རང་རེའི་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《2025ལོའི་དུས་ཆེན་དང་གུང་གསེང་ཉིན་མོ་བཀོད་སྒྲིག་ཐད་ཀྱི་བརྡ་ཐོ》གཞིར་བཟུང་སྟེ་ཟླ5པའི་ཚེས31ནས་ཟླ6པའི་ཚེས2ཉིན་བར་ཁྱོན་བསྡོམས་ཉིན3ལ་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་གཏོང་རྒྱུ་རེད། དོ་སྣང་བྱེད་དགོས་པ་ཞིག་ལ་ལྔ་པའི་ཚེས་ལྔའི་གུང་གསེང་སྐབས་སུ་མྱུར་བགྲོད་གཞུང་ལམ་གྱི་ལམ་གླ་སྔར་བཞིན་སྤྲོད་དགོས་སོ། །

