བོད་ཀྱིས་བུད་མེད་ཀྱི་ཆེད་དོན་ལས་ མི་བསྡུ་བའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར།

    འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་བུད་མེད་ཀྱི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་བ་རེད།

     བྱེད་སྒོ་སྤེལ་ཡུལ་དུ་བུད་མེད་ལས་ཀ་འཚོལ་མཁན་མང་པོས་ཁེ་ལས་ཁག་གི་འགྲེམས་གནས་དབར་ཕར་འགྲོ་ཚུར་འོང་བྱས་ནས་ལས་མི་བསྡུ་བའི་ཆ་འཕྲིན་ནན་ཏན་ངང་ལྟ་བ་དང་ཆབས་ཅིག་ལས་མི་བསྡུ་མཁན་དང་སྤེལ་རེས་གཏིང་ཟབ་བྱས་ནས་ལས་གནས་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱེད་བཞིན་འདུག་པས་ས་ཡུལ་དངོས་སུ་འཁྲུག་ཆ་ཤིན་ཏུ་དོད།

     ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལས་མི་བསྡུ་བའི་བྱེད་སྒོར་ཁེ་ལས་60ཙམ་གདན་དྲངས་ནས་ལས་གནས་ཁྱོན་824མཁོ་འདོན་བྱས་པའི་ནང་མཐོ་སློབ་སློབ་ཐོན་སློབ་མར་འཚམ་པའི་ལས་གནས་375ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་མི་སྣར་འཚམ་པའི་ལས་གནས་449ཡོད་ཅིང་། བྱེད་སྒོར་ད་དུང“དྲ་ཐོག་དང་དྲ་ཕྱི”ཟུང་དུ་འབྲེལ་ནས་དྲ་རྒྱའི་ཐད་གཏོང་བརྒྱུད་ལས་གནས་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་ཏེ་ས་ཆ་དངོས་ལ་ཡོང་མ་ཐུབ་པའི་ལས་ཀ་འཚོལ་མཁན་ལའང་སྟབས་བདེ་བསྐྲུན་ཡོད།

རྩོམ་སྒྲིག་པ། : ཨ་གཡང་སྐྱིད།