རང་མོས་ཉོ་ཚོང་ཁུལ་འདི་བརྟན་པོའི་ངང་སྐྲུན་བཞིན་འདུག

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

 ཧའེ་ནན་དུ་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་དམིགས་པ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོདགོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་བཏོན་པའི་འཐབ་ཇུས་བཀོད་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འདི་ཉིད་རང་རྒྱལ་གྱི་དུས་རབས་གསར་པའི་ཕྱི་ཕྱོགས་སྒོ་དབྱེར་སྣེ་ཁྲིད་བྱེད་པའི་སྒོ་མོ་གལ་ཆེན་ཞིག་ཏུ་སྐྲུན་རྒྱུར་འབད་བརྩོན་ཧུར་ཐག་བྱ་དགོས་ཞེས་ནན་སྟོན་གནང་ཡོད།

2020ལོའི་ཟླ་6པར། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིསཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞིདངོས་སུ་ཁྱབ་བསྒྲགས་བྱས་པ་དང་། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་བྱ་རྒྱུ་དེ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་དུས་མཚམས་སུ་སླེབས་ཡོད། ལོ་ལྔའི་རིང་། ཧའེ་ནན་གྱིས་སྒོ་དབྱེར་བརྟེན་ནས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། རང་མོས་ཉོ་ཚོང་གྲུ་ཁའི་ལྟེ་བའི་སྲིད་ཇུས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བས། ཆུ་ཚད་མཐོ་བའི་སྒོ་དབྱེ་དང་སྤུས་ཚད་མཐོ་བའི་གོང་འཕེལ་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་ཡོད།

ཧའེ་ཁོའུ་རྒྱལ་ཁབ་མཐོ་གསར་ཁུལ་གྱི་སྨན་རྫས་ཀུང་སི་ཞིག་གི་ཐོན་སྐྱེད་འཁོར་ཁང་ནང་ཐོན་སྐྱེད་གྲུབ་པའི་སྨན་གཏོར་ཡོ་བྱད་ཐོན་རྫས་ཁག་གཅིག་ཞིབ་བཤེར་དང་། ཐུམ་སྒྲིལ། སྒམ་ནང་བླུགས་པ་སོགས་ཀྱི་ལས་རིམ་བརྒྱུད་རྗེས། ཤོག་བྱང་སྦྱར་ནས་ས་ཚིགས་རྗེས་མའི་དམིགས་སར་སྐྱེལ་རྩིས་བྱེད་བཞིན་ཡོད། ཀུང་སིའི་སྤྱི་ཁྱབ་སྤྱི་གཉེར་ཧོ་ཡུང་ཧྲེན་གྱིས་གསར་འགོད་པར། “ན་ནིང་ང་ཚོས་མི་དམངས་ཤོག་སྒོར་ཁྲི་2200ཙམ་གྱི་རང་བྱུང་འགྱིག་ནང་འདྲེན་བྱས་པར་སྒོ་ཁྲལ་མི་དམངས་ཤོག་སྒོར་ཁྲི་160ཙམ་གྲོན་ཆུང་ཐུབ་ནས། ཁེ་ལས་ལ་དཔལ་འབྱོར་གྱི་ཕན་འབྲས་དངོས་ཐོབ་བྱུང་ཞེས་གསུངས་པ་རེད།

2020ལོའི་ཟླ་6པར་ཁྱོན་ཡོངས་ནས་ལག་བསྟར་བྱས་ཚུན། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་གོམ་སྟབས་མགྱོགས་མྱུར་ངང་བརྟན་དུ་སོང་བ་དང་བཟོ་དབྱིབས་གྲུབ་ནས་སྤྱིའི་རྣམ་པ་ཐོན་ཡོད། མིག་སྔརསྒོ་ཁྲལ་མེད་པ་དང་། ཁྲལ་ཚད་དམའ་བ། ཁྲལ་བསྡུའི་ལམ་ལུགས་སྟབས་བདེ་བདངརང་མོས་སྟབས་བདེ་ལྔ་སྟེ། བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་འཁོར་རྒྱུག་བྱེད་པབཅས་ཁྱད་ཆོས་གཙོ་བོར་བྱས་པའི་རང་མོས་ཉོ་ཚོང་གྲུ་ཁའི་སྲིད་ཇུས་ལམ་ལུགས་མ་ལག་གཞི་རྩའི་ཆ་ནས་བཙུགས་པ་དང་། སྲིད་ཇུས་ཀྱི་ཕན་ཁེ་མགྱོགས་མྱུར་ངང་ལྷུག་ཏུ་བཏང་ཡོད། ཧའེ་ཁོའུ་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྲིད་ཇུས་ལག་ལེན་བསྟར་བ་ནས་2025ལོའི་ཟླ་4པའི་བར།སྒོ་ཁྲལ་མེད་པའིགསལ་ཐོ་གསུམ་ཁོ་ནས་ཁྱོན་ནང་འདྲེན་སྒོར་དུང་ཕྱུར་225.85བྱས་པ་དང་། དཔྱ་ཁྲལ་ཆག་ཡང་དང་རྩ་ཆག་སྒོར་དུང་ཕྱུར་43.08བཏང་ཡོད་པ་རེད། 

