ཀྲུང་དབྱང་ཏང་འཛུགས་ལས་དོན་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་བཀོད་སྒྲིག་ལྟར་དུ། ཟླ5པའི་ཚེས9ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་དང་པོས་མཚོ་སྔོན་དུ་མཛུབ་སྟོན་ལྟ་སྐུལ་སློབ་སྟོན་བྱེད་པའི་ཐུག་འཕྲད་གྲོས་ཚོགས་འཚོགས་པ་དང་། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་དང་པོའི་ཚན་གཙོ་ལིས་ཅིན་པེན་གྱིས་གཏམ་བཤད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། མཛུབ་སྟོན་ལྟ་སྐུལ་སློབ་སྟོན་བྱ་བའི་ལས་འགན་དང་སྤྱིའི་བཀོད་སྒྲིག་བསྒྲགས་པར་མ་ཟད། མཛུབ་སྟོན་ཚན་ཆུང་གི་ལས་དོན་ལ་གཞོགས་འདེགས་བྱེད་དགོས་པའི་བླང་བྱ་བཏོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཚོགས་འདུར་མགོ་འཛིན་བྱས་ཏེ་གཏམ་བཤད།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོགས་འདུར་ཞུགས། ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་དང་པོའི་ཁོངས་མི་ཡོངས་ཚོགས་འདུར་ཞུགས།
ལིས་ཅིན་པེན་གྱིས་ཏང་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་སྤེལ་བ་ནི། ད་ལོའི་ཏང་འཛུགས་ལས་དོན་གྱི་གཙོ་གནད་ལས་འགན་ཡིན། ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་མངགས་པའི་ཆབ་སྲིད་བསམ་གཞིགས་ལ་ངོས་འཛིན་ཟབ་མོ་བྱས་ཏེ། མཛུབ་སྟོན་ལྟ་སྐུལ་སློབ་གསོའི་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་རྒྱུ་དེ་ནི། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་རང་རྟོགས་སྒོས་ཚད་མཐོའི་གཅིག་མཐུན་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པའི་ཆབ་སྲིད་ཀྱི་ཞིབ་བཤེར་ཞིག་ཏུ་བརྩི་དགོས། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་གཅིག་གྱུར་ཡོང་བར་བྱས་ནས། གནད་འཁེལ་ཤུགས་འདོན་དང་རྒྱུན་མཐུད་ཤུགས་འདོན་བྱས་ཏེ། རྒྱུན་ལྡན་གྱི་འཚོ་བ་དང་མཉམ་འདྲེས་བྱེད་པ་དང་རྒྱུན་གཏན་ཅན་དུ་འགྱུར་བར་དམ་འཛིན་བྱས་ནས། རང་གིས་རང་ལ་གནོན་ཤུགས་སྟེར་རྒྱུ་དང་གནོན་ཤུགས་ཆེ་རུ་གཏོང་བ། དཀའ་ངལ་ཅི་རིགས་ལ་གདོང་གཏོད་ཕོད་པ། སློབ་སྦྱོང་སློབ་གསོ་དམ་འཛིན་བྱེད་པའི་འགན་འཁྲིའི་འདུ་ཤེས་དང་ཉེན་ཚབས་ཀྱི་འདུ་ཤེས་མངོན་སུམ་གྱིས་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
ལིས་ཅིན་པེན་གྱིས་ཀྲུང་དབྱང་གི་མཛུབ་སྟོན་ཚན་ཁག་དང་པོས་ཏང་ཀྲུང་དབྱང་གིས་གཏན་ཁེལ་གསལ་པོ་བྱས་པའི་འགན་འཁྲི་དང་ལས་འགན་ནན་མོར་ཁུར་ནས། མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་དམ་པོར་བརྟེན་ཏེ། འགན་འཁྲི་ནན་མོ་དང་དངོས་སྒྲུབ་མཐའ་འཁྱོལ་གྱི་བསམ་ཕྱོགས་བཟུང་ནས། ཀྲུང་དབྱང་གི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ཐོན་པར་བྱེད་རྒྱུ་དང་། གནད་དོན་འབུར་ཐོན་ཅན་གནད་ལ་འཁེལ་བའི་སྒོ་ནས་འཚོལ་བ། དག་ཐེར་བཅོས་སྐྱོང་དམ་འཛིན་ནན་མོ་བྱེད་པ། རང་ངོས་རང་བཅོས་ཀྱི་བྱེད་ཕྱོགས་སྤྱོད་པ། ཐད་ཀའི་སློབ་གསོ་དང་། ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་སོགས་ཀྱི་ལས་དོན་ལ་ལྟ་སྐུལ་ཁྲིད་སྟོན་ནན་མོ་བྱས་ཏེ། ལས་དོན་ཁག་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་འགན་ལེན་བྱེད་དགོས། མཚོ་སྔོན་ཞིང་ཆེན་ཏང་ཨུས་ནུས་ཤུགས་ཡོད་རྒུས་མཛུབ་སྟོན་ལྟ་སྐུལ་སློབ་སྟོན་བྱ་བར་གཞོགས་འདེགས་དང་རྒྱབ་སྐྱོར་བྱས་ཏེ། གནད་དོན་འབུར་ཐོན་ཅན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས། གནད་དོན་གཅིག་ལ་ལན་མཉམ་དུ་འདེབས་རྒྱུ་རྒྱུན་འཁྱོངས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་ལས་འགན་སོ་སོ་ཡོངས་འགྲུབ་བྱེད་དགོས་པའི་རེ་བ་བཏོན།
ཝུའུ་ཞའོ་ཅུན་གྱིས་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་མཛུབ་སྟོན་ཚན་ཁག་ཆེད་དུ་མངགས་ནས། རང་རེའི་ཞིང་ཆེན་གྱི་སློབ་སྦྱོང་སློབ་གསོར་མཛུབ་སྟོན་ལྟ་སྐུལ་སློབ་སྟོན་གནང་བ་འདིའི་སྟེང་ནས། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཚོ་སྔོན་གྱི་ལས་དོན་ལ་མཐོང་ཆེན་བླ་མེད་དང་ཐུགས་ཁུར་ཟབ་བཞེས་གནང་གིན་པ་གང་ལེགས་སྒོས་མཚོན་ཐུབ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་ཆུད་པར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པའི་མཐོ་ཚད་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་མོ་བྱས་ནས། སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་དགོས། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་དང་པོའི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ནས། ནུས་ཤུགས་ཡོད་རྒུས་ཆབ་སྲིད་ཀྱི་གནས་བབ་སྔར་ལས་ཇེ་མཐོར་གཏོང་རྒྱུ་དང་། ཆབ་སྲིད་ཀྱི་འགན་འཁུར་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ། ཀྲུང་དབྱང་མཛུབ་སྟོན་ཚན་ཁག་གི་མཛུབ་སྟོན་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱེད་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། མཛུབ་སྟོན་ལྟ་སྐུལ་སློབ་སྟོན་གྱི་གོ་སྐབས་ལ་གཅེས་སྤྲས་ཆེན་པོ་བྱས་ཏེ། སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་དང་ཐོན་ལས་འཛུགས་སྐྲུན་གྱི“གནས་བཞི”མགྱོགས་མྱུར་ངང་བསྐྲུན་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་ལས་ལེགས་པའི་སྒོ་ནས་གཅིག་སྡུད་བྱེད་དགོས་ཞེས་བསྟན།