས་རབས་གསར་པའི་ཏང་གི་མི་རིགས་ཆོས་ལུགས་ཀྱི་སྲིད་ཇུས་དྲིལ་སྒྲོག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་ཆོད་སེམས་སྔར་ལས་བརྟན་པོ་བཅངས་ཡོད་ཅེས་དབྱར་མགོ་མའི་དུས་འདིར།   དགོན་པའི་དམངས་གཙོ་དོ་དམ་ཨུ་ལྷན་གྱི་འགན་འཁུར་བ་སྒར་བ་ངག་དབང་བཟང་པོས་བཤམས་སྟོན་ཁང་དུ་ཕེབས་མཁན་སྐུ་མགྲོན་རྣམས་ལ་དགོན་པ་དེར་ཉར་བའི་རིག་རྫས་རེ་རེ་ཡི“སྔོན་ཆད་དང་ད་ལྟའི”ལོ་རྒྱུས་ཞིབ་ཏུ་བརྗོད་ཅིང་འདས་མ་ད་གསུམ་གྱི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་བརྒལ།

 བརྩེ་ཆེན་དར་རྒྱས་གླིང་ནི་ལོ་རྒྱུས་རིང་ལ། རིག་གནས་ཀྱི་རྔམ་མཐུག་པ།  རིག་དངོས་སྲུང་སྐྱོབ་ཀྱི་རིན་ཐང་ཆེ་བ་བཅས་ཀྱི་དབང་གིས་དུས་རབས་རིམ་བྱུང་གི་ཀྲུང་དབྱང་སྲིད་གཞུང་དང་བོད་བརྒྱུད་ནང་བསྟན་བར་གྱི་འབྲེལ་ཟམ་གལ་ཆེན་ཞིག་ཡིན་ལ།  མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བདེན་དཔང་གལ་ཆེན་ཞིག་ཀྱང་རེད།

 ལོ་རྒྱུས་རིང་བོའི་བརྩེ་ཆེན་དར་རྒྱས་གླིང་དགོན་པ་འདི་ནི་མི་རིགས་མང་པོའི་མཉམ་དུ་བཞེངས་བསྐྲུན་བྱས་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲགས་ཅན་ཞིག་ཡིན་ཞིང་།   དེས་གསོན་ཉམས་དོད་པའི་མི་རིགས་ཁག་བར་གྱི་འབྲེལ་འདྲིས་དང་བརྗེ་སྤེལ། མཉམ་འདྲེས་ཐོག ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སྐུལ་འདེད་བཏང་བའི་རི་མོ་ཡིད་དུ་འོང་བ་འདི་བཞེངས་པ་མ་ཟད།  དུས་ད་ལྟ་སྔར་ལས་མཛེས་སྡུག་ལྡན་པའི་ལེའུ་ཞིག་བརྩམས་པའི་རྒྱུན་དེ་མ་ཉམས་པར་བསྐྱངས་ཡོད།

 དེར་བརྟེན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་རྒྱུན་ཨུ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཡིན་པའི་སྒར་བ་ངག་དབང་བཟང་པོ་མཆོག་ནས“བརྩེ་ཆེན་དགོན་ལ་ཁྱོན་ཡོངས་ནས་ཕྱོགས་བསྡུས་རང་བཞིན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་མྱོང་རོལ་རྟེན་གཞི་འཛུགས་སྐྲུན”གྱི་འགན་ཁུར་དུ་བཞེས་ཤིང་ཀུན་ལ་སྐུལ་བས་སྤྱི་ཚོགས་ལས་རིགས་སོ་སོ་ནས་དོ་སྣང་ཐོབ། 

 “ང་ཚོས‘འཐབ་ས་གསུམ’བསྐྲུན་ནས་དགོན་པའི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་བཟང་དང་། གསར་བརྗེ་རིག་གནས།   གསར་བརྗེའི་རྒྱལ་གཅེས་གཞི་རྒྱུ་ལ་སོགས་དར་སྤེལ་བཏང་བའི་ཕྱོགས་ནས་རྨང་གཞི་བརྟན་པོ་བཏིངས་ཞེས་ཟི་ལིང་གྲོང་ཁྱེར་གྲོང་དབུས་མི་རིགས་ཆོས་ལུགས་ལས་དོན་ཅུས་ཀྱི་ཅུས་ཀྲང་ཁྲེན་ཆིང་གིས་དེ་སྐད་བརྗོད།  “འཐབ་ས་གསུམ”ནི“རིག་གནས་གཞི་གཅིག་ཅན”རྒྱུན་འཛིན་གྱི་འཐབ་ས་དང་། “སེམས་པ་གཅིག་མཐུན་གྱི་སྣེ་ཁྲིད”མྱོང་རོལ་བྱེད་པའི་འཐབ་ས།   “མཐུན་སྒྲིལ་གོང་སྤེལ”ངོམ་སོ་བྱེད་པའི་འཐབ་ས་བཅས་བསྐྲུན་པར་གོ  ། 

