ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། གསར་འགྱུར།
ཞི་ཅིན་ཕིང་གིས་ཀྲུང་གོའི་མཁའ་འགྲུལ་སྒུལ་འཁོར་སྐྱ་རེངས་སྒུལ་འཁོར་སྒྲིག་སྦྱོར་བཟོ་གྲྭའི་ལིས་ཀྲི་ཆང་འཛིན་གྲྭའི་ལས་བཟོ་པར་འཕྲིན་ལན་བསྐུར་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།
ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-03 10:40:29

ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་དགུ་པའི་ཚེས་གཅིག་ཉིན་ཀྲུང་གོའི་མཁའ་འགྲུལ་སྒུལ་འཁོར་སྐྱ་རེངས་སྒུལ་འཁོར་སྒྲིག་སྦྱོར་བཟོ་གྲྭའི་ལིས་ཀྲི་ཆང་འཛིན་གྲྭའི་ལས་བཟོ་པར་འཕྲིན་ལན་བསྐུར་ནས། མཁའ་འགྲུལ་སྒུལ་འཁོར་གྱི་ཞིབ་འཇུག་གསར་སྤེལ་བྱ་བའི་ཐད་ཐུགས་རེ་ནན་མོ་བཏོན།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུངས་དོན། ཁྱོད་ཚོས་བསྐུར་བའི་འཕྲིན་ཡིག་མཐོང་ནས་བདག་གིས་ལོ་ངོ་བཅུའི་ཡར་སྔོན་ཚང་མ་དང་མཉམ་དུ་འཁོར་ཁང་ནས་བསམ་ཚུལ་བརྗེ་རེས་བྱས་པའི་རྣམ་པ་དེ་ཡིད་ལ་དྲན་བྱུང་། ལོ་འདི་འགའི་རིང་ལ། ཀྲུང་གོའི་མཁའ་འགྲུལ་སྒུལ་འཁོར་གྱི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་སྟེ། རང་བདག་གསར་གཏོད་འཕེལ་རྒྱས་ཀྱི་ལམ་བུ་གསར་བ་ཞིག་འཚོལ་ཞིབ་བྱས་ནས། མཁའ་འགྲུལ་སྒུལ་འཁོར་གྱི་ཞིབ་འཇུག་གསར་སྤེལ་འཐབ་ཕྱོགས་ཀྱི་བློ་མཐུན་ཚོས་དོན་དེའི་ཆེད་དུ་རྔུལ་ཁྲག་མང་བོ་བཏོན་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། མཁའ་འགྲུལ་སྒུལ་འཁོར་ནི་རྒྱལ་ཁབ་ཀྱི་ཐོན་རྫས་གལ་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་ཚན་རྩལ་སྟོབས་ཤུགས་དང་གསར་གཏོད་ནུས་པའི་མཚོན་བྱེད་གལ་ཆེན་ཞིག་ཡིན། ཁྱོད་ཚོས་འགན་འཁྲིའི་འདུ་ཤེས་ཡིད་ལ་དམ་པོར་བཅངས་ཤིང་། མཁའ་འགྲུལ་ལས་རྒྱལ་ཁབ་ལ་དྲིན་གཟོ་བྱེད་པའི་སེམས་འདུན་བརྟན་པོས། ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་བཟོ་བའི་སྙིང་སྟོབས་དར་སྤེལ་བྱས་ཏེ། ཧུར་ཐག་སྒོས་གནད་འགག་གི་སྲོག་ཤིང་ལག་རྩལ་སྔར་ལས་མང་བོ་འགག་སྒྲོལ་བྱེད་པ་དང་། མཁའ་འགྲུལ་སྒུལ་འཁོར་གྱི་རང་བདག་ཞིབ་འཇུག་གསར་སྤེལ་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ཀྲུང་གོའི་གནམ་གྲུས་སྔར་ལས་སྟོབས་དང་ལྡན་པའི་ཀྲུང་གོའི་སྒུལ་འཁོར་བཀོལ་ཏེ། མཁའ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་། ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས།

སྐྱ་རེངས་སྒུལ་འཁོར་སྒྲིག་སྦྱོར་བཟོ་གྲྭ་དེ་ཀྲུང་གོའི་མཁའ་འགྲུལ་སྒུལ་འཁོར་སྡེ་ཚོགས་ཀྱི་ཧྲིན་དབྱང་སྐྱ་རེངས་ཀུང་ཟིའི་ཁོངས་སུ་གཏོགས་ཤིང་། གཅིག་སྟོང་དགུ་བརྒྱ་ང་བཞི་ལོར་ཀུང་ཟི་འཛུགས་སྐབས་སྒུལ་འཁོར་སྒྲིག་སྦྱོར་འཛིན་གྲྭ་རྩ་འཛུགས་བྱས་པ་དང་། ཉིས་སྟོང་བཅུ་གསུམ་ལོའི་ཚུན་ལ་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་པའམ། རྒྱལ་ཡོངས་ཀྱི་ལག་རྩལ་འཇོན་ནུས་ཅན་ལིས་ཀྲི་ཆང་གི་མིང་ཡང་བསྐྱར་འཛིན་གྲྭ་དེའི་མིང་དུ་བཏགས། ཉིས་སྟོང་བཅུ་གསུམ་ལོའི་ཟླ་བརྒྱད་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲིན་དབྱང་སྐྱ་རེངས་ཀུང་ཟིར་རྟོག་ཞིབ་བྱེད་སྐབས། ལིས་ཀྲི་ཆང་འཛིན་གྲྭའི་ལས་བཟོ་བར་སྙིང་ཉེ་བའི་ངང་བསམ་ཚུལ་བརྗེ་རེས་མཛད། ཉེ་སྔོན། ལིས་ཀྲི་ཆང་འཛིན་གྲྭའི་ལས་བཟོ་བའི་འཐུས་མི་བརྒྱད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ཏེ། ལོ་ངོ་བཅུའི་རིང་ལག་རྩལ་གསར་གཏོད་ལ་ཤུགས་སྣོན་པ་དང་མཁའ་འགྲུལ་སྒུལ་འཁོར་གྱི་ཞིབ་འཇུག་གསར་སྤེལ་ལ་སྐུལ་འདེད་གཏོང་བའི་ཐད་ནས་བླངས་པའི་གྲུབ་འབྲས་སྙན་ཞུ་བྱས་ནས། མཁའ་འགྲུལ་གྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་བའི་ཆོད་སེམས་མཚོན་པར་བྱས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཞི་ཅིན་ཕིང་གིས་ཀྲུང་གོའི་མཁའ་འགྲུལ་སྒུལ་འཁོར་སྐྱ་རེངས་སྒུལ་འཁོར་སྒྲིག་སྦྱོར་བཟོ་གྲྭའི་ལིས་ཀྲི་ཆང་འཛིན་གྲྭའི་ལས་བཟོ་པར་འཕྲིན་ལན་བསྐུར་ནས་ཆུ་ཚད་མཐོ་བའི་ཚན་རྩལ་གྱི་རང་སྟོབས་རང་སྤེལ་མངོན་འགྱུར་བྱེད་པར་སྟོབས་ཤུགས་འབུལ་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།