ད་ལོ་ནི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཁྲལ་སྡོམ་ལས་གཉེར་དང་སྒོ་དབྱེ་རྒྱ་ཆེར་གཏོང་བའི་ལོ་ཡིན། ཁྲལ་སྡོམ་ལས་གཉེར་གྱི་ལས་འགན་དང་། འཛུགས་སྐྲུན་རྣམ་གྲངས། གནོན་ཤུགས་ཚོད་ལྟ་བཅསགསལ་ཐོ་གསུམལ་དམིགས་ནས། ཧའེ་ནན་གྱིས་འབྲེལ་ཡོད་གྲ་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མིག་སྔར། འགག་སྒོ་འཛུགས་སྐྲུན་དང་འགག་སྒོའི་ཞིབ་བཤེར་སྒྲིག་བཀོད་སོགས་ཀྱི་རྣམ་གྲངས་དང་འབྲེལ་བ་ཡོད་པའི་ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་ཁྲལ་སྡོམ་ལས་གཉེར་གྱི་ཁག་དང་པོའི་རྣམ་གྲངས་31ཚང་མ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་ཡོད།

ཧའེ་ཁོའུ་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་གྱི་རྒྱལ་ཁོངས་ས་ཆ་འཆར་འགོད་འཛུགས་སྐྲུན་ཅུས་ཀྱི་ལས་དོན་མི་སྣ་ཁྲེན་ཆི་ཤིན་གྱིས། ང་ཚོའི་རང་མོས་ཉོ་ཚོང་གྲུ་ཁ་31གི་ཁྲལ་སྡོམ་ལས་གཉེར་རྣམ་གྲངས་ནང་ཞུགས་མཁན་ཚང་མས་འབད་བརྩོན་ཆེན་པོ་བྱེད་ཀྱི་ཡོད། ང་ཚོས་ལས་ཀ་སྔ་ཙམ་ཚར་བ་བྱ་རྒྱུ་ཁོ་ན་མིན་པར། སླད་ཕྱིན་ཁྲལ་སྡོམ་གནོན་ཤུགས་ཚད་ལེན་ཚོད་ལྟ་བྱེད་པར་དུས་ཚོད་འདང་ངེས་ཤིག་འཇོག་ཆེད་ཡིན་ཞེས་གསུངས་པ་རེད

ཁྲལ་སྡོམ་བྱེད་པར་རྨང་གཞིའི་སྒྲིག་བཀོད་ཀྱི་འདེགས་སྐྱོར་དགོས་པ་མ་ཟད། ལམ་ལུགས་ཀྱི་འགན་སྲུང་དང་ཡང་ཁ་འབྲལ་ཐབས་མེད། ཀྲུང་གོའི་དབྱང་ཕུའུ་གྲུ་ཁཡི་གྲུ་གཟིངས་ཐོ་འགོད་གྲུ་ཁ་འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ནས། ཧའེ་ནན་གྱིསཀྲུང་གོའི་དབྱང་ཕུའུ་གྲུ་ཁཡི་གྲུ་གཟིངས་ཐོ་འགོད་གྲུ་ཁའི་ལམ་ལུགས་ལྟེ་བར་བྱས་པའི་འདུས་གྲུབ་གསར་གཏོད་ཧུར་ཐག་བྱས་ཏེ། མཚོ་ཐོག་སྐྱེལ་འདྲེན་གྱི་རྒྱུ་རྐྱེན་གཙོ་བོ་དབྱང་ཕུའུ་རུ་མགྱོགས་མྱུར་ངང་གཅིག་འདུས་བྱ་རྒྱུར་སྐུལ་འདེད་བཏང་ཡོད། མིག་སྔའི་བར། རྒྱལ་སྤྱིའི་གྲུ་གཟིངས་60ལྷག་ཙམཀྲུང་གོའི་དབྱང་ཕུའུ་གྲུ་ཁའིཁོངས་སུ་ཞུགས་པ་དང་། སྤྱིའི་ཏུན་གྲངས་དེ་ཏུན་ཁྲི་583ལས་བརྒལ་ཡོད།ཀྲུང་གོའི་དབྱང་ཕུའུ་གྲུ་ཁའིཁོངས་སུ་ཡོད་པའི་གྲུ་གཟིངས་ཐོ་འགོད་གྲངས་འབོར་དང་སྤྱིའི་སྐྱེལ་འདྲེན་ཤུགས་ཚད་སོགས་ཚང་མ་རྒྱལ་ཡོངས་ཀྱི་རང་མོས་ཉོ་ཚོང་གྲུ་ཁའི(ཁུལ)ཨང་དང་པོར་སླེབས་ཡོད།

