2025ལོའི་མཐོ་རྒྱུགས་ཀྱི་རྒྱུགས་སྤྲོད་འཛིན་ཡིག་ལེན་པའི་ཐད་ཀྱི་གསལ་འདེབས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རང་རེའི་དྲ་བའི་འཕྲིན། 2025ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱི་མཐོ་རྒྱུགས་ལེན་པའི་རྒྱུགས་སྤྲོད་འཛིན་ཡིག་དེ་སློབ་མ་རང་ཉིད་ཀྱིས་ཕབ་ལེན་བསྐྱར་དཔར་བྱེད་དགོས་པ་ལས། རྒྱུགས་ཁུལ་སོ་སོའི་རྒྱུགས་ལེན་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་གཤམ་སྤྲོད་བྱ་རྒྱུ་མིན་ཏོ། །

ཟླ5པའི་ཚེས30ཉིན་གྱི་ཆུ་ཚོད9:00ཡི་སྟེང་། རྒྱུགས་སྤྲོད་སློབ་མས“མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ཚིགས”(https://www.qhjyks.com)ཐོ་འགོད་བྱས་པ་བརྒྱུད《མཚོ་སྔོན་ཞིང་ཆེན་གྱི2025ལོའི་མཐོ་རྒྱུགས་ལེན་པའི་རྒྱུགས་སྤྲོད་འཛིན་ཡིག》དེA4ཤོག་དཀར་སྟེང་ཕབ་ལེན་བསྐྱར་དཔར་བྱ་དགོས།( ཚོན་ལྡན་དང་ཚོན་མེད་གང་རུང་སྒོས་དཔར་ཆོག)

དམིགས་བསལ་གསལ་འདེབས།

1.རྒྱུགས་སྤྲོད་འཛིན་ཡིག་ནི་སློབ་མ་མཐོ་རྒྱུགས་ལ་ཞུགས་པའི་དཔང་འཛིན་གལ་ཆེན་ཞིག་ཡིན་གཤིས། རྒྱུགས་སྤྲོད་སློབ་མ་རྣམས་ཀྱིས་ཉར་ཚགས་ལེགས་པོ་བགྱི་དགོས།

2.རྒྱུགས་སྤྲོད་སློབ་མ2025ལོའི་མཐོ་རྒྱུགས་ལ་ཞུགས་སྐབས《མཚོ་སྔོན་ཞིང་ཆེན་གྱི2025ལོའི་མཐོ་རྒྱུགས་ལེན་པའི་རྒྱུགས་སྤྲོད་འཛིན་ཡིག》དང་ནུས་ཆོད་དུས་ཡུན་རིང་གི་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་བཟུང་སྟེ་རྒྱུགས་ཁུལ་དང་རྒྱུགས་ར་ནས་ཨང་རྟགས་ལྟར་བསྡད་ནས་རྒྱུགས་ལ་ཞུགས་དགོས། རྒྱུགས་གཞི་འགོ་བརྩམས་ནས་སྐར་མ15འགོར་རྟིང་རྒྱུགས་སྤྲོད་སློབ་མ་རྒྱུགས་རའི་ནང་འགྲོ་མི་ཆོག་ཅིང་། ཐེངས་དེའི་བསླབ་ཚན་གྱི་རྒྱུགས་གཞི་ལའང་ཞུགས་མི་ཆོག

3.རྒྱུགས་སྤྲོད་སློབ་མས་ངེས་པར་དུ་རྒྱུགས་སྤྲོད་འཛིན་ཡིག་སྟེང་གི་རྒྱུགས་གཞིའི་བསླབ་ཚན་དང་རྒྱུགས་ལེན་དུས་ཚོད། རྒྱུགས་ཁུལ་སོགས་ཀྱི་ཆ་འཕྲིན་དང《རྒྱུགས་ལེན་སྒྲིག་སྲོལ》ལ་ནན་ཏན་གྱིས་བཀླག་རྗེས་དུས་དང་བླང་བྱ་ལྟར་རྒྱུགས་ལ་ཞུགས་དགོས་སོ། །

མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་དྲ་ངོས།

ཐོ་ཞུགས་ངོས།

ཕབ་ལེན་ངོས།

མཚོ་སྔོན་ཞིང་ཆེན་སློབ་གསོ་རྒྱུགས་ལེན་གླིང་གིས།

2025ལོའི་ཟླ5པའི་ཚེས28ཉིན།

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།