ཟླ5པའི་ཚེས16ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལའོ་ཏུང་ཁྲོན་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཚད་ཡོད་ཀུང་སི་རུ་སོང་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་། ཁེ་ལས་བཅོས་སྒྱུར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་དང་ཁེ་ལས་ཀྱི་འགན་ཁུར་པ་དང་ལྷན་དུ་བཞུགས་མོལ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱས་ཏེ། འགན་འཁྲི་ལྕི་མོ་ཕྲག་ཏུ་ལེན་པ་དང་། དངོས་སྒྲུབ་སྔོན་བརྩོན། སློབ་སྦྱོང་སློབ་གསོའི་དོན་དངོས་གྲུབ་འབྲས་བཅས་ལ་བརྟེན་ནས་ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལའོ་ཏུང་ཁྲོན་གྱིས་བསྟན་དོན། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཀྱིས་རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པའི་གཙོ་སྐྱོང་མཁན་དང་། དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཙོ་ཁྲིད་མཁན། དག་གཙང་ནུས་ཁུངས་ཐད་ཀྱི་ཕྱི་ཕྱོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་སྟེགས་བུ་གཙོ་བོ་བཅས་ཀྱི་འོས་འགན་གལ་ཆེན་ཕྲག་ཏུ་བླངས་ཡོད་པས། འགན་འཁྲི་ཁུར་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། བྱེད་ནུས་ངེས་ཤུགས་ཁོང་དུ་ཆུད་པར་བྱས་ནས། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་མྱུར་དུ་བསྐྲུན་པའི་ཁྲོད་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པར་བྱེད་དགོས།
ལའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། བསམ་བློའི་ངོས་ཟིན་དངོས་སུ་མཐོར་འདེགས་གཏོང་བ་དང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་སྒོས་སྤེལ་དགོས་ཤིང་། རྟིང་ཐག་ཆོད་པར་སློབ་པ་དང་། དཔེ་སྡུར་ཞིབ་བཤེར། ཇི་མ་ཇི་བཞིན་དག་ཐེར་བྱེད་དགོས་ལ། སློབ་སྦྱོང་དང་ཞིབ་བཤེར། དག་ཐེར་བཅས་ལ་གཞི་གཅིག་ཏུ་སྐུལ་འདེད་བཏང་ནས། སློབ་སྦྱོང་ལ་སྤུས་ཚད་ཡོད་པ་དང་། ཞིབ་བཤེར་ལ་ནུས་ཚད་ཡོད་པ། དག་ཐེར་ལ་གྲུབ་འབྲས་ལྡན་པར་ཁག་ཐེག་བྱས་ཏེ། སྤྱོད་ཚུལ་ལེགས་པོར་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་ལས་སྒྲུབ་ལས་གཏོད་བྱས་ཏེ་མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཇེ་རྒྱས་ཇེ་ལེགས་དང་དར་རྒྱས་གོང་འཕེལ་འགྲོ་བར་སྐུལ་འདེད་བཟང་པོ་གཏོང་དགོས། རང་འགུལ་གྱིས་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ཁྲོད་འདྲེས་པར་བྱས་ཏེ། འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་པ་དང་། སྲོག་ཤིང་ཁྱབ་ཁོངས་གཙོར་འཛིན་པ། བཅོས་སྒྱུར་གསར་གཏོད་རྒྱུན་འཁྱོངས་བྱེད་པ། འཆར་འགོད་སྣེ་ཁྲིད་ཤུགས་དྲག་ཏུ་གཏོང་བ། གཙོ་རྒོལ་ཁ་ཕྱོགས་ཡང་དག་པར་འཚོལ་བ་དང་། འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། ཁེ་ལས་དོ་དམ་བྱ་བ་ནན་མོར་འཛིན་པ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས། འབད་པ་ཆེན་པོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་དེ་ཁེ་ལས་ཀྱི་བྱེ་བྲག་གི་འཕེལ་རྒྱས་འཐབ་ཇུས་དང་འགུལ་སྐྱོད་ཇུས་གཞི། བྱ་བའི་བྱེད་ཐབས་སུ་བསྒྱུར་དགོས། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་སོ་སོས་ཞིང་ཆེན་ཡོངས་བསམ་བཀོད་གཅིག་གི་འདུ་ཤེས་བརྟན་པོར་བཙུགས་ཏེ། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། རང་འགུལ་གྱིས་ཞབས་ཞུ་གང་ལེགས་སྒྲུབ་པ་དང་རྒྱབ་སྐྱོར་ནུས་ཚད་ཆེ་རུ་གཏོང་བ། རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་ཏུ་བཏང་ནས། མཚོ་སྔོན་ཞིང་ཆེན་དག་གཙང་ནུས་ཁུངས་ཐོན་ལས་འཕེལ་རྒྱས་སྡེ་ཚོགས་ཀྱིས་དག་གཙང་ནུས་ཁུངས་ཁྱབ་ཁོངས་སུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་འབྱུང་བར་མཉམ་དུ་སྐུལ་འདེད་གཏོང་དགོས།
ཀྲང་ཅིན་ཀང་དང་། ལིའུ་ཁྲའོ་གཉིས་རྟོག་ཞིབ་བཞུགས་མོལ་ལ་ཞུགས།