ཟླ5པའི་ཚེས25ཉིན། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ་དང་ཞིང་ཆེན་ཚན་རྩལ་མཐུན་ཚོགས། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་རྒྱལ་སྲུང་ཚན་རྩལ་བཟོ་ལས་གཞུང་སྒྲུབ་ཁང་བཅས་ཀྱིས་གཙོ་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་འབད་འཐབ་པ་ལས་ཆེས་མཛེས་པའི་ཚན་རྩལ་ལས་དོན་པ་ཁྱབ་བསྒྲགས་བྱེད་པའི་མཛད་སྒོ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་བསྡུས།
ཐེངས་འདིའི་བྱ་འགུལ་གྱི་དམིགས་འབེན་ནི་ཚན་རིག་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། ཚན་རྩལ་ལས་དོན་པའི་དུས་རབས་ཀྱི་གཟི་ཉམས་མངོན་པ། ཞིང་ཆེན་ཡོངས་ཀྱི་ཚན་རྩལ་ལས་དོན་པ་ཚོའི་གཟི་བརྗིད་འདུ་ཤེས་དང་རང་རློམ་གྱི་འདུ་ཤེས། འགན་འཁྲི་འདུ་ཤེས་སྔར་ལས་ཆེར་བསྐྱེད་པ། རྒྱ་ཆེའི་ཚན་རྩལ་ལས་དོན་པ་ཚོ་མཐུན་སྒྲིལ་གཅིག་བསྡུ་བྱས་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་དང་གསར་བ་བཞག་སྟེ། སྤྱི་ཚོགས་ཡོངས་སུ་ཤེས་བྱར་བརྩི་མཐོང་དང་གསར་གཏོད་ལ་བརྩི་འཇོག འཇོན་མིར་བརྩི་བཀུར། ཚན་རིག་ལ་དགའ་ཞེན། ཚན་རིག་ཐད་ཡོད་ཚད་འབུལ་བའི་སྣང་ཚུལ་བཟང་པོ་གྲུབ་པར་བྱེད་རྒྱུ་དེ་ཡིན། ཁྱབ་བསྒྲགས་ཡུལ་དངོས་སུ། ཟི་ལིང་གྲོང་ཁྱེར་སྔོ་ཚལ་ལག་རྩལ་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རིན་ཁུང་ཞའོ་ཕིང་དང་། ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཀྲང་པོ། མཚོ་ཤར་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་གི་ལག་རོགས་པ། ཁོང་ནད་ཚན་ཁག་དང་པོའི་ཀྲུའུ་རིན་ཅུའུ་ཐའོ། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཞེ་ཧེའུ་ཁྲུན། རྨ་ཆེན་རྫོང་མི་དམངས་སྨན་ཁང་གི་ཡོན་ཀྲང་ཀྲུའུ་ཞིན་ཕུའུ་སོགས་ཚན་རིག་ཞིབ་འཇུག་གི་གདོང་ལེན་མི་སྣ་བཅུ2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པར་བདམས།
རྒྱུས་ལོན་བྱུང་བ་ལྟར་ན། བྱ་འགུལ་གྱི་སྔོན་དུ། གཙོ་སྒྲུབ་ལས་ཁུངས་ཀྱིས་སྐུལ་སློང་རྒྱ་ཆེར་བྱེད་པ་དང་རྩ་འཛུགས་ཀྱིས་ངོ་སྤྲོད་བྱེད་པ། ཐོབ་ཐང་ཞིབ་དཔྱད་བྱེད་པ་སོགས་ཀྱི་གོ་རིམ་བརྒྱུད་དེ། 2025ལོའི་མཚོ་སྔོན་ཞིང་ཆེན་གྱི་ཆེས་མཛེས་པའི་ཚན་རྩལ་ལས་དོན་པ་བཅུ་བདམས་ཐོན་བྱུང་བ་དང་། ཁོ་ཚོ་ཧུར་ཐག་གིས་རང་ཞིང་གི་ཚན་རྩལ་ལས་དོན་ཁྲོད་ཞུགས་ནས། བྱ་སྤྱོད་དངོས་ལ་བརྟེན་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་ཐད་ཞབས་འདེགས་ཞུས་པ་དང་། མཚོ་སྔོན་གྱི་ཚན་རྩལ་ལས་དོན་པའི་དུས་རབས་ཀྱི་སྣང་བརྙན་མངོན་པར་བྱས།