ཞིང་ཆེན་སྲིད་གཞུང་གིས་ཏང་ཙུའུ་ཚོགས་འདུ་འཚོགས་ཤིང་ལུའོ་ཏུང་ཁྲོན་གྱིས་གཙོ་སྐྱོང་གནང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། ལོ་ཙཱ་བ། ཁོན་ཐར་འཚོ།

ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི། ཞིང་ཆེན་གྱི་མགོ་གཙོའམ་ཧྲེན་ཀྲང་ལུའོ་ཏུང་ཁྲོན་གྱིས་གཙོ་སྐྱོང་གནང་ནས་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཚོགས་འདུ་ཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་བྱས་ནས་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དརེ་བ་དོན་འཁྱོལ་བྱས་པ་དང་། ཞིབ་འཇུག་ཐོག་སློབ་གསོ་དང་སློབ་སྦྱོང་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུའི་ཐོག་ཁོས་འདི་སྐད། ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ། ཀྲུང་དབྱང་གི་རིམ་པ་ནས་འཚོགས་པའི་སློབ་སྦྱོང་དང་སློབ་གསོ། བརྟག་ཞིབ་བཅས་ཀྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་ཐོག་ལག་བསྟར་ནན་ཏན་བྱས་པ་དང་། གནད་དོན་བཤེར་འདོན་དང་བཅོས་སྒྲིག་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། སློབ་སྦྱོང་གཏིང་ཟབ་པ་དང་སློབ་གསོ་ཏན་ཏིག་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས།  གྱོད་གཞིར་བརྟེན་ནས་སློབ་སྦྱོང་ལ་སྐུལ་འདེད་གཏིང་ཟབ་ཏུ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་ཀུན་སྤྱོད་དང་། གྱོད་གཞིར་བརྟེན་ནས་སྒྲིག་ལམ་བཤད་པ། གྱོད་གཞིར་བརྟེན་ནས་ཁྲིམས་བཤད་པ། གྱོད་གཞིར་བརྟེན་ནས་འགན་འཁྲི་བཤད་པའི་བྱེད་ཤུགས་ཆེ་རུ་བཏང་ནས་ཟ་འཐུང་གི་ལོག་སྤྱོད་བཀག་འགོག་ཏན་ཏིག་བྱས་ཏེ་སྤྱོད་བཟང་གཞུང་དྲང་ཀྱི་ལས་སྒྲུབ་དང་ལས་གཏོད་ཀྱི་ཆབ་སྲིད་ཀྱི་སྣང་ཚུལ་བཟང་པོ་ཧུར་ཐག་གཏོད་དགོས། སྲིད་གཞུང་ཁོངས་གཏོགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་ཁུར་ནས་རང་གཅུན་ནན་པོ་དང་། འགན་འཁྲི་ནན་པོ། ཁོངས་གཏོགས་དོ་དམ་ནན་པོ་བཅས་མཐའ་གཅིག་ཏུ་སྒྲུབ་དགོས་པ་དང་། ཚད་གཞི་ནན་པོ་དང་བྱེད་ཐབས་ནན་པོས་སྣེ་ཁྲིད་དེ་སློབ་སྦྱོང་ལ་ཞིབ་བཤེར་དང་བསྒྱུར་བཅོས་གཞི་གཅིག་ཏུ་སྐུལ་འདེད་བཏང་སྟེ། ཏང་ཡོན་ལས་བྱེད་པས་ཏང་སྲོལ་སྲིད་སྲོལ་བཟང་པོ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་པར་སྐུལ་ཁྲིད་བྱ་དགོས་ཞེས་ནན་གྱིས་བསྟན།

ཚོགས་འདུའི་ཐོག་འདི་སྐད། 《སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་གྱི་སྲོལ་ཡིག》ལ་མཚོན་ན་ཏང་གིས་སྐྱེ་ཁམས་ཀྱི་དཔལ་ཡོན་འཛུགས་སྐྱོང་དང་སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་ཁྱོན་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱེད་པར་ཤུགས་སྣོན་དང་། སྐྱེ་ཁམས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལས་དོན་ལ་སྐུལ་འདེད་གཏིང་ཟབ། མཛེས་པའི་ཀྲུང་གོ་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཅས་གཏང་བར་དོན་སྙིང་གལ་ཆེན་ལྡན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་ལེན་གཏིང་ཟབ་དང་།  《སྲོལ་ཡིག》ལ་སློབ་སྦྱོང་བྱས་ནས་གོ་བ་ཟབ་མོ་ལེན་བླངས་ནས་དྲིལ་སྒྲོག་འགྲེལ་བཤད། ལག་བསྟར་ལག་ལེན་བཅས་ཐད་ལ་གཅིག་གྱུར་ཐོག་དམ་འཛིན་བྱས་ཏེ།  ཞིང་ཆེན་རིམ་པ་ལས་ཀའི་ནང་རྐྱེན་རྒྱུན་མཐུད་ལྟ་སྐུལ་དང་བཅོས་སྒྲིག་ཐོག་འཐུས་ཚང་དུ་གཏང་བ་དང་།  ལྟ་སྐུལ་བཅོས་སྒྲིག་གི་ལས་འཕྲོ་ནན་མོས་སྒོ་ནས་དོན་དངོས་ཐོག་ལེགས་པར་བསྒྲུབ་དགོས་པ་ནན་གྱིས་བསྟན།
  ཚོགས་འདུའི་ཐོག་ནན་ཀྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་རང་བདག་གསར་བརྗེ་སྐོར་གྱི་དགོངས་དོན་གལ་ཆེན་དང་སྐོར་ཞིབ་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ཐད་བཏོན་པའི་བླང་བྱ་དང་རེ་བ་གལ་ཆེན་ལག་བསྟར་ནན་ཏན་བཅས་བྱས་ཏེ། མྱུར་ཚད་སྔར་ལས་མགྱོགས་ཤིང་ཤུགས་ཆེན་པའི་ཐོག་ནས་སྐོར་ཞིབ་ཁྲོད་ལྡོག་ལན་སྐྱོན་པའི་གནད་དོན་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་བཏང་ནས་བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་མཁན་དང་། བྱ་སྤྱོད་སྤེལ་མཁན། ལག་ལེན་པ་ཡག་པོ་ཞིག་བྱེད་དགོས།

 གྲོས་ཚོགས་སྟེང་ད་དུང་ལས་དོན་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།