ཟླ5པའི་ཚེས8ཉིན། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་པད་ཁོ་གྲོས་ཚོགས་སུ་ཞུགས་པ་མ་ཟད་གཏམ་བཤད། གྲོས་ཚོགས་ལས་རྒྱལ་ཡོངས་ཀྱི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་བརྗོད་དོན་གཙོ་བོའི་བཞུགས་མོལ་ཚོགས་འདུ་སོགས་ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་། སྤྱི་ཚོགས་རིམ་གྲས་མི་འདྲ་བའི་ཁྱབ་ཁོངས་ཀྱི་འཐུས་མི་ལྔ་ཡིས་བརྗེ་རེས་གཏམ་བཤད་སྤེལ།
གྲོས་ཚོགས་ལས་བསྟན་དོན། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་འོག རང་ཞིང་གི་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་བྱ་བར་གྲུབ་འབྲས་མངོན་གསལ་བླངས་ཡོད། 2025ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཆར་འགོད་མཇུག་བསྒྲིལ་བའི་ལོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པས། སྤྱི་ཚོགས་རིམ་གྲས་གསར་པ་ཚུད་པའི་རྒྱ་ཆེའི་འཐབ་ཕྱོགས་གཅིག་གྱུར་གྱི་ཁོངས་མིས་སེམས་ཤུགས་གཅིག་སྒྲིལ་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཚོ་སྔོན་འཕེལ་རྒྱས་ཡར་ཐོན་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣས་ཐོག་མཐའ་བར་གསུམ་དུ་ཏང་ཀྲུང་དབྱང་དང་མཉམ་དུ་ཡོད་ཚད་འབད་པས་སྒྲུབ་དགོས། རང་རྒྱལ་གྱི་རིམ་གྲས་འབྲེལ་བ་འཆམ་མཐུན་དང་བརྟན་བརླིང་ཡོང་བར་བྱེད་པའི་སྤྱི་ཡོངས་ཀྱི་རྣམ་པར་ངོས་འཛིན་གང་ལེགས་བྱས་ཏེ། བྱ་བའི་ཁྱབ་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་བྱེད་པ། ནུས་ཤུགས་ཡོད་རྒུས་མཐུན་སྒྲིལ་སྣེ་ཁྲིད་ལ་ཤུགས་བསྣན་ནས། ཐུན་མོང་གིས་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཁྱད་སྟོབས་འདོན་སྤེལ་གྱི་ནུས་པར་ཞབས་འདེགས་ཞུ་བའི་གནས་ཡང་དག་པར་འཚོལ་བ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། ལྗང་མདོག་རྩིས་ནུས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་གླེང་གྲོས་འགོ་ཧུར་ཐག་གིས་འདོན་དགོས། རང་ངོས་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། མཛའ་འབྲེལ་རྩ་འཛུགས་འཛུགས་སྐྲུན་བྱ་རྒྱུར་མཐོང་ཆེན་བྱེད་པ། འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། ཧུར་ཐག་གིས་ཏང་གིས་སྤྱི་ཚོགས་རིམ་གྲས་གསར་པའི་མི་སྣར་མཐུན་སྒྲིལ་བྱ་རྒྱུར་བྱས་རྗེས་འཇོག་དགོས།
ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་ཞིང་ཆེན་གྱི་སྤྱི་ཚོགས་རིམ་གྲས་གསར་པ། གྲོང་ཁྱེར་དང་ཁུལ་སོ་སོའི་སྤྱི་ཚོགས་རིམ་གྲས་གསར་པ་བཅས་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས།