ཞི་ཅིན་ཕིང་གིས་བློ་ཐག་རྦད་ཆོད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ནུས་མཐོའི་བཅོས་སྐྱོང་ལ་སྐུལ་འདེད་བཏང་སྟེ་དབུས་རྒྱུད་ས་ཁུལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་དགོས་པར་བསྟན།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་རིག་ནུས་བཟོ་ཁང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད་སྐབས་ནན་གྱིས་བསྟན་དོན། དུས་རབས་གསར་པ་དང་སྐྱོད་ལམ་གསར་པའི་སྟེང་། ཧོ་ནན་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གིས་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་ངང་གོང་སྤེལ་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་འཐབ་ཇུས་བཀོད་སྒྲིག་ནན་ཏན་སྒོས་དངོས་འབེབས་བྱས་ནས། བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་དགོངས་གཞི་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་དུ་སྤེལ་བ་དང་། ཤུགས་ཆེན་པོས་དེང་རབས་ཅན་གྱི་ཐོན་ལས་མ་ལག་དང་ཞིང་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན་བྱེད་དགོས་པ་དང་། ཤུགས་ཆེན་པོས་དམངས་འཚོ་ལེགས་བཅོས་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཇེ་དྲག་ཏུ་གཏོང་བ་དང་། རིག་གནས་དར་རྒྱས་གོང་སྤེལ་ལ་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་མཐོའི་བཅོས་སྐྱོང་གིས་དབུས་རྒྱུད་ས་ཁུལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལེའུ་གསར་བ་ཧུར་ཐག་གིས་རྩོམ་དགོས།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཞི་ཅིན་ཙིང་གིས་ཧོ་ནན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ལིའུ་ཉིང་དང་ཧྲིན་ཀྲང་ཝང་ཁའེ་ཡི་ཕེབས་རོགས་འོག སྔ་རྗེས་སུ་ལུའོ་དབྱང་དང་ཀྲིན་ཀྲོའུ་རུ་རྟོག་ཞིབ་མཛད།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་རུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིའི་རིག་ནུས་བཟོ་ཁང་དུ་རྟོག་ཞིབ་གནང་སྐབས། ཁེ་ལས་ཀྱི་ལས་བཟོ་པ་དང་མཉམ་དུ་ཡོད་པའི་ཚུལ་རེད། 

ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཐོག་མར་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟིར་ཕེབས་ནས་རྟོག་ཞིབ་མཛད། སྔོན་ཆད་ཀུང་ཟི་འདི་ནི“ལོ་ལྔའི་འཆར་གཞི་དང་པོའི”སྐབས་སུ་བཙུགས་པའི་ལུའོ་དབྱང་འཁོར་རྟེན་བཟོ་ཁང་ཡིན། རིག་ནུས་བཟོ་ཁང་དུ། ཞི་ཅིན་ཕིང་གིས་ཁེ་ལས་འཕེལ་རྒྱས་ཀྱི་ལོ་རྒྱུས་ལ་རྒྱུས་ལོན་གནང་བ་དང་། རིགས་མི་འདྲ་བའི་འཁོར་རྟེན་ཐོན་རྫས་ཀྱི་སྤྱོད་སྒོ་དང་བྱེད་ནུས་མཚམས་སྦྱོར་ལ་གསན་ནས། ཐོན་སྐྱེད་སྒྲུབ་རིམ་དུ་བསྐྱོད་དེ་ཐོན་སྐྱེད་ཀྱི་གོ་རིམ་ལ་ལྟ་ཞིབ་གནང་། ཁོང་གིས་ལས་བཟོ་པར་གསུངས་རྒྱུར། གསར་སྐྲུན་ལས་རིགས་ནི་རྒྱལ་དམངས་དཔལ་འབྱོར་གྱི་གཙོ་རྐང་གལ་ཆེན་