ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཀའ་རྒྱར་མཚན་རྟགས་བཀོད་དེ《དམག་དོན་སྒྲིག་བཀོད་འཛུགས་སྐྲུན་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཉེ་ལམ་བཀའ་རྒྱར་མཚན་རྟགས་བཀོད་དེ།《དམག་དོན་སྒྲིག་བཀོད་འཛུགས་སྐྲུན་སྲོལ་ཡིག》ཁྱབ་བསྒྲགས་བྱས་པ་དང་། 2025ལོའི་ཟླ8པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྲོལ་ཡིག་ལས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ། དམག་འཁྲུག་གི་གྲ་སྒྲིག་དང་དམག་འཁྲུག་ལ་ཞབས་འདེགས་ཞུ་བར་དམིགས་ཏེ། མགོ་ཁྲིད་བཀོད་འདོམས་སྒྲིག་སྲོལ་དང་འགན་སྲུང་བྱེད་སྟངས་གསར་པར་འཚམ་པར་བྱེད་པ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་གཞི་རྩའི་རྩ་དོན་དང་། དོ་དམ་སྒྲིག་སྲོལ། འཁོར་སྐྱོད་ལམ་སྲོལ། བྱ་བའི་ལམ་ལུགས་བཅས་ཚན་རིག་དང་མཐུན་པའི་སྒོ་ནས་ཚད་ལྡན་དུ་གཏོང་བ་བཅས་ནི་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་གྱི་གཞི་འཛིན་ས་གལ་ཆེན་ཡིན།

སྲོལ་ཡིག་ལ་བསྡོམས་པས་ལེའུ11དང་དོན་ཚན63ཡོད་པ་སྟེ། དམག་ཨུས་སྤྱི་འདོམས་བྱེད་པ་དང་འཐབ་ཁུལ་གྱིས་དམག་འཐབ་གཙོ་བོ་བྱེད་པ། དམག་རིགས་ཀྱིས་འཛུགས་སྐྱོང་གཙོ་བོ་བྱེད་པའི་སྤྱིའི་རྩ་དོན་གཞིར་བཟུང་སྟེ། འཛུགས་སྐྲུན་ཕྲེང་འབྲེལ་དང་། དོ་དམ་ཕྲེང་འབྲེལ། ལྟ་སྐུལ་ཕྲེང་འབྲེལ་བཅས་མཐུན་སྦྱོར་བྱེད་པར་དམིགས་ནས། གཙོ་བོ་དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་འཆར་འགོད་དོ་དམ་དང་། རྣམ་གྲངས་ཞིབ་བཤེར། བཟོ་སྐྲུན་སྒྲུབ་འགན་སྤྲོད་པ། རྩད་ཞིབ་ཇུས་འགོད། ཨར་ལས་དོ་དམ། འཕྲལ་བསྟུན་འཛུགས་སྐྲུན། བདེ་འཇགས་གསང་སྲུང་། ལྟ་སྐུལ་འགན་འཁྲི་བདའ་འདེད་སོགས་ཀྱི་ཕྱོགས་ནས། དོ་དམ་དབང་ཚད་གཙང་འབྱེད་དང་། བརྒྱུད་རིམ་སྒྲིག་སྲོལ་ལེགས་སྒྱུར། ལག་ལེན་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དམག་དོན་སྒྲིག་བཀོད་འཛུགས་སྐྲུན་གྱི་སྤུས་ཚད་དང་ཕན་འབྲས། འགན་སྲུང་ནུས་པ་བཅས་ཇེ་མཐོར་གཏོང་བར་ཁྲིམས་སྐྱོང་གི་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།  །

རྩོམ་སྒྲིག་པ། : ཁོན་ཐར་འཚོ།