ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་དུ་རྟོག་ཞིབ་བྱས།

ཡོང་ཁུངས། གངས་ལྗོངས་མེ་ལོང་།

ཟླ5པའི་ཚེས8ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་ཞིང་ཆེན་ཏང་ཨུའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་བྱ་བའི་ཆེད་ཚན་དུ་སོང་ནས། སློབ་སྦྱོང་སློབ་གསོ་བྱ་བ་སྤེལ་བའི་གནས་ཚུལ་ལ་རྟོག་ཞིབ་བྱས་པ་དང་། ཆེད་ཚན་གྱི་ལས་བྱེད་མི་སྣར་འཚམས་འདྲི་བྱས། ཁོས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་རེ་བ་དོན་འཁྱོལ་ནན་མོ་བྱེད་པ། སློབ་སྦྱོང་སློབ་གསོ་ནན་ཏན་སྒོས་སྤེལ་ནས། སློབ་སྦྱོང་གི་རྒྱུ་སྤུས་བཟང་བ་དང་ཞིབ་བཤེར་ལ་ནུས་ཤུགས་ལྡན་པ། དག་ཐེར་ལེགས་བཅོས་ལ་གྲུབ་འབྲས་ལྡན་པར་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་འབྲེལ་འདྲིས་མཛུབ་སྟོན་ཚན་ཁག་དང་དག་ཐེར་བཅོས་སྐྱོང་ཚན་ཁག དྲིལ་སྒྲོག་ཚན་ཁག་བཅས་ཀྱི་ལས་བྱེད་མི་སྣ་དང་བརྗེ་རེས་ཟབ་མོ་བྱས་པ་དང་། རེའུ་མིག་རྩིས་ཐོར་ལྟ་ཞིབ་ཞིབ་མོ་བྱས་ལ། སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་ནས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་ན། གནད་དོན་བཤེར་འཚོལ་བྱེད་རྒྱུ་ནི་གནད་འགག་ཡིན་པ་དང་། གནད་དོན་དག་ཐེར་ལེགས་བཅོས་བྱེད་རྒྱུ་ནི་མཇུག་འབྲས་ཡིན་པས། གནད་དོན་གསར་པ་དང་གནད་དོན་རྙིང་བའི་འབྲེལ་བར་གོ་བ་ཟབ་མོ་ལེན་པ་དང་། དུས་ཐོག་ཏུ་ཕྱོགས་ལྷུང་རང་བཞིན་དང་མཚོན་བྱེད་རང་བཞིན་ལྡན་པའི་གནད་དོན་འཚོལ་བ། སྟོབས་ཤུགས་ཆེན་པོ་བཏོན་ནས་འབུར་ཐོན་དཀའ་གནད་ཐག་གཅོད་བྱེད་པ་དང་། གཅིག་ཤེས་ཀུན་གྲོལ་གྱིས་རིགས་སྣ་གཅིག་པའི་གནད་དོན་ཐག་གཅོད་དགོས།