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ངེས་པར་དུ་གསར་སྐྲུན་ལས་རིགས་ཀྱི་ལེགས་ཆའི་ལུགས་མཐུན་བསྡུར་ཚད་རྒྱུན་འཁྱོངས་བྱེད་དགོས། དེང་རབས་གསར་སྐྲུན་ལས་རིགས་ནི་ཚན་རྩལ་གྱི་བྱེད་ནུས་ལ་ཁ་འབྲལ་ཐབས་མེད་པས། ཤུགས་ཆེན་པོས་ཚན་རྩལ་གྱི་འགག་སྒྲོལ་ལ་ཤུགས་བསྣན་ནས། རང་བདག་གསར་སྐྲུན་གྱི་འཕེལ་རྒྱས་བགྲོད་ལམ་དུ་ལེགས་པོར་བསྐྱོད་དགོས་ཟེར། ཁོང་གིས་ལས་བཟོ་པས་མི་སྣ་གཙོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས། ཁེ་ལས་འཕེལ་རྒྱས་ཁྲོད་འབད་འབུངས་ཡར་བརྩོན་དང་བྱས་རྗེས་མང་པོ་འཇོག་དགོས་པར་སྐུལ་ལྕག་གནང་།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་རྟ་དཀར་དགོན་པར་རྟོག་ཞིབ་གནང་བའི་ཚུལ་རེད།

དེའི་རྗེས། ཞི་ཅིན་ཕིང་ཧན་རྒྱལ་རབས་ཤར་མའི་དུས་སྐབས་སུ་བསྐྲུན་པའི་རྟ་དཀར་དགོན་པར་རྟོག་ཞིབ་ཏུ་ཕེབས་ཤིང་། ནང་བསྟན་ཆོས་ལུགས་ཀྲུང་གོ་ཅན་དང་དགོན་པའི་རིག་དངོས་སྲུང་སྐྱོང་གནས་ཚུལ་ལ་ཞིབ་ཕྲས་རྒྱུས་ལོན་གནང་། ཁོང་གིས་བསྟན་དོན། རྟ་དཀར་དགོན་པས་ནང་བསྟན་ནང་ལོགས་སུ་སྤེལ་བ་དང་འཕེལ་རྒྱས་ཕྱིན་པ་མ་ཟད་མུ་མཐུད་དུ་ཀྲུང་གོ་ཅན་དུ་གྱུར་བའི་འཕེལ་རིམ་ལ་བདེན་དཔང་བྱས་ཡོད། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ནི་ཡང་དག་པ་ཡིན་པ་ལོ་རྒྱུས་ཀྱིས་བདེན་དཔང་བྱས་ཡོད་པས། ཧུར་ཐག་གིས་ཆོས་ལུགས་དང་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཕན་ཚུན་མཉམ་འདྲེས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་ཕན་ཚུན་འཕྲོད་མཐུན་ཡོང་བར་ཁྲིད་སྟོན་བྱེད་དགོས།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་ལུང་མོན་བྲག་ཁུང་དུ་རྟོག་ཞིབ་གནང་སྐབས། ཡུལ་སྐོར་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་ལུང་མོན་བྲག་ཁུང་དུ་རྟོག་ཞིབ་གནང་བའི་ཚུལ་རེད།

ཟླ5པའི་ཚེས19ཉིན་ནས་ཚེས20ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་དུ་རྟོག་ཞིབ་མཛད། འདི་ནི་ཚེས19ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ལུའོ་དབྱང་ལུང་མོན་བྲག་ཁུང་དུ་རྟོག་ཞིབ་གནང་སྐབས། ཡུལ་སྐོར་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱེད་པའི་ཚུལ་རེད།

ད་ལྟའི་བར་ལོ་ངོ1500ཡི་ལོ་རྒྱུས་ལྡན་པའི་ལུང་མོན་བྲག་ཁུང་ནི་འཛམ་གླིང་གི་རིག་གནས་ཤུལ་བཞག་གལ་ཆེན་ཡིན། ཞི་ཅིན་ཕིང་གནས་འདིར་ཕེབས་ནས། བྲག་ཁུང་གི་སྤྱིའི་ཁྱབ་ཚུལ་གྱི་རྣམ་པ་དང་འཐུས་ཚབ་རང་བཞིན་གྱི་བྲག་ཁུང་རྣམ་པ་དང་ལྷ་སྐུ་ལ་ལྟ་ཞིབ་གནང་བ་དང་། ཡུལ་དངོས་ཀྱི་རིག་དངོས་སྲུང་སྐྱོང་ལས་དོན་པ་དང་བྱམས་བརྩེའི་ངང་ཁ་བརྡ་བྱས། ཁོང་གིས་ནན་གྱིས་བསྟན་དོན། ཀྲུང་ཧྭའི་ཕུལ་བྱུང་ནོར་བུ་འདི་དག་སྲུང་སྐྱོང་དང་རྒྱུད་འཛིན། ཁྱབ་སྒྲོག་ལེགས་པོ་བྱེད་དགོས། ཡུལ་སྐོར་པས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