ཞི་ཅིན་ཕིང་གིས་ཧོ་ནན་ལུའོ་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་མཛད་པ།

ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས19ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་ནན་ཞིང་ཆེན་ལུའོ་དབྱང་གྲོང་ཁྱེར་དུ་རྟོག་ཞིབ་མཛད་དེ། སྔ་རྗེས་སུ་ལུའོ་དབྱང་འཁོར་རྟེན་སྡེ་ཚོགས་མ་རྐང་ཚད་ཡོད་ཀུང་ཟི་དང་རྟ་དཀར་དགོན་པ། ལུང་མོན་བྲག་ཁུང་སོགས་སུ་ཕེབས་ནས། ས་གནས་དེའི་སྔོན་ཐོན་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་དང་ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་བེད་སྤྱོད་ལ་ཤུགས་སྣོན། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། །

རྩོམ་སྒྲིག་པ། : ལྷ་ཆེན་རྒྱལ།