དབྱང་ཕུའུ་འགྲིམ་འགྲུལ་སྐྱེལ་འདྲེན་དང་གྲུ་ཁ་མཚོ་འགྲུལ་ཅུས་ཀྱི་ཅུས་ཀྲང་ཧྲའོ་ཅིན་ཉིང་གིས། རང་མོས་ཉོ་ཚོང་གྲུ་ཁའི་སྤྱིའི་ཇུས་གཞི་ཁྱབ་བསྒྲགས་བྱས་པའི་ལོ་ལྔའི་རིང་། ང་རང་གིསཀྲུང་གོའི་དབྱང་ཕུའུ་གྲུ་ཁའིགྲུ་གཟིངས་ཐོ་འགོད་གྲུ་ཁས་གཙོས་པའི་སྐྱེལ་འདྲེན་སྟབས་བདེ་ཅན་གྱི་སྲིད་ཇུས་འགའ་དངོས་སུ་མྱོང་བརྒྱུད་ཐུབ་བྱུང་། དེ་དང་ཆབས་ཅིག གྲུ་ཁ་དེའི་ནུས་པ་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས། གྲུ་ཁའི་མཚོ་འགྲུལ་དམིགས་ཚད་ཁག་གཅིག་མགྱོགས་མྱུར་འཕར་ཡོད།2025ལོར་ཁྲལ་སྡོམ་བྱས་རྗེས། ང་ཚོའི་སྟེགས་བུ་དེ་བས་ཆེ་བ་དང་ང་ཚོའི་གར་སྟེགས་དེ་བས་རྒྱ་ཆེ་རུ་འགྲོ་སྲིད་ཅེས་བརྗོད་ཡོད།

ཧའེ་ནན་གྱིས་ལམ་ལུགས་འདུས་གྲུབ་གསར་གཏོད་བྱ་རྒྱུ་དེ་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ཡོད། རིམ་རྩིས་བརྒྱབ་ན་ལམ་ལུགས་གསར་གཏོད་དཔེ་མཚོན་ཁག་ཐེངས་19ཡི་དོན་ཚན་158ཁྱབ་བསྒྲགས་བྱས་ཡོད། དེའི་ནང་། གླིང་ཕྲན་ནས་ཁ་བྲལ་བའི་དཔྱ་ཁྲལ་རྩ་ཆག་གི་ལྟ་སྐུལ་དོ་དམ་ཞབས་ཞུ་གསར་གཏོད་ཀྱིས་གཞན་གྱི་སྔོན་ལ་ཧའེ་ཁོའུ་ཕྱོགས་བསྡུས་སྒོ་ཁྲལ་མེད་ཁུལ་དུགློག་རྡུལ་མཚོན་རྟགསཀྱི་འགག་སྒྲོལ་དངསྔོན་ལ་ཁུལ་དུ་འཛུལ་བ་དང་དེ་རྗེས་འགག་སྒོར་སྙན་སེང་ཞུ་བ”“རྩ་ཆག་དང་ཁྲལ་མེད་སྦྲེལ་མཐུདསོགས་ཀྱི་བྱེད་ཐབས་ཚོད་ལྟ་བྱས་ཏེ།དཔྱ་ཁྲལ་རྩ་ཆག་དངོས་རྫས་ཀྱི་ལྟ་སྐུལ་དོ་དམ་ཕན་ནུས་དང་ཕྱིར་འཚོང་སྟབས་བདེ་ཅན། འཛད་སྤྱོད་པའི་ཉོ་སྒྲུབ་ཉམས་ལེན་བཅས་ནུས་ལྡན་ངང་ཆེ་རུ་བཏང་ཡོད།