་བ་ན་དགའ་སྤྲོ་ཆེན་པོ་རྒྱས་ནས་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ལ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་སྐབས་རེར་ཚང་མ་དང་ཁ་བརྡ་གནང་བ་དང་། ལྷག་པར་དུ་གྲོགས་པོ་ཆུང་ཆུང་ཚོ་ཡུལ་དངོས་སུ་བསྐྱོད་ནས་ཀྲུང་ཧྭའི་རིག་གནས་ལ་རྒྱུས་ལོན་བྱས་ཏེ། ཆུང་དུས་ནས་རིག་གནས་ཀྱི་ཡིད་རྟོན་འཛུགས་དགོས་པའི་སྐུལ་ལྕག་གནང་། ཁོང་གིས་བསྟན་དོན། རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་མདུན་ལྗོངས་རྒྱ་ཆེ་བས། རིག་གནས་ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གཙོ་རྟེན་ཐོན་ལས་དང་དམངས་འཚོ་ཐོན་ལས། བདེ་སྐྱིད་ཐོན་ལས་བཅས་དངོས་གནས་གསར་འཛུགས་བྱེད་དགོས།

ཚེས20ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་ནས། ཧོ་ནན་གྱི་ཕྱོགས་སོ་སོའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་མཛད་པ་མ་ཟད། རྗེས་ཕྱོགས་ཀྱི་བྱ་བར་བླང་བྱ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ཀྱི་ལྡོག་མེད་ཀྱི་བླང་བྱ་ཡིན། རྙོག་འཛིང་ཆེ་བའི་ཕྱི་རོལ་ཁོར་ཡུག་གི་མདུན་དུ་ཡིད་ཆེས་བརྟན་པོ་དང་། བློ་བརྟན་འགྱུར་མེད་ངང་རང་ཉིད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ་དང། བློ་བརྟན་འགྱུར་མེད་ངང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་ཆེར་བཏང་སྟེ། ལས་ཞུགས་བརྟན་ལྷིང་དང་། ཁེ་ལས་བརྟན་ལྷིང་། ཁྲོམ་ར་བརྟན་ལྷིང་། སྔོན་དཔག་བརྟན་ལྷིང་བཅས་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མིན་པའི་རང་བཞིན་སྣ་ཚོགས་ལ་ཁ་གཏད་གཅོག་དགོས། ཧོ་ནན་ནི་དཔལ་འབྱོར་ཞིང་ཆེན་ཆེན་པོ་ཞིག་ཡིན་པའི་ངོས་ནས། དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་དེ་སྔར་བས་སྲ་བརྟན་དུ་བཏང་ནས། ཚན་རྩལ་གསར་གཏོད་ཀྱིས་སྣེ་ཁྲིད་བྱས་ཏེ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་འཕེལ་རྒྱས་བཏང་སྟེ། དེང་རབས་ཅན་གྱི་ཐོན་ལས་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྨོ་ཞིང་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་པ་དང་། འབྲུ་རིགས་བདེ་འཇགས་ཀྱི་འགན་འཁྲི་བརྟན་པོར་འཁུར་བ། དེང་རབས་ཞིང་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་སྣུར་སྲིང་བཅས་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་བརྟེན་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་ཁྲིད་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཐུན་མོང་ཐོག་ཕྱུག་པོར་འགྱུར་བར་སྐུལ་འདེད་གཏོང་དགོས། འབབ་རྒྱུད་གཙོ་བོའི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཏིང་ཟབ་ཏུ་བཏང་སྟེ། སྐྱེ་ཁམས་བདེ་འཇགས་ཀྱི་འགོག་རགས་བརྟན་པོར་འཛུགས་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཧོ་ནན་མི་འབོར་གྱི་སྤྱི་འབོར་དང་། མི་འབོར་འདུས་ཚད། མི་འབོར་འཁོར་རྒྱུག་བྱེད་ཚད་བཅས་ཚང་མ་ཅུང་ཆེ་བ་དང་། སྤྱི་ཚོགས་གནད་དོན་རྙོག་འཛིང་ཆེ་ཞིང་སྣ་མང་ཡིན་པས། ངེས་པར་དུ་ཏན་ཏིག་ངང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཡོངས་ནས་ཏང་གི་སྣེ་ཁྲིད་དོན་འཁྱོལ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དཔལ་འབྱོར་སྒྲིག་འཛུགས་གསར་པ་དང་སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཁྱུ་ཚོགས་གསར་བའི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། མང་ཚོགས་ལ་ཞབས་འདེགས་ཞུ་བ་སྔར་བས་གཅིག་སྡུད་དང་། མང་ཚོགས་ཀྱི་ཁེ་ཕན་མཐུན་སྦྱོར་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཅས་བྱས་ཏེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་རེའི་གནད་དོན་བརྩེ་བ་ཟབ་མོས་ཐག་གཅོད་བྱེད་དགོས། གཞི་རིམ་དམ་འཛིན་དང་རྨང་གཞི་སྟོབས་ཆེར་གཏོང་བ། རྩ་བ་སྲ་བརྟན་དུ་གཏོང་བ་བཅས་འབུར་དུ་བཏོད་ནས། ཐོན་ཁུངས་དང་ཞབས་ཞུ། དོ་དམ་བཅས་ཀྱི་གཞི་རིམ་དུ་བྱིང་བར་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ཁག་གཞུང་ཕྱོགས་དང་མཐའ་མཚམས་སུ་སྤེལ་བར་འགན་ལེན་བྱ་དགོས། ཁྲིམས་སྐྱོང་དང་ཡིད་རྟོན་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཁྲིམས་སྐྱོང་གིས་སྤྱི་ཚོགས་བཅོས་སྐྱོང་ལ་ཚད་ལྡན་དང་འགན་སྲུང་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས། ཟོལ་མེད་ཡིད་རྟོན་ཀྱི་རིན་ཐང་ཁྲིད་སྟོན་ཇེ་དྲག་ཏུ་གཏོང་བ་དང་། སྲིད་གཞུང་གི་ཡིད་རྟོན་དང་ཁེ་ལས་ཀྱི་ཡིད་རྟོན། སྤྱི་ཚོགས་ཀྱི་ཡིད་རྟོན་བཅས་མཐོར་འདེགས་སུ་གཏོང་དགོས། ཉེན་ཁའི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་བཅོས་སྐྱོང་ལ་དོ་སྣང་དམ་ཟབ་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་སྤྱི་ཡོངས་ཀྱི་བཀག་སྡོམ་ལ་ཤུགས་སྣོན་བརྒྱབ་སྟེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་སྒོས་འགོག་ཟོན་དང་ཐག་གཅོད་བྱས་ནས། སྤྱི་ཚོགས་ཀྱི་འཆམ་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས། རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པས་རང་འགུལ་ངང་འགུལ་སྐྱོད་སྤེལ་ནས། སྤྱི་ཚོགས་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་ཁྲོད་གནས་བབ་གསར་པ་འོག་གི་ཏང་གི་མང་ཚོགས་བྱ་བའི་ཆོས་ཉིད་ཕྱོགས་བསྡོམས་བྱེད་རྒྱུར་མཁས་པ་དང་། སྤྱི་ཚོགས་ཀྱི་ཁྱུ་ཚོགས་མི་འདྲ་བའི་ཁྱད་ཆོས་ལ་དམིགས་ནས་ལས་དོན་ཞིབ་ཕྲ་དང་ཏན་ཏིག་ངང་སྤེལ་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཏན་ཏིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་། གཞི་རིམ་ལས་བྱེད་པས་བློ་ཁོག་ཆེན་པོས་ལས་ཀ་སྒྲུབ་པ་དང་སྙན་གྲགས་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ནས། མང་ཚོགས་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་བཅོས་སྐྱོང་ཁྲོད་ཀྱི་གནད་དོན་ཐག་གཅོད་བྱེད་པར་རྒྱབ་སྐྱོར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ནི་ཏང་ཀྲུང་དབྱང་གིས་ཡིད་རྟོན་འཛུགས་པའི་བྱ་སྤྱོད་ཅིག་ཡིན་ལ། དུས་རབས་གསར་པའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་མཚོན་རྟགས་རང་བཞིན་གྱི་བྱེད་ཐབས་ཞིག་ཀྱང་ཡིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ད་ལོའི་ཏང་འཛུགས་སྐྱོང་ལས་དོན་གྱི་གཙོ་གནད་ལས་འགན་ཡིན། སློབ་སྦྱོང་དང་ཞིབ་བཤེར། བཅོས་བསྒྱུར་བཅས་ཀྱི་གཞི་གཅིག་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་བྱས་ཏེ། ཏང་ཡོན་ལས་བྱེད་པ་མི་སྒེར་གྱི་བཤེར་འདོན་བཅོས་སྒྲིག་དང་རྩ་འཛུགས་ཀྱི་བཤེར་འདོན་བཅོས་སྒྲིག་ཟུང་འབྲེལ་དམ་ཟབ་བྱས་ཏེ། སྤྱོད་ཚུལ་གྱི་བླང་བྱ་གཙོ་བོ་དེ་བྱེད་ཐབས་དངོས་སུ་འགྱུར་བ་དང་། རྣོ་ལྕགས་ལྟ་བུའི་སྒྲིག་སྲོལ་དེ་འགྱུར་མེད་ཀྱི་སྒྲོམ་གཞིར་འགྱུར་བར་བྱས་ཏེ། སློབ་སྦྱོང་ལ་སྤུས་ཚད་དང་། ཞིབ་བཤེར་ལ་ནུས་ཤུགས། བཅོས་བསྒྱུར་ལ་ཕན་འབྲས་བཅས་ཡོད་པར་བྱེད་དགོས། སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ནན་ཏན་གྱིས་འགན་འཁྲི་བསྒྲུབ་དགོས་པ་དང་། ལས་དོན་གཙོ་གནད་དེ་གནད་དོན་ཐག་གཅོད་ལ་སྐུལ་འདེད་གཏོང་བའི་ཐད་བཞག་ནས། གནད་འཁེལ་མཛུབ་ཁྲིད་དང་དངོས་ཕན་དོན་གཉེར་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ད་ལོའི་ཚུན་དུ། རང་རྒྱལ་གྱི་ས་ཁུལ་སྐོར་ཞིག་ལ་ཐན་པའི་གནས་ཚུལ་ཐོན་པ་མ་ཟད་ལ་ལར་ད་དུང་རྒྱུན་མཐུད་ངང་ཐོན་བཞིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་གཞོགས་འདེགས་དམ་ཟབ་བྱས་ནས། ཆུ་སྤྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཆུ་མཁོ་འདོན་དང་ཞིང་ལས་ཆུ་འདྲེན་གྱི་དགོས་མཁོར་འགན་ལེན་བྱེད་དགོས། ཐན་པ་ཡོད་ན་ཞོད་སྐྱོན་ཡང་འབྱུང་སྲིད་པས། ཐན་ཞོད་ཀྱི་གནོད་སྐྱོན་སྔོན་འགོག་ནན་མོ་བྱེད་དགོས། ཆར་ཞོད་ཀྱི་དུས་སྐབས་བསླེབས་པས། ས་གནས་ཁག་གིས་ཞོད་འགོག་དང་ཆུ་ལོག་འགོག་པར་ངེས་པར་དུ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ། སྔོན་ཇུས་གང་ལེགས་དང་ཁ་གཏད་གཅོག་ཐུབ་པར་འགན་ལེན་བྱེད་དགོས། ཐོལ་བྱུང་ཤྭ་འོད་དང་འདམ་རྡོའི་ཆུ་རུད་སོགས་རང་བྱུང་གནོད་འཚེ་ཐོན་སླ་བའི་ས་ཁུལ་གྱིས་འཕྲལ་བསྟུན་ཐག་གཅོད་ཀྱི་འགན་འཁྲི་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས།

ཧོ་ལི་ཧྥེང་དང་དེ་བཞིན་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་རྟོག་ཞིབ་ལ་ཕེབས་རོགས་བྱས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གཉིས་པའི་འགན་འཁུར་བློ་མཐུན་སྙན་ཞུའི་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།