ཆེད་ཚན་གྱི་བྱ་བའི་གནས་ཚུལ་ཐད་ཀྱི་ཡར་ཞུ་ལ་ཉན་རྗེས། ཝུའུ་ཞའོ་ཅུན་གྱིས་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཚང་མས་འབད་བརྩོན་ལྷོད་མེད་བྱས་པར་བཀའ་དྲིན་ཞུས། ཁོས་ནན་གྱིས་བསྟན་དོན། སློབ་སྦྱོང་སློབ་གསོ་སྤེལ་རྒྱུ་ནི་ད་ལོའི་ཏང་འཛུགས་བྱ་བའི་ལས་འགན་གཙོ་བོ་ཡིན་པ་དང་། ཆེད་ཚན་གྱི་བྱ་བའི་འགན་འཁྲི་ཧ་ཅང་ལྕི་བས། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་གཏོང་བ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་འགན་འཁྲི་འདུ་ཤེས། ལོ་རྒྱུས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཆབ་སྲིད་བརྡར་གཅོད་ཀྱི་ནུས་པ་དང་ཆབ་སྲིད་ཤེས་རྟོགས་ཀྱི་ནུས་པ། ཆབ་སྲིད་ལག་བསྟར་གྱི་ནུས་པ་མཐོར་འདེགས་བཏང་སྟེ། འགན་ནན་མོར་ཁུར་བའི་རྣམ་འགྱུར་དང་བསམ་པའི་རྣམ་པ་བཟང་བོས་ཆབ་སྲིད་ཀྱི་མཛུབ་སྟོན་དང་གནས་ཚུལ་ཕྱོགས་བསྡུས་བྱེད་པ། རྩ་འཛུགས་ཀྱིས་ཞབས་འདེགས་ཞུ་བ་དང་ལག་བསྟར་ལ་སྐུལ་འདེད་གཏོང་བའི་བྱ་བ་སྣ་ཚོགས་ལ་སྐུལ་འདེད་གཏོང་དགོས། གཅིག་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། སྤྱི་ཁོག་ལ་དམིགས་པ་དང་གཙོ་གནད་དམ་འཛིན་དང་དུས་རིམ་ཁོང་དུ་ཆུད་པར་བྱེད་པ་དང་། གོང་འོག་གཡས་གཡོན་གྱི་མཐུན་སྦྱོར་སྦྲེལ་མཐུད་དམ་ཟབ་ཏུ་གཏོང་བ། ཡོངས་སུ་ཁེབས་པར་བྱེད་པ་དང་ཕྱོགས་ཡོངས་ནས་འབྲེལ་མཐུད་བྱེད་པ། རེ་བ་ཆེས་གསར་པ་དང་འགུལ་རྣམ་ཆེས་གསར་པ། ཁྱད་ཆོས་བྱེད་ཐབས་བཅས་ཁོང་དུ་ཆུད་པར་བྱེད་པ། དུས་ཚོད་དང་པོའི་ནང་ཡར་ཞུ་རྗེས་འདེད་བྱེད་པ་དང་རྒྱུས་ལོན་དཔེ་ལྟ་བྱས་ནས། ཞིང་ཆེན་ཡོངས་བསམ་བཀོད་གཅིག་ལག་བསྟར་བཟང་བོ་བྱེད་དགོས། དྲང་ལྡོག་ཕྱོགས་ཀྱི་དཔེ་མཚོན་དམ་འཛིན་བྱེད་པ་དང་། དྲང་ཕྱོགས་ཀྱི་སྣེ་ཁྲིད་དང་ལྡོག་ཕྱོགས་ཀྱི་ཉེན་བརྡ་གཉིས་ཟུང་འབྲེལ་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ། དྲང་ཕྱོགས་ཀྱི་ཚད་ཤིང་གདམ་འཛུགས་བྱས་ནས་དཔེ་སྟོན་གྱི་ཕན་འབྲས་ཇེ་དྲག་ཏུ་གཏོང་བ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པའི་དྲང་ཕྱོགས་ནུས་ཚད་དར་སྤེལ་གཏོང་བ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་དཔེ་མཚོན་གྱོད་གཞིར་དབྱེ་ཞིབ་བྱེད་པ། གྱོད་གཞིའི་བསླབ་བྱ་བླངས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་འགོག་རགས་བརྟན་པོ་འཛུགས་དགོས། རིགས་དབྱེ་ནས་མཛུབ་སྟོན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གཞི་རིམ་རྩ་འཛུགས་ཀྱི་མིག་སྔར་ཁ་ཚ་དགོས་གཏུག་གིས་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙིགས་སུ་འཛིན་པ། དེའི་ཁྲོད་ནས་ཐུན་མོང་རང་བཞིན་གྱི་གནད་དོན་དང་དག་ཐེར་ལེགས་བཅོས་ཀྱི་གཙོ་གནད་འཚོལ་བ། ཁ་གཏད་རང་བཞིན་ལྡན་པའི་སྒོ་ནས་ཐབས་ཇུས་དང་བསམ་འཆར་འདོན་པ། སྡེ་ཁག་དང་ས་གནས་ཀྱི་གཙོ་གཞིའི་འགན་འཁྲི་གཏན་ཁེལ་གསལ་བོ་བྱས་ནས། མགོ་ཁུངས་དང་རྩ་བ་ནས་གནད་དོན་ཐག་གཅོད་པར་སྐུལ་འདེད་གཏོང་དགོས། ཕྱི་ཚུལ་རིང་ལུགས་འགོག་གང་ཐུབ་བྱེད་པ་དང་། ཁྲལ་འཇལ་བ་ཙམ་དང་འགག་ལས་ཐར་བ་ཙམ་གྱི་སེམས་པ་མཐའ་གཅིག་ཏུ་མེད་པར་བྱེད་པ། ངོ་གཉིས་མའི་སྣང་ཚུལ་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་པ། སློབ་སྦྱོང་བརྒྱུད་དེ་སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་བཏང་སྟེ། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ཐག་གཅོད་པ་དང་དུས་བཀག་ལྟར་ད་ལོའི་དམིགས་འབེན་དང་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱེད་པའི་ཁྲོད་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་ལ་ཞིབ་དཔྱད་རྩིས་ལེན་བྱེད་དགོས།

ལིའུ་ཆི་ཧྥན་དང་ཀྲའོ་ཡུའེ་ཞ། ཀྲུའུ་ཞང་ཧྥིན་བཅས་རྟོག་ཞིབ་ལ་ཞུགས།

རྩོམ་སྒྲིག་པ། : ཁོན་ཐར་འཚོ།