ཀྲུང་གོ་དཔྱ་ཁྲལ་རྩ་ཆག་ཧའེ་ནན་རྒྱལ་སྤྱིའི་ཟོག་འགྲེམས་ལྟེ་གནས་ཀྱི་སྒོ་ཁྲལ་མེད་ཁུལ་མཛོད་ཁང་གི་གཙོ་གཉེར་ཀྲང་ཅི་རྨིན་གྱིས། འགག་སྒོ་ལས་ཁུངས་ཀྱི་དམིགས་བསལ་ལྟ་སྐུལ་དོ་དམ་ཁུལ་གྱི་སྲིད་ཇུས་བཟང་ཆར་བརྟེན་ནས། ཁེ་ལས་ཀྱིས་སྒོ་ཁྲལ་མེད་པའི་བྱ་ཐབས་བརྒྱུད་ཟོག་ཁུངས་གསོག་འཇོག་བྱེད་ཆོག་པས། དཔྱ་ཁྲལ་རྩ་ཆག་ཚོང་ཟོག་དང་། དྲ་ཐོག་ལས་སྟེགས་སམ་སྤྱིར་བཏང་ཉོ་ཚོང་གི་ཚོང་ཟོག་ཕྱིར་ཚོང་བཅས་ལ་བབ་བསྟུན་ངང་བསྒྱུར་ནས། གཉེར་སྐྱོང་ལས་ཕྱོད་དང་ཞབས་ཞུའི་སྤུས་ཚད་མཐུན་སྦྱོར་ངང་མཐོ་རུ་གཏོང་ཐུབ་ཅེས་གསུངས་པ་རེད།

ལོ་ལྔའི་རིང་། ཧའེ་ནན་གྱིས་བཏོན་པའི་ལམ་ལུགས་འདུས་གྲུབ་གསར་གཏོད་ཀྱི་དཔེ་མཚོན་ཁྲོད་ཀྱི་རྣམ་གྲངས་11རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ཡོངས་སུ་འདྲ་བཟོ་ཁྱབ་གདལ་བཏང་བ་དང་། རྣམ་གྲངས་20ལྷག་ཙམ་རྒྱལ་ཁབ་ཀྱི་པུའུ་དང་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་སུ་འདྲ་བཟོ་ཁྱབ་གདལ་བཏང་ཡོད། རྒྱུན་མཐུད་ངང་ལེགས་སུ་བཏང་བའི་ཚོང་གཉེར་ཁོར་ཡུག་གིས་གཉེར་སྐྱོང་བྱེད་པོ་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་ཆད་མེད་པར་སྐུལ་སློང་ཐུབ་ཡོད། མིག་སྔའི་བར། ཧའེ་ནན་གྱི་གཉེར་སྐྱོང་བྱེད་པོ་བཅུ་ཆ་བདུན་ལྷག་ཙམ་ནིཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁ་འཛུགས་སྐྲུན་གྱི་སྤྱིའི་ཇུས་གཞིལག་བསྟར་བྱས་རྗེས་གསར་དུ་བསྣན་པ་ཞིག་ཡིན། ཧའེ་ནན་ཞིང་ཆེན་ཨུ་ལྷན་བསྒྱུར་བཅོས་ཟབ་སྤེལ་གཞུང་དོན་ཁང(རང་མོས་ཉོ་ཚོང་གྲུ་ཁའི་ལས་དོན་ཨུ་ལྷན་གཞུང་དོན་ཁང)གི་ཀྲུའུ་རེན་གཞོན་པ་ཝང་ཧྥེང་ལིས། རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས། གོང་ནས་འོག་བར་མ་ལག་རང་བཞིན་དང་འདུས་གྲུབ་རྣམ་པ། ཁྱད་ཆོས་དེ་བས་མངོན་གསལ་དོད་པ་བཅས་ཀྱི་གསར་གཏོད་དཔེ་མཚོན་ཁག་གཅིག་ཇུས་འགོད་དང་སྐུལ་འདེད་གཏོང་བ། དཔེ་མཚོན་འདེམས་སྐྱེལ་དང་གསོ་སྐྱོང་། ཕྱོགས་སྡོམ། ཁྱབ་བསྒྲགས་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལས་ཀའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དང་ལེགས་བཅོས་བྱེད་པ། གྲོང་ཁྱེར་དང་རྫོང་། སྡེ་ཚན་བཅས་ཀྱི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱེད་པ། ལམ་ལུགས་གསར་གཏོད་ཀྱི་གྲུབ་འབྲས་སྔར་ལས་མང་བ་དང་སྔར་ལས་ལེགས་པ་འདོན་སྤེལ་བྱ་རྒྱུར་བརྩོན་ལེན་བྱེད་པ་བཅས་བྱས་ཏེ། ལམ་ལུགས་འདུས་གྲུབ་གསར་གཏོད་དེ་ཞིང་ཆེན་ཡོངས་ཀྱི་ས་ཕྱོགས་ཀུན་ཏུ་དར་ཁྱབ་ཡོང་བ་དང་གཅིག་ལ་གཅིག་འགྲན་ངང་གོང་འཕེལ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།