 “ད་སྔར་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་ནི་ང་ཚོ་དོན་གཅོད་ཁང་གི་ལས་ཀ་སོ་སོའི་སྙིང་ཐིག་ཡིན” ཞེས་ཚང་མན་སྲང་ལམ་གྱི་ཏང་བཟོ་ཨུའི་ཧྲུའུ་ཅི། དོན་གཅོད་ཁང་གི་ཀྲུའུ་རེན་ཅའེ་ཅིན་གིས་དེ་ལྟར་བཤད།

  དགོན་པ་དེ་ཆགས་སའི་ཚང་མན་སྲང་ལམ་ཁོངས་གཏོགས་ཀྱི་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1.4ཡོད་ཅིང་།  ཐོག་ཁང75ཡིས་གྲུབ།   སྲང་ལམ་གྱི་སྤྱིའི་མི་འབོར་ཁྲི1.5ལས་བརྒལ་བ་དང་།  རྒྱ་བོད་སོག་ཧུའེ་སོགས་མི་རིགས་མི་འདྲ་བ14འདུས་སྡོད་བྱས་ཡོད།

 “ང་ཚོས‘དུས་བདེ་དགོན་པ་འཛུགས་སྐྲུན་དྲིལ་སྒྲོག་ཟླ’བརྗོད་གཞིར་བཟུང་སྟེ་བྱེད་སྒོ་སྤེལ་བར་སྐོར་ཞིབ་བྱས་པའི་ཁྲོད་དུ།   བརྩེ་ཆེན་དར་རྒྱས་གླིང་གི་ལྷ་ཁང་དང་། འདུ་ཁང་།  གྲྭ་ཤག་སོགས་ཀྱི་གློག་སྐུད་རྙིང་ཧྲུལ་དུ་གྱུར་ཡོད་པ་མཐོང་བས།  སྔོན་ལ་རྟོག་ཞིབ་དང་བར་དུ་འཆར་འགོད་བཟོས་པ་བརྒྱུད།  དོན་གཅོད་ཁང་ནས་མ་དངུལ་སྒོར་འབུམ་བཞི་བཏང་ནས་གློག་སྐུད་གསར་པ་འཐེན་པའི་ལས་གཞི་ད་ལྟ་ལག་བསྟར་བྱེད་སྒང་ཡིན་ཞེས་ཅའེ་ཅིན་གྱིས་ཟེར།  ཁོས་བལྟས་ན་གོང་འོག་མཉམ་འབྲེལ་དང་སེམས་ཁ་གཅིག་ཏུ་ཕྱོགས་ཐུབ་ཅིང་།  ལས་བགོས་རིམ་དབྱེ་དང་དོ་དམ་མཉམ་འཛིན་གྱི་ཁ་དབུགས་ཆགས་ཐུབ་ན།  ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི“སེ་འབྲུ་ལྟ་བུའི་ཁྱིམ་གཞིས”ད་གཟོད་ཡུན་རིང་དུ་བསྐྲུན་ཐུབ་ཟེར།

    ཚང་མན་སྲང་ལམ་དོན་གཅོད་ཁང་མི་རིགས་ཆོས་ལུགས་ཀྱི་ཆེད་དོན་པ་ཞིག་ཡིན་པའི་ཆ་ནས་ཀྲང་ཡན་ཉིན་རེར་ཁོངས་གཏོགས་ཀྱི་དགོན་པ་གསུམ་དང་ཆོས་ཁང་གཅིག་ལ“སྐོར་བ་ལན་གཅིག་རྒྱག་དགོས། ”  “ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི‘བསྐྱོད་པ་བཅུ’བཏོད་པའི་བྱེད་སྒོ་བརྒྱུད་དེ། ཁོངས་གཏོགས་ཀྱིས‘ཆབ་སྲིད་དང་། ཁྲིམས་སྐྱོང་། ཚུལ་སྐྱོང་།  རང་སྐྱོང་།  རིག་སྐྱོང’བཅས་སྐྱོང་ལྔ་མཉམ་འབྲེལ་ཐོག་ནས་གཞི་རིམ་བཅོས་སྐྱོང་བྱ་བའི་བྱེད་སྟངས་གསར་པ་ཞིག་འཚོལ་ཞིབ་བྱེད་སྒང་ཡིན། ད་ལྟ་ང་རང་གིས་དགོན་པའི་གྲྭ་བའི་གམ་དུ‘ཨ་ཁུའི་ཤ་མོག’བསླབ་ནས་བཟོ་ཤེས་པར་གྱུར་བ་མ་ཟད།  མཐེབ་ཐུག་གཡོས་པའི་ལག་རྩལ་ཡང་ཇེ་མྱུར་ལ་སོང་ཡོད་ཅེས”རང་གཤིས་བག་དྲོ་བའི་ཀྲང་ཡན་གྱིས་དེ་ལྟར་བརྗོད།   “སེ་འབྲུ་ལྟ་བུའི་ཁྱིམ་གཞིས”འདིར་ཚང་མ་ཁྱོད་དུང་ང་ཞེན་གྱི་ཁྱིམ་ཚང་གཅིག་གི་ནང་མི་རུ་གྱུར་ཡོད་དོ། །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།