གསར་འགོད་པས་སྤྱི་ཚེས་12ཉིན་ཚོང་དོན་པུའུ་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་2025ལོའི་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་322.5ཟིན་ཡོད་པ་རེད།
སྤྱི་ལོ་2024ལོར་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་ནས་བཟུང་ཁ་གསབ་རེ་ཞུ་བྱེད་ཚད་ཁྲི་1000ལས་བརྒལ་ཡོད། རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁ་གསབ་སྲིད་ཇུས་ཀྱིས་རླངས་འཁོར་འཛད་སྤྱོད་རྒྱུན་མཐུད་ངང་འཕར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་སྟེ། འདི་ལོའི་སྤྱི་ཟླ་1པོ་ནས་4པའི་བར་རྒྱལ་ནང་གི་རླངས་འཁོར་སིལ་ཚོང་བྱེད་ཚད་ཁྲི་687.2ཟིན་པ་དེ་དུས་མཚུངས་ལས་7.9%འཕར་ཡོད།
གཞན་ཡང་ལྗང་མདོག་རིག་ནུས་འཛད་སྤྱོད་ཀྱི་ཐོན་རྫས་གསར་པར་འཛད་སྤྱོད་པས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་དེ། འདི་ལོ་རླངས་འཁོར་རྙིང་ཚབ་གསར་བརྗེའི་ཁྲོད་ནུས་རྒྱུ་གསར་པའི་རླངས་འཁོར་གྱིས་བཟུང་བའི་བསྡུར་ཚད་53%ལས་བརྒལ་ཡོད། སྤྱི་ཟླ་1ནས་4བར་ནུས་རྒྱུ་གསར་པའི་འགྲུལ་སྐྱེལ་རླངས་འཁོར་བསྡོམས་འབོར་ཁྲི་332.4སིལ་ཚོང་བྱས་པ་དེ་དུས་མཚུངས་ལས་35.7%འཕར་ཡོད།
ཐོན་ཁུངས་འཁོར་རྒྱུགས་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད་དེ། འདི་ལོའི་གོང་གི་ཟླ་བ་བཞིའི་ནང་བེད་མེད་རླངས་འཁོར་ཚུར་བསྡུ་བྱེད་ཚད་ཁྲི་276.7ཟིན་པ་དེ་དུས་མཚུངས་ལས་65%འཕར་ཡོད་པ